མཚོ་བྱང་ཁུལ་གྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས25པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།ཟླ11པའི་ཚེས8ཉིན། མཚོ་བྱང་ཁུལ་གྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས25པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སུང་ཞུག་ཙུང་གིས་ཚོགས་འདུར་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་།ཚོགས་འདུའི་སྟེང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པར་སྤྲིངས་པའི་འཕྲིན་ཡིག་སྒྲོག་འདོན་གནང་པ་དང་། མདོ་ལ་ཚགས་པར་ཁང་དང་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ། འཇུ་ལག་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། མདོ་ལ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། མདའ་བཞི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ལས་ཁུངས6གིས་རང་སོ་སོའི་བྱ་བའི་ལག་ལེན་དང་དམིགས་བསལ་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ་བརྗེ་རེས་གཏམ་བཤད་བྱས།སུང་ཞུག་ཙུང་གིས་གསུང་བཤད་སྐབས་ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཁོས་བསྟན་དོན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གསར་འགྱུར་སྨྱན་སྦྱོར་དང་གསར་འགྱུར་ལས་སྒྲུབ་པས་ཞི་ཅིན་ཕིང་གི་རིག་གནས་བསམ་བློར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཤིང་། "ཉེ་བཅར་གསུམ"རྒྱུན་འཁྱོངས་དང"སྐྱོད་སྒྱུར་བཅོས་གསུམ"གཏིང་ཟབ་ཏུ་བཏང་བ། "243"གྱི་འཕེལ་རྒྱས་བཀོད་པ་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལ་དམིགས་ཏེ། བསམ་བློ་ཡོད་པ་དང་དྲོད་ཚད་ལྡན་པ། སྤུས་ཚད་ཡོད་པ་སོགས་ཀྱི་གསར་འགྱུར་བརྩམས་ཆོས་སྤེལ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་པ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཟེར།སུང་ཞུག་ཙུང་གིས་ནན་གྱིས་བསྟན་དོན། ཁ་ཕྱོགས་དང་ལངས་ཕྱོགས་བརྟན་པོ་ཡོང་བར་བྱས་ཏེ། མི་སེམས་གཅིག་ཏུ་སྒྲིལ་བའི"དུས་རབས་ཀྱི་རྔ་རྡུང་མཁན"ཡག་པོ་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསར་འགྱུར་གླེང་ཕྱོགས་བྱ་བའི་འགན་འཁྲི་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་ནས་ཏང་གི་སྲིད་ཇུས་དང་འདོད་ཚུལ་ཁྱབ་སྤེལ་བྱེད་མཁན་དང་དུས་རབས་ཀྱི་རྣམ་པ་ཟིན་ཐོ་འགོད་མཁན། སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་མཁན། དྲང་སྙོམས་དྲང་བདེན་གྱི་བདེན་པ་སྲུང་མཁན་བཅས་ཧུར་ཐག་བྱེད་དགོས། ལྟེ་བར་དམ་པོར་དམིགས་པ་དང་ཁྱོན་ཡོངས་འགན་ལེན་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི"སྐུལ་འདེད་གཏོང་མཁན"ཡག་པོ་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་ལས་ཁུངས་སོ་སོས་རང་འགུལ་ངང་ཏང་ཨུ་དང་སྲིད་གཞུང་གི་ལྟེ་བའི་བྱ་བའི་ནང་མཉམ་འདྲེས་དང་ཞབས་འདེགས་ཞུས་ནས་ནང་ཕྱི་ཁུལ་དྲིལ་སྒྲོག་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་སྨྱན་སྦྱོར་ལས་ཁུངས་དང་ཞིང་ཆེན་གྱི་སྨྱན་སྦྱོར་ལས་ཁུངས་དབར་གྱི་མཉམ་ལས་ལ་ཤུགས་བསྣན་ནས་ཕྱོགས་མང་པོ་དང་སྟེགས་བུ་མང་པོ། ཐབས་ལམ་མང་པོ། ཟུར་ཚད་མང་པོ་ནས་མཚོ་བྱང་གི་གཏམ་རྒྱུད་གླེང་བ་དང་མཚོ་བྱང་གི་སྐད་སྒྲ་སྒྲོག་དགོས། ཆོས་ཉིད་གནད་ལ་འཁེལ་བ་དང་འཕེལ་ཕྱོགས་དང་བསྟུན་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི"གསར་གཏོད་མཁན"ཡག་པོ་བྱེད་དགོས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ནང་དོན་གསར་གཏོད་དང་རྣམ་པ་གསར་གཏོད། བྱེད་ཐབས་གསར་གཏོད་བཅས་རྒྱུན་འཁྱོངས་བྱས་ཏེ། གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་མོས་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། "ནུས་པ་བཞི"ལག་བསྟར་བྱས་ནས་གསར་འགྱུར་དྲིལ་སྒྲོག་གི"ལག་ལེན་བྱང་ཆུབ་པ"ཡག་པོ་བྱེད་པ་དང་གསར་འགྱུར་བའི་རྩ་དོན་དང་མཐའ་ཚད་དམ་སྲུང་བྱས་ཏེ། ཁྱབ་སྤེལ་བྱེད་མཁན་གྱི་འགན་འཁྲི་དང་འགན་སེམས་འཁུར་ནས་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལེགས་བཅོས་གསར་གཏོད་བྱེད་ཕོད་པ་དང་ལས་སྒོ་བྱང་ཆུབ་པའི་གསར་འགྱུར་ལས་སྒྲུབ་ཞིག་བྱེད་དགོས། སྤྱོད་ཚུལ་སྦྱོང་བརྡར་དང་བྱང་ཚད་མཐོ་རུ་བཏང་ནས་དངོས་སྒྲུབ་ཀྱི"དུས་རབས་ཀྱི་དར་ཆ་སྒྲེང་མཁན"ཡག་པོ་བྱེད་དགོས། སྨྱན་སྦྱོར་ལས་ཁུངས་སོ་སོས"སློབ་གསོ་རིགས་གསུམ"རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་གསར་འགྱུར་ལས་སྒྲུབ་པས"སྐད་ཆ་ཚིག་གསུམ"གྱི་བླང་བྱ་ལག་ལེན་ཏན་ཏིག་བྱ་རྒྱུར་སློབ་གསོའི་ཁྲིད་སྟོན་བྱས་ཏེ། ཞིང་ཆེན་ཏང་ཨུའི"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ"བཅས་ཀྱི་བླང་བྱ་གཞིར་བཟུང་། དངོས་སྒྲུབ་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས་འགན་འཁྲི་ཤེས་པ་དང་འགན་འཁྲི་གསལ་བ། འགན་འཁྲིར་འཇུག་པ། འགན་འཁྲི་འཁུར་བ་བྱས་ཏེ། བྱ་སྤྱོད་དངོས་དང་དམིགས་བསལ་གྱི་གྲུབ་འབྲས་ལ་བརྟེན་ནས་བྱ་བ་འཇོན་པ་དང་དངོས་དོན་གཉེར་བ། སྤྲོ་སེམས་འཁོལ་བ། ལེགས་སྐྱེས་འབུལ་བ་བཅས་ཀྱི་ལས་རིགས་ཀྱི་སྣང་བརྙན་གསར་བཟོ་ཧུར་ཐག་བྱ་དགོས་ཟེར