སྐལ་བཟང་མེ་ཏོག་བོད་སྐད་ཁྲིམས་སྒྲོག་བྱེད་སྒོ།

མཛོད་དགེ་རྫོང་མི་དམངས་ཞིབ་དཔྱོད་ཁང་སྐད་གཉིས་ཁྲིམས་སྒྲོག་ཚོགས་པ་སྐལ་བཟང་མེ་ཏོག་གིས་ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས། མངགས་ཐོའི་རྣམ་པའི་ཁྲིམས་ལུགས་ཁྱབ་གདལ་རིམ་སྤོར་སྒོས་བྱིས་པ་རྣམས་ལ་ཁྲིམས་སྐྱོང་གི་གསོལ་སྟོན་ཆེན་མོ་བཤམ། 

ཉེ་ཆར། ལོ་གཅིག་གི་སློབ་འགོ་ཚུགས་པའི་དུས་ལ་སླེབས། མཛོད་དགེ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་མཛོད་དགེ་རྫོང་གླིང་བ་ཡུལ་ཚོའི་ལྟེ་བའི་སློབ་གྲྭའི་མངགས་ཐོ་འབྱོར་རྗེས། སྐལ་བཟང་མེ་ཏོག་སྐད་གཉིས་ཁྲིམས་སྒྲོག་ཚོགས་པའི་ཞིབ་དཔྱོད་པ་རྣམས་ཀྱིས་གསུམ་འབྲེལ་གསུམ་སྤེལ་དང་མཐོར་འདེགས་གསུམ་གྱི་ཆེད་དོན་ལས་སྒོ་དང་འབྲེལ་ནས། གླིང་བ་ཡུལ་ཚོའི་ལྟེ་བའི་སློབ་གྲྭའི་བྱིས་པ70ལྷག་ལ་གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་སློབ་ཁྲིད་བྱས། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཕན་འབྲས་ལེགས་པོ་འདོན་ཕྱིར། ཞིབ་དཔྱོད་པ་རྣམས་ཀྱིས་བོད་སྐད་ཀྱི་ལམ་ནས་ཁྲིམས་ལུགས་སྒྲོག་འགྲེལ་བྱས་ཏེ། སློབ་རའི་བརྙས་བཅོས་དང་སློབ་རའི་གཏུམ་སྤྱོད་སོགས་གོ་སླ་བའི་སྒོ་ནས་སློབ་གྲོགས་ཚོར་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས། སློབ་ཐུན་གྲོལ་རྗེས་ཞིབ་དཔྱོད་པ་རྣམས་ཀྱིས་ཁྲིམས་སྐྱོང་རྩེད་མོ་བརྒྱུད་བྱིས་པ་རྣམས་དང་འབྲེལ་འདྲིས་བྱས་ཏེ། ཁོ་ཚོའི་ཁྲིམས་སྐྱོང་སློབ་ཐུན་གྱི་སྦྱངས་འབྲས་ལེགས་མིན་ལ་ཚད་ལེན་བྱས།

གཞན་ཡང་། མཛོད་དགེ་རྫོང་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གཉིས་པའི་དགེ་སློབ150ལྷག་སྐལ་བཟང་མེ་ཏོག་ཁྲིམས་སྐྱོང་མྱུག་སྲུང་ལྟེ་གནས་དང་ཧོ་ཞང་ལན་སའི་རྨ་ཁུག་དགུ་འཁྱིལ་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིར་བསྐྱོད་དེ། ཞིབ་དཔྱོད་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སློབ་རའི་བརྙས་བཅོས། བཙན་གཡེམ། གློག་འཕྲིན་མགོ་བསྐོར་བཅས་འགོག་ཟོན་སྐོར་ལ་འགྲེལ་བཤད་ཞིབ་ཕྲ་བྱས། ཞིབ་དཔྱོད་པ་རྣམས་ཀྱི་ད་དུང་སློབ་གྲོགས་ཚོར་རྩྭ་ཐང་དང་བརླན་ས་སྲུང་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཧོ་ཞང་ལན་སའི་རྨ་ཁུག་དགུ་འཁྱིལ་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིབ་གཅོད་ཚོགས་པས་ཉེ་བའི་ལོ་ཤས་རིང་བསྒྲུབས་པའི་དཔེ་མཚོན་གྱོད་དཔེ་སྣ་ཚོགས་འགྲེལ་བཤད་ཞིབ་ཕྲ་བྱས། དོན་དངོས་ཀྱི་གྱོད་དཔེ་དང་འབྲེལ་ནས་དེང་རབས་ཅན་གྱི་སྨྱན་སྦྱོར+དངོས་པོ་འགྲེམས་སྟོན་གྱི་ཐད་མཐོང་ཉམས་ལེན་ལས་སློབ་མ་ཚོས་དགའ་སྤྲོའི་རྣམ་པའི་ཁྲོད་བཅའ་ཁྲིམས་ཀྱི་ཤེས་བྱ་བསྡུ་ལེན་བྱས། 

མཛོད་དགེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ལོ་ན་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་སྒོས། རྣམ་པ་དང་ནང་དོན་སྣ་མང་བརྒྱུད་ལོ་ན་མ་སོན་པའི་མིའི་ཁྲིམས་སྐྱོང་བྱང་ཚད་དང་རང་ངོས་སྲུང་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད། དུས་མཚུངས་སུ་སློབ་གྲྭ་དང་ཁྱིམ་ཚང་། སྡེ་ཁུལ་སོགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ངེས། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号