སྤྱི་སྐད་སློབ་སྦྱོང་དང་མི་རིགས་སྐད་ཡིག་རྒྱུན་འཛིན་བྱེད་དགོས།


ཟླ4པའི་ཚེས16ཉིན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་བརྙན་ལམ་གྱི་དུས་ཚིགས་གསུམ་པའི་ལུའུ་མེང་སློབ་ཐུན་ཐོག་མ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སླེབས་ཤིང་། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་ཡུལ་དངོས་ཀྱི་ཡོངས་བསྒྲགས་སློབ་ཁྲིད་བྱེད་སྒོ་སྤེལ།

ལུའུ་མེང་སློབ་ཐུན་གྱིས་སློབ་མ་དག་ལ་ངོ་མཚར་ལྡན་པའི་ཡོངས་བསྒྲགས་སློབ་ཁྲིད་ཐེངས་ཤིག་བྱས།

གཅན་ཚ་རྫོང་ནི་རང་ཞིང་གི་ཤར་ལྷོའི་རྒྱུད་དང་རྨ་ལྷོ་ཁུལ་གྱི་བྱང་རྒྱུད། ས་བབ་ཀྱི་ཆ་ནས་ས་སེར་མཐོ་སྒང་དེ་མདོ་དབུས་མཐོ་སྒང་དུ་བར་བརྒལ་བྱེད་པའི་ས་རྒྱུད་ཀྱི་རྨ་ཆུའི་འགྲམ་རྒྱུད་བཅས་ལ་གཏོགས། མངའ་ཁོངས་ཧྲིལ་བོར་ཕུན་སུམ་ཚོགས་པའི་རི་ཆུའི་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ཀྱི་རྫོང་ཤིན་ཏུ་སྟུག་པས། ཀྲུང་གོའི་མི་རིགས་མདའ་འཕེན་ལུས་རྩལ་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད། ལུའུ་མེང་སློབ་ཐུན་ནི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་བརྙན་ལམ་གྱིས་གསར་གཏོད་བྱས་པའི་སློབ་གསོའི་རོགས་སྐྱོར་བྱེད་སྒོ་གྲགས་ཅན་ཞིག་སྟེ། ལུའུ་མེང་སློབ་ཐུན་སྐབས་གསུམ་པའི་སྦྲེལ་གཏོང་འཆར་འགོད་གལ་ཆེན་གྱི་ཡོངས་བསྒྲགས་སློབ་ཁྲིད་གཅན་ཚའི་ཡུལ་དུ་སྤེལ་བའི་བྱེད་སྒོ་དེར་ཀྲུང་གོའི་ཧྭ་ནུས་སྡེ་ཚོགས་ཀྱིས་རྒྱབ་སྐྱོར་འོག གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་ཁྱབ་བརྙན་ལམ་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཏེ། ཀྲུང་གོའི་བུད་མེད་མཁའ་སྐྱོད་པ་ཐོག་མ་ལིའུ་དབྱང་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་བརྙན་ལམ་གྱི་རྒྱང་སྒྲོག་པ་ཁང་ཧའེ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་ཁྱབ་བརྙན་ལམ་གྱི་མཐོ་རིམ་རྩོམ་སྒྲིག་པ་ཝང་ཡང་བཅས་གདན་འདྲེན་ཞུས་ཡོད།

ཀྲུང་གོའི་བུད་མེད་མཁའ་སྐྱོད་པ་ཐོག་མ་ལིའུ་དབྱང་གིས་སློབ་གྲོགས་དག་ལ་སློབ་ཁྲིད་བྱེད་བཞིན་པ།

བྱ་འགུལ་གྱི་ཡུལ་དངོས་སུ་ལིའུ་དབྱང་དང་ཁང་ཧའེ། ཝང་ཡང་བཅས་ཀྱིས་བརྗོད་དོན་མི་འདྲ་བ་གཞིར་བཟུང་སྟེ་གཅན་ཚ་རྫོང་གི་སློབ་ཆུང་ལོ་རིམ་མཐོ་ཤོས་དང་དམའ་འབྲིང་། མཐོ་འབྲིང་བཅས་ཀྱི་སློབ་མ། མཚོ་སྔོན་ཞིང་ཆེན་དུས་རབས་གསར་པའི་ན་ཆུང་བཟང་པོའི་འཐུས་ཚབ་པ། དགེ་རྒན་དང་ཁྱིམ་བདག་གི་འཐུས་མི་བཅས་ལ་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་རྒྱས་བཤད་དང་སེམས་ཀྱི་ཕུགས་འདུན་མཉམ་སྤྱོད་བྱས། མ་ཟད་སློབ་མ་དག་ལ་ཕ་ཡུལ་གྱི་མ་འོངས་འཕེལ་རྒྱས་སྐོར་གྱི་བསམ་གཞིག་ཞིབ་བསྡུར་བྱས།

གསར་འགྱུར་མཉམ་སྒྲོག་གི་རྒྱང་སྒྲོག་པ་ཁང་ཧའེ་ཡིས་སློབ་གྲོགས་དག་ལ་སློབ་ཁྲིད་བྱེད་བཞིན་པ།

ཡོངས་བསྒྲགས་བྱ་འགུལ་དངོས་སུ་འགོ་མ་ཚུགས་གོང་ལ། ཁང་ཧའེ་ཡིས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གྲྭ་ལྔ་པའི་སློབ་མ་དག་ལ་གླེང་མོལ་ཚུལ་དུ་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་གང་ལེགས་བྱེད་དགོས་པ་མ་ཟད། མི་རིགས་ཀྱི་སྐད་ཡིག་ཡང་རྒྱུན་འཛིན་བྱེད་དགོས་པའི་སྐུལ་ལྕག་གནང་།

ཞེན་མི་ཁྲི1300ཡོད་པའི་དྲ་གྲགས་ཝང་ཡང་གིས་སློབ་གྲོགས་དག་ལ་སློབ་ཁྲིད་བྱེད་བཞིན་པ།

ཟླ4པའི་ཚེས14ཉིན། གཅན་ཚ་རྫོང་དུ་སླེབས་ཟིན་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཐོ་རིམ་རྩོམ་སྒྲིག་པ་ཝང་ཡང་གིས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དམའ་གསུམ་དང་མཐོ་གསུམ་གྱི་སློབ་མ་དག་ལ་རྩོམ་རིག་མཛུབ་སྟོན་སློབ་ཁྲིད་བྱས་ཏེ། སློབ་མ་དག་ལ་རང་མོས་དང་གསར་གཏོད་སེམས་འགྱུ་ཚུར་སྣང་ཐུབ་པའི་གོམས་གཤིས་ཤིག་ཆགས་ཐུབ་པ་བྱ་རྒྱུའི་ཐད་སྐུལ་མ་གནང་།

ཡོངས་བསྒྲགས་སློབ་ཁྲིད་སྟེང་གི་དྲིས་ལན་སྣ་ཚོགས་ཀྱིས་སློབ་ཐུན་ཧྲིལ་བོར་འཁྲུག་ཆ་དོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号