སློབ་གསོ་པུའུ་ཡིས་ལུས་རྩལ་དགེ་རྒན་ལ་རིག་ཚན་གཞན་དག་གི་དགེ་རྒན་དང་འདྲ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་འོས་པར་བསྟན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་ནས་ཤེས་གསལ་ལྟར་ན། ཉེ་སྔོན་སློབ་གསོ་པུའི《དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་འགའི་བརྡ་སྦྱོར》(གཤམ་དུ་བསྡུས་མིང་ལ《བརྡ་སྦྱོར》ཟེར)པར་འགྲེམས་བྱས། ཡིག་ཆ་དེའི་ནང་དུ“ལུས་རྩལ་དགེ་རྒན་གྱི་སློབ་རྒྱུས་ངེས་པར་དུ་ལུས་རྩལ་ཆེད་ལས་ཡིན་དགོས”པ་དང“ལུས་རྩལ་དགེ་རྒན་གྱིས་རིག་ཚན་གཞན་དག་གི་དགེ་རྒན་དང་འདྲ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་དགོས”ལ། “སྤོ་ལོ་ཆེན་པོ་གསུམ་གྱི་དགེ་རྒན་དཔུང་ཁག་ལ་མཐོང་ཆེན་མངོན་གསལ་བྱེད་དགོས”པ་སོགས་ཀྱི་བླང་བྱ་བཏོན།
སློབ་གསོ་པུའུ་ཡིས་ཡིག་ཆ་དེ་བཏོན་པའི་དམིགས་ཡུལ་ནི། ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་དགེ་རྒན་དཔུང་ཁག་ཅིག་ཧུར་ཐག་གིས་བསྐྲུན་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་རེད།
སློབ་གསོ་པུའུ་དགེ་རྒན་ལས་དོན་སིའི་འགན་འཁུར་བས་ཡིག་ཆ་དེར་གསལ་འགྲེལ་གནང་སྐབས་བསྟན་དོན། སློབ་གསོ་དང་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་གི་དམིགས་འབེན་ལ་གཞིགས་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། ངལ་རྩོལ། མཛེས་དཔྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། ལུས་རྩལ་དགེ་རྒན་དཔུང་ཁག་ལ་སྔར་བཞིན་གྲངས་འབོར་མི་འདང་བ་དང་། ཁ་གསབ་བྱེད་དཀའ་བ། ཆེད་ལས་ཅན་གྱི་ཚད་དམའ་བ་སོགས་ཀྱི་གནད་དོན་གནས་ཡོད་པས། ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཆེད་དོན་བྱེད་ཐབས་འཕྲལ་དུ་འདོན་དགོས། སློབ་གསོ་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱ་ཁྱབ་ངང་བརྟག་ཞིབ་དང་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག《བརྡ་སྦྱོར》འདི་པར་འགྲེམས་བྱས།
ལུས་རྩལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཆེད་དམིགས་ཀྱིས་བཏོན་པའི་ཡིག་ཆ་དང་པོ་ཡིན་པའི་ངོས་ནས། 《བརྡ་སྦྱོར》ནང་དོན་དངོས་ཀྱི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་ལུས་རྩལ་དགེ་རྒན་དཔུང་ཁག་གི་ཁྱད་ཆོས་དང་། ད་ལྟའི་གནས་ཚུལ། གནད་དོན་བཅས་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་ཏེ། ཁ་གསབ་བཀོད་སྒྲིག་དང་ཆེད་ལས་མཐོར་འདེགས། ཐོབ་ཐང་འགན་སྲུང་བཅས་ལ་དམིགས་ནས་གསར་གཏོད་བྱེད་སྟངས་ཁག་གཅིག་བཏོན་ཡོད་པ་སྟེ།
གཅིག་ནི་ལུས་རྩལ་དགེ་རྒན་ཁ་གསབ་བཀོད་སྒྲིག་འབུར་དུ་བཏོད་པ་དང་། གཉིས་ནི་ལུས་རྩལ་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་རྒྱུ་འབུར་དུ་བཏོད་པ། གསུམ་ནི་ལུས་རྩལ་དགེ་རྒན་དཔུང་ཁག་གི་ཐོབ་ཐང་འགན་སྲུང་འབུར་དུ་བཏོད་པ། བཞི་ནི“སྤོ་ལོ་ཆེན་པོ་གསུམ”གྱི་དགེ་རྒན་དཔུང་ཁག་ལ་མཐོང་ཆེན་བྱེད་པ་འབུར་དུ་བཏོད་པ་བཅས་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注