སྡེ་ཁག་ལྔ་ཡིས་མཉམ་འབྲེལ་སྒོས་ཡིག་ཆ་བཏོན་ནས་སློབ་གྲྭའི་ཟས་རིགས་བདེ་འཇགས་ལས་དོན་ལ་ཤུགས་བསྣན།

ཟླ1པའི་ཚེས14ཉིན། གསར་འགོད་པས་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་གཞུང་སྒྲུབ་ཁང་གིས། སློབ་གསོ་པུའུ་དང་སྤྱི་བདེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་དང་མཉམ་དུ། 《སློབ་གྲྭའི་ཟས་རིགས་བདེ་འཇགས་ལས་དོན་ལ་སྔར་ལས་ཤུགས་སྣོན་དགོས་པའི་སྐོར་གྱི་བརྡ་ཐོ》ཞེས་པ་པར་འགྲེམས་བྱས་ནས། སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དང་དོ་དམ་འགན་འཁྲི། དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་བཅས་ལ་དམ་པོར་དམིགས་ཏེ། ས་གནས་སོ་སོས་སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་འབྲེལ་ཐག་ཧྲིལ་བོའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུའི་ཐད་ནས་བཀོད་སྒྲིག་གང་ལེགས་བྱས་ནས། སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

བརྡ་ཐོའི་ནང་སློབ་གྲྭའི་སློབ་གཙོ་དང་སློབ་གླིང་གི་གླིང་གཙོ་ཡིས་འགན་འཁུར་མཁན་གཙོ་བོའི་འགན་འཁྲི་ཏན་ཏིག་ངང་ལག་བསྟར་བྱེད་དགོས།  སློབ་གྲྭས་ནད་སྨྱན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ཏེ། བསྐྱར་བཀོལ་ཟས་རིགས་ཡོ་བྱད་ལ་གཙང་འཁྲུད་དུག་སེལ་བྱེད་རྒྱུ་དང་ཟས་རིགས་རྒྱུ་ཆ་འབོར་ཆེན་ཉོ་བ། ཚོང་ཟོག་ནང་འདྲེན་གྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ཚད་ལྡན་ཅན་དུ་གཏོང་དགོས། འགན་སྒྲུབ་གཉེར་སྐྱོང་ལག་བསྟར་བྱེད་ན། སུས་འཇོན་དེ་འགུག་གི་གོ་རིམ་ནན་མོ་ལྟར། གཅིག་གྱུར་སྒོས་སུས་འཇོན་དེ་འགུག་རྩ་འཛུགས་བྱས་ནས། ཟ་ཁང་གི་འགན་གཙང་གཉེར་སྐྱོང་དོ་དམ་ལམ་ལུགས་བསྐྲུན་དགོས། སློབ་གྲྭའི་ཕྱི་རོལ་གྱི་ཟ་མ་མཁོ་འདོན་ལག་བསྟར་བྱེད་ན། ཐུན་མོང་གི་ཟ་མ་སྡེབ་སྐྱེལ་གྱི་ཐོབ་ཐང་ལྡན་པའི་སློབ་གྲྭའི་ཕྱི་རོལ་གྱི་ཟ་མ་མཁོ་འདོན་སྡེ་ཁག་འདེམས་ནས་གདེང་འཇོག་དང་ཕྱིར་འཐེན་ལམ་སྲོལ་ནན་མོ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་ས་ཁུལ་དེ་གའི་སློབ་གྲྭའི་ཟས་རིགས་བདེ་འཇགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། ས་གནས་སོ་སོའི་ཟས་རིགས་བདེ་འཇགས་གཞུང་སྒྲུབ་ཁང་དང་སློབ་གསོ་སྲིད་འཛིན་སྡེ་ཁག འཕྲོད་བསྟེན་བདེ་ཐང་སྡེ་ཁག སྤྱི་བདེ་ལས་ཁུངས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་བཅས་ཀྱིས་འགན་འཁྲི་ལྟར་སློབ་གྲྭའི་ཟས་རིགས་བདེ་འཇགས་ལས་དོན་ལ་ཤུགས་སྣོན་པ་དང་། སྡེ་ཁག་སོ་སོའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། དུས་བཅད་ལྟར་ཉེན་ཁ་བརྗེ་རེས་དང་གྲོས་མོལ་རྩ་འཛུགས་བྱས་ཏེ། སློབ་གྲྭའི་ཟས་རིགས་བདེ་འཇགས་མཉམ་འཛིན་དང་མཉམ་དུ་དོ་དམ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་ནན་བཤད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号