སློབ་ཆུང་སྐད་ཡིག་ལས་སློབ་ཚན་གསར་འདྲེན་གྱི་ཐབས་འགའ་གླེང་བ།
བསོད་གཅེས་མ། རྔ་བ།
སློབ་ཚན་གསར་འདྲེན་གྱི་འཆར་འགོད་ནི་སློབ་ཁྲིད་འཆར་འགོད་ཀྱི་ནང་དོན་གཙོ་བོ་ཡིན་ཞེས་རྒྱུན་པར་སྨྲ་ལ། དེའི་འཆར་འགོད་ཚད་ལྡན་དང་ལུགས་མཐུན་ཡིན་མིན། གསར་གཏོད་ཀྱི་ཆ་དང་ཕན་འབྲས་ཡོད་པའི་སྒོ་ནས་ནང་འདྲེན་བྱེད་ཐུབ་མིན་བཅས་ཕྱོགས་འགའ་ནས་གླེང་ན། སྤྱིར་སློབ་ཚན་གསར་འདྲེན་ནི་སྐབས་བབ་ཀྱི་འདྲེན་བྱའི་རིག་ཚན་གྱི་ནང་དོན་མི་འདྲ་བ་སོགས་ལ་གཞིགས་ནས་དགེ་རྒན་སོ་སོར་ཐབས་ཤེས་སྣ་ཚོགས་ཡོད་པས། དེ་ལ་གཅིག་གྱུར་གྱི་ཚད་ཐིག་ཅིག་མེད་མོད། ཡིན་ནའང་དུས་རྒྱུན་གྱི་སློབ་ཁྲིད་སྐབས་སུ་ཐད་ཀར་དེ་རིང་སློབ་ཚན་གསར་པ་འདི་ཁྲིད་རྒྱུ་ཡིན་ཞེས་སློབ་ཚན་གསར་པ་འགོ་མ་བརྩམས་པར་སློབ་ཚན་གསར་འདྲེན་གྱི་ཐབས་ཤེས་བེད་སྤྱད་ནས་སློབ་མའི་བསམ་བློ་སློབ་ཚན་ཐོག་འགུག་ཐུབ་པར་བྱེད་དགོས། དེ་ལ་དགེ་རྒན་གྱིས་སློབ་ཚན་གསར་པ་རེ་རེ་ཁྲིད་དུས་གང་ལ་གང་འཚམ་དང་དེ་ལ་དེ་འཚམ་གྱིས་ཐབས་ཤེས་གང་ལེགས་འདོན་རྒྱུ་ཤིན་ཏུ་གལ། རབ་ཡིན་ན་སློབ་མ་རེ་རེའི་དགའ་སྣང་དང་གཤིས་ཀ་ཁྱད་ཆོས་སོགས་ལ་བརྩི་འཇོག་དང་གཙིགས་ཆེན་བྱས་ཏེ། སློབ་མའི་སེམས་གཏིང་གི་དགའ་ཞིང་གུས་པའི་དགེ་རྒན་ཞིག་བྱེད་ཐུབ་ན་དགེ་རྒན་དེའི་ཁྲིད་བྱའི་བསླབ་ཚན་ལའང་སྦྱང་མོས་ཀྱི་འདུན་པ་ཡོད་པས། འདི་ནི་དགེ་རྒན་ཞིག་གི་ཆེས་མ་མཐའི་རྩལ་ནུས་ཡིན་ལ་སློབ་ཕྲུག་ཚོའི་སློབ་སྦྱོང་གི་སྒུལ་ཤུགས་ཀྱང་རེད། སློབ་ཆུང་གི་དགེ་རྒན་ཞིག་ལ་མཚོན་ན་བྱ་བའི་ནུས་པ་ཡོད་ཀྱང་མེད་ཀྱང་། མ་མཐའ་བྱམས་སེམས་དང་ཀུན་སློང་ཡོད་མེད་ཀྱིས་ཐག་བཅད་དང་གཅོད་བཞིན་ཡོད་པས། འདིའི་ཐད་དུ་དགེ་རྒན་རྣམ་པས་བསམ་གཞིགས་རེ་གནང་ན་སློབ་མའི་སྦྱང་འབྲས་དང་ལུས་སེམས་ཀྱི་བདེ་ཐང་ཐད་སྐུལ་འདེད་བྱེད་ཐུབ་པར་མ་ཟད། སློབ་ཁྲིད་ཀྱི་དམིགས་ཚད་དམ་རིན་ཐང་མངོན་འགྱུར་འབྱུང་བར་ཡང་ཕན་པ་ཆེན་པོ་ཡོད། དེ་བས་དགེ་རྒན་གྱི་ཁྲིད་བྱ་སློབ་མས་རྒྱུད་ལ་འབྱོར་དགོས་ན་ཐོག་མར་སློབ་གྲོགས་རྣམས་ཀྱི་བློ་སེམས་འགུག་པ་དང་དེ་ནས་ཤེས་བྱ་གསར་པ་ནང་འདྲེན་གྱི་ཐབས་ལམ་སྟེ།དང་པོ། ཁ་བྱང་སྤྱད་ནས་འདྲེན་པ།སློབ་ཚན་གྱི་ཁ་བྱང་ནི་སློབ་ཚན་འདིའི་ནང་དོན་གཙོ་བོ་སྟོན་པའི་སྒེའུ་ཁུང་ལྟ་བུ་ཞིག་ཡིན་པས། སློབ་ཁྲིད་ཁྲོད་སློབ་ཚན་གྱི་ཁ་བྱང་ནང་གི་ཐ་སྙད་གཙོ་བོ་དག་ལ་འགྲེལ་བཤད་དང་རྒྱ་བསྐྱེད་བྱེད་པའི་རྣམ་པའི་ཐོག་ནས་སློབ་ཚན་གསར་པའི་ནང་དོན་འདྲེན་པ་ཡང་ཐབས་ཤེས་ཤིག་ཡིན། དཔེར་ན། 《ལེགས་བཤད་ཚན་པ་གསུམ》ཞེས་པ་ལྟ་བུ་ལ་མཚོན་ན། དགེ་རྒན་གྱིས་དེ་རིང་ང་ཚོས་སློབ་ཚན་གསར་པ《ལེགས་བཤད་ཚན་པ་གསུམ》ཞེས་པ་སློབ་སྦྱོང་བྱ་རྒྱུ་ཡིན། སློབ་ཕྲུག་ཚོས་མཉམ་དུ་ཁ་བྱང་བཀླགས་ནས་ཁ་བྱང་འདིའི་ནང་དོན་གང་ཞིག་བཤད་བཞིན་པ་ཤོད་དང་། སློབ་མས། ལེགས་བཤད་ཟེར་བ་ནི་ཚིག་ཡག་ལ་ནང་དོན་ལ་སློབ་གསོའི་ཆ་དང་ལྡན་པ་ཞིག་ཡིན་དགོས་ཞེས་དང་། ཡང་སློབ་གྲོགས་ལ་ལས་ལེགས་བཤད་ཅེས་པ་ནི་ལེགས་པར་བཤད་པ་དང་བྱ་བའི་འཇུག་ལྡོག་གི་ཚུལ་ཤེས་པ་ཞིག་ཡིན་དགོས་ཞེས་བཤད་པ་དང་། དགེ་རྒན་གྱིས་དེ་ཚང་མ་རེད། སློབ་གྲོགས་ཚོའི་བཤད་པ་ཧ་ཅང་བཟང་། དེ་ནས་དགེ་རྒན་གྱིས་ཁ་གསབ་ཀྱི་ཚུལ་དུ་ལེགས་བཤད་ཅེས་པ་ནི། དཔེ་དོན་གཉིས་ཀྱི་སྒོ་ནས་བླང་དོར་གྱི་གནས་ལུགས་ལ་ཇི་ལྟར་འཇུག་པའི་ཚུལ་རྣམས་སྒྲོ་སྐུར་སྤང་ནས་ཕྱི་རབས་པ་རྣམས་ལ་གདམས་ངག་ལེགས་པར་སྟོན་པ་ཞིག་ཡིན་དགོས་ཞེས་བཤད་ན། དེ་རིང་སྦྱངས་རྒྱུའི་སློབ་ཚན་འདི་བསླབས་པ་བརྒྱུད་ནས་དུས་རྒྱུན་གྱི་སློབ་སྦྱོང་གི་འཚོ་བའི་ནང་དུ་བྱ་བའི་འཇུག་ལྡོག་གི་ཚུལ་ཤེས་པ་དང་། མི་ནུས་པ་ཅན་ཞིག་ཡོང་དགོས་ན་ག་འདྲ་བྱེད་དགོས་པ་ཤེས་རྒྱུ་རེད་སོགས་དགེ་སློབ་བར་སློབ་ཚན་གྱི་ཁ་བྱང་བགྲོ་གླེང་བྱེད་པའི་རྣམ་པའི་ཐོག་ནས་སློབ་ཚན་གསར་པའི་ནང་དོན་འདྲེན་པ་ལྟ་བུའོ། །གཉིས་པ། ཤེས་བྱ་རྙིང་པ་སྤྱད་ནས་གསར་པ་འདྲེན་པ།དེ་ནི་དགེ་རྒན་ཚོའི་རྒྱུན་དུ་སྤྱོད་པའི་སློབ་ཚན་གསར་འདྲེན་གྱི་བྱ་ཐབས་གཙོ་བོའི་གྲས་ཤིག་ཡིན་པར་མ་ཟད། སྟབས་བདེ་ཤོས་ཤིག་དང་ཡོངས་ཁྱབ་རང་བཞིན་ཅན་ཞིག་ཀྱང་རེད། དེ་ཡང་ཤེས་བྱ་རྙིང་པ་སྤྱད་ནས་གསར་པ་འདྲེན་པ་ནི། དེ་གཉིས་ཀྱི་འབྲེལ་ཡོད་ཀྱི་ནང་དོན་སྤྱད་ནས། ཕན་ཚུན་དབྱེ་ཞིབ་དང་བསྡུར་བ་བྱས་ནས་ཁྱད་པར་དབྱེ་བ་དང་། དཔེར་ན《གཞོན་ནུ་རིག་རྒོད》ཅེས་པའི་སློབ་ཚན་ལ་མཚོན་ན། དགེ་རྒན་གྱིས་སློབ་གྲོགས་ཚོ། ང་ཚོའི་སློབ་སྐབས་སྔོན་མར《གཞོན་ནུ་རིག་རྒོད》ཅེས་པའི་སློབ་ཚན་སྦྱངས་ཟིན་པ་རེད། སློབ་ཚན་དེར་དགེ་འདུན་ཆོས་འཕེལ་ནི་བསམ་བློ་གཏོང་བར་དགའ་བ་དང་། ལག་པ་འགུལ་ནས་བྱ་བ་བསྒྲུབ་པར་དགའ་བའི་གཞོན་ནུ་ཞིག་ཡིན་པ་ང་ཚོར་བག་ཆགས་ཟབ་མོ་བཞག་ཡོད། དེ་རིང་ང་ཚོས་སློབ་ཚན་གསར་པ《ཟམ་པ་སྐྲུན་མཁན་གྱི་དམ་བཅའ》ཞེས་པ་འདི་སློབ་སྦྱོང་བྱ་རྒྱུ་ཡིན། སློབ་ཚན་དེ་གཉིས་ནི་མི་སྣ་གྲགས་ཅན་ངོ་སྤྲོད་བྱེད་པའི་སློབ་ཚན་ཡིན་པས་འབྲི་སྟངས་ཐད་འདྲ་བའི་ཆ་མང་པོ་ཡོད་ཅེས་སློབ་ཕྲུག་ཚོའི་སློབ་ཚན་སྦྱང་འདོད་ཀྱི་འདུན་པ་སློང་བ་དང་། མ་འོངས་པ་རང་ཉིད་ཀྱང་གཞན་གྱིས་མིག་དཔེར་བལྟ་སའི་མི་བུ་རླབས་ཆེན་ཞིག་འཁྱོངས་པར་སེམས་ཤུགས་སྩོལ་བ་དང་། སློབ་ཚན་གསར་འདྲེན་བྱ་ཐབས་འདི་ལྟ་བུས་སློབ་ཕྲུག་རྣམས་ཀྱིས་སྦྱངས་ཟིན་པའི་ཤེས་བྱའི་ཁྱབ་ཁོངས་ནས་ཤེས་བྱ་གསར་པའི་ཁྱབས་ཁོངས་སུ་རང་བཞིན་གྱིས་འཛུལ་ཏེ། ཤེས་བྱ་གསར་པ་ནང་འདྲེན་དང་རྙིང་པ་བསྐྱར་སྦྱོང་ལ་ལས་གཅིག་གིས་གོ་ཉིས་ཆོད་བྱེད་དགོས།གསུམ་པ། ཤེས་བྱ་རྒྱ་བསྐྱེད་ཀྱིས་འདྲེན་པ།“མཚོ་སྔོན་པོའི་ནང་ན་གསེར་ཉ་མང་། །ཉ་གསེར་མིག་དྭངས་གསལ་ཆུ་ལ་བརྟེན། །གནམ་ནས་ཆར་པ་མ་བབས་ན། །ས་ནས་ལྗང་པ་མི་སྐྱེ། །ཆུ་ཆུང་དུས་ཆུ་རགས་མ་རྒྱབ་ན། །ལུང་པ་ཆུ་ཡིས་འཁྱེར་ཉེན་ཡོད། །ཆུ་མེད་ན་ལྗང་པ་གསོན་མི་ཐུབ། །ལུད་མེད་ན་ལྗང་པ་འཕེལ་མི་ཐུབ། །དགོ་བ་འགྲོ་ས་ཐང་དང་། །ངང་པ་འགྲོ་ས་མཚོ། །ཆུ་བོ་ཆེན་པོ་གཏིང་ཟབ་པ། །ཆུ་ཕྲན་མང་པོ་འདུས་ལས་བྱུང་། །ཆུ་ལ་སྡེར་མོ་མེད་ཀྱང་། །ས་གཞི་གྲོག་རོང་འདྲུ། །”ཞེས་པ་ལྟ་བུས་རང་བྱུང་ཁམས་གཅིག་ལ་གཅིག་བརྟེན་གྱིས་གནས་པ་གཏམ་དཔེ་ཡི་ལམ་ནས་དྲངས་ཏེ། ཞོལ་ནས་དེ་རིང་གི་ཁྲིད་བྱ《སའི་གོ་ལ་གཅིག་མ་གཏོགས་མེད》ཅེས་པའི་སློབ་ཚན་དུ་དགེ་རྒན་གྱིས་སྐྱེ་ཁམས་ཁོར་ཡུག་དོ་མཉམ་རང་བཞིན་གྱི་ཤེས་བྱ་དང་། དོན་དངོས་འཚོ་བའི་ཁྲོད་སྐྱེ་ཁམས་ཁོར་ཡུག་དོ་མཉམ་མ་བྱུང་བས་རང་བྱུང་གི་གནོད་འཚེ་སྣ་ཚོགས་བྱུང་ཚུལ། ཇི་ལྟར་བྱས་ནས་སའི་གོ་ལར་སྲུང་སྐྱོབ་བྱེད་དགོས་ཚུལ་སོགས་གལ་ཆེའི་རང་བཞིན་དང་འབྲེལ་བའི་ཤེས་བྱ་ཁ་གསལ་གོ་བདེ། གསོན་ཉམས་ལྡན་པ། གཟུགས་སྣང་རང་བཞིན་འབུར་ཐོན་གྱིས་ངོ་སྤྲོད་བྱས་ན་ཕན་པ་ཆེ་སྙམ། དེ་ཡང་སའི་གོ་ལ་ནི་གངས་རི་དང་རྫ་རི། སྤང་རི་དང་གཡའ་རི་སོགས་རྫོགས་མཐའ་མེད་པའི་དངོས་པོ་སྣ་ཚོགས་ཀྱིས་གྲུབ་ཡོད་པར་མ་ཟད། མཚོ་དང་མཚེའུ་ཡི་རིགས་དང་ཆུ་བོ་ཆེན་པོ་དག་གིས་གྲུབ་ཡོད་པས། ཡང་གནའ་མི་བོད་ཀྱི་གཏམ་དཔེ་ལས་རི་ཆུ་ནགས་གསུམ་གྱི་འབྱུང་ཁུངས། རྩི་ཐོག་སྨན་ཐོག་གི་ལྟེ་གནས། སྟོད་རི་རབ་ཁོག་པ་གསེར་གྱིས་གང་། སྨད་རྒྱ་མཚོའི་ལྟེམ་པ་གཡུ་ཡིས་གང་ཞེས་པ་དང་། སྟོད་རི་རབ་བརྐོས་ནས་གསེར་ལེན་པ་དང་། སྨད་རྒྱ་མཚོ་དཀྲུགས་ནས་གཡུ་བླངས་ན། འདིས་སྐྱེ་ཁམས་ལ་གནོད་འཚེ་ཡོད་པས། རང་ས་རང་གིས་བཀུར་ཞིང་དེ་ལ་བདག་སྐྱོང་བྱས་ནས་མི་རབས་རྗེས་མའི་གཞི་འཁོར་བ་ཆགས་སའི་གནས་དང་། ཕུར་བ་རྡེབ་སའི་ས་རུ་འགྱུར་དགོས་པ། གཏམ་དཔེ་འདི་དག་གི་ཤུགས་ནས་སྐྱེ་ཁམས་དོ་མཉམ་ཡོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་མཚོན་ཞེས་དམངས་ཁྲོད་རིག་གནས་ཀྱི་རྒྱབ་རྟེན་བྱས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེའི་རང་བཞིན་གསལ་བཤད་བྱེད་དགོས། གཅིག་ནས་སློབ་ཚན་གསར་པའི་ནང་དོན་དང་འབྲེལ་ཡོད་ཀྱི་ཤེས་བྱ་རྒྱ་བསྐྱེད་ཐུབ་པ་དང་། གཉིས་ནས་སློབ་ཚན་གསར་པའི་ནང་དོན་ལ་གོ་བ་ལེགས་པོ་ཞིག་ལེན་པར་རམ་འདེགས་ཀྱི་ནུས་པ་ཐོན་ཡོད། གསུམ་ནས་སློབ་ཚན་དང་དོན་དངོས་ཀྱི་འཚོ་བའི་ཤེས་བྱ་དག་འབྲེལ་ནས་སློབ་ཁྲིད་ཀྱི་སྟ་གོན་བྱས་ན་འབྲས་བུ་འབུར་དུ་ཐོན་ཐུབ་སྙམ།བཞི་པ། ལོ་རྒྱུས་རྒྱབ་ལྗོངས་ཀྱིས་འདྲེན་ཐབས།དགེ་རྒན་གྱིས་ཐོག་མར་སློབ་ཚན་གྱི་ནང་དོན་ལ་གཞིགས་ནས་བྱ་བའི་རྐྱེན་དང་མི་སྣ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་ལོ་རྒྱུས་རྒྱབ་ལྗོངས་གསལ་བཤད་བྱེད་དགོས་པ་དང་། དེ་ལྟར་བྱས་ཚེ། སློབ་གྲོགས་རྣམས་པ་མྱུར་དུ་སློབ་ཚན་གསར་པའི་ནང་དོན་སློབ་སྦྱོང་བྱེད་སྙམ་པའི་སྤྲོ་བ་དང་ཀུན་སློང་སྐྱེ་ཐུབ། དཔེར་ན།《བཙན་པོའི་ཕོ་ཉ》ཞེས་པའི་སློབ་ཚན་ལྟ་བུར་མཚོན་ན། སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་རྒྱ་གར་དུ་མངགས་ནས་ད་ལྟ་སྤྱོད་བཞིན་པའི་བོད་ཡིག་གསར་དུ་བཟོས་པ། ཐང་རྒྱལ་རབས་དང་བལ་པོ་སོགས་ལ་འབྲེལ་བ་བཙུགས་པ་དང་། ལྷག་པར་ཐང་རྒྱལ་རབས་ཀྱི་ཀོང་ཇོ་ཁབ་ཏུ་བསུས་ནས་མཛའ་མཐུན་གྱིས་གཉེན་ལམ་བཙུགས་པ་སོགས་བཤད་ན། སློབ་གྲོགས་རྣམས་ཀྱིས་སློབ་ཚན་གསར་པའི་ནང་དོན་གྱི་གསང་བ་ཤེས་འདོད་ཀྱི་འདུན་པ་མྱུར་བར་འགུག་ཐུབ་པ་ཡིན། ཡང་དཔེར་ན།《རྒྱ་བོད་བར་གྱི་མཛའ་མཐུན》ཞེས་པའི་སློབ་ཚན་ལྟ་བུར་མཚོན་ན། དགེ་རྒན་གྱིས་ང་ཚོའི་མེས་རྒྱལ་ལ་གྲངས་ཉུང་མི་རིགས་ག་ཚོད་ཡོད་དམ་ཞེས་དྲི་བ་སློང་བ་དང་། སློབ་གྲོགས་ཚོས་དེ་ནི་སློབ་ཚན་འདི་སློབ་སྦྱོང་བྱས་ན་ཤེས་རྒྱུ་རེད་ལྟ་བུའི་སློབ་ཚན་གྱི་ནང་དོན་ཞིབ་ཕྲ་ཤེས་འདོད་ཀྱི་བསམ་བློ་དེ་མ་ཉིད་དུ་འགུག་ཐུབ་པ་ཡིན། དེ་ལ་ཁ་གསབ་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་རིགས་སོ་སོའི་མི་དམངས་ཀྱི་བརྩེ་སེམས་གཅིག་ཏུ་འབྲེལ་ཞིང་ཕན་ཚུན་བར་གྱི་མཐུན་སྒྲིལ་ཧ་ཅང་བཟང་ལ། སློབ་ཚན་འདི་བསླབས་པ་བརྒྱུད་ནས་རྩོམ་པ་པོས་མི་རིགས་བར་གྱི་མཛའ་མཐུན་ཇི་ལྟར་བྲིས་ཡོད་པ་སོགས་ཤེས་དགོས།
སློབ་ཚན་གསར་འདྲེན་གྱི་འཆར་འགོད་ནི་སློབ་ཁྲིད་འཆར་འགོད་ཀྱི་ནང་དོན་གཙོ་བོ་ཡིན་ཞེས་རྒྱུན་པར་སྨྲ་ལ། དེའི་འཆར་འགོད་ཚད་ལྡན་དང་ལུགས་མཐུན་ཡིན་མིན། གསར་གཏོད་ཀྱི་ཆ་དང་ཕན་འབྲས་ཡོད་པའི་སྒོ་ནས་ནང་འདྲེན་བྱེད་ཐུབ་མིན་བཅས་ཕྱོགས་འགའ་ནས་གླེང་ན། སྤྱིར་སློབ་ཚན་གསར་འདྲེན་ནི་སྐབས་བབ་ཀྱི་འདྲེན་བྱའི་རིག་ཚན་གྱི་ནང་དོན་མི་འདྲ་བ་སོགས་ལ་གཞིགས་ནས་དགེ་རྒན་སོ་སོར་ཐབས་ཤེས་སྣ་ཚོགས་ཡོད་པས། དེ་ལ་གཅིག་གྱུར་གྱི་ཚད་ཐིག་ཅིག་མེད་མོད། ཡིན་ནའང་དུས་རྒྱུན་གྱི་སློབ་ཁྲིད་སྐབས་སུ་ཐད་ཀར་དེ་རིང་སློབ་ཚན་གསར་པ་འདི་ཁྲིད་རྒྱུ་ཡིན་ཞེས་སློབ་ཚན་གསར་པ་འགོ་མ་བརྩམས་པར་སློབ་ཚན་གསར་འདྲེན་གྱི་ཐབས་ཤེས་བེད་སྤྱད་ནས་སློབ་མའི་བསམ་བློ་སློབ་ཚན་ཐོག་འགུག་ཐུབ་པར་བྱེད་དགོས། དེ་ལ་དགེ་རྒན་གྱིས་སློབ་ཚན་གསར་པ་རེ་རེ་ཁྲིད་དུས་གང་ལ་གང་འཚམ་དང་དེ་ལ་དེ་འཚམ་གྱིས་ཐབས་ཤེས་གང་ལེགས་འདོན་རྒྱུ་ཤིན་ཏུ་གལ། རབ་ཡིན་ན་སློབ་མ་རེ་རེའི་དགའ་སྣང་དང་གཤིས་ཀ་ཁྱད་ཆོས་སོགས་ལ་བརྩི་འཇོག་དང་གཙིགས་ཆེན་བྱས་ཏེ། སློབ་མའི་སེམས་གཏིང་གི་དགའ་ཞིང་གུས་པའི་དགེ་རྒན་ཞིག་བྱེད་ཐུབ་ན་དགེ་རྒན་དེའི་ཁྲིད་བྱའི་བསླབ་ཚན་ལའང་སྦྱང་མོས་ཀྱི་འདུན་པ་ཡོད་པས། འདི་ནི་དགེ་རྒན་ཞིག་གི་ཆེས་མ་མཐའི་རྩལ་ནུས་ཡིན་ལ་སློབ་ཕྲུག་ཚོའི་སློབ་སྦྱོང་གི་སྒུལ་ཤུགས་ཀྱང་རེད། སློབ་ཆུང་གི་དགེ་རྒན་ཞིག་ལ་མཚོན་ན་བྱ་བའི་ནུས་པ་ཡོད་ཀྱང་མེད་ཀྱང་། མ་མཐའ་བྱམས་སེམས་དང་ཀུན་སློང་ཡོད་མེད་ཀྱིས་ཐག་བཅད་དང་གཅོད་བཞིན་ཡོད་པས། འདིའི་ཐད་དུ་དགེ་རྒན་རྣམ་པས་བསམ་གཞིགས་རེ་གནང་ན་སློབ་མའི་སྦྱང་འབྲས་དང་ལུས་སེམས་ཀྱི་བདེ་ཐང་ཐད་སྐུལ་འདེད་བྱེད་ཐུབ་པར་མ་ཟད། སློབ་ཁྲིད་ཀྱི་དམིགས་ཚད་དམ་རིན་ཐང་མངོན་འགྱུར་འབྱུང་བར་ཡང་ཕན་པ་ཆེན་པོ་ཡོད། དེ་བས་དགེ་རྒན་གྱི་ཁྲིད་བྱ་སློབ་མས་རྒྱུད་ལ་འབྱོར་དགོས་ན་ཐོག་མར་སློབ་གྲོགས་རྣམས་ཀྱི་བློ་སེམས་འགུག་པ་དང་དེ་ནས་ཤེས་བྱ་གསར་པ་ནང་འདྲེན་གྱི་ཐབས་ལམ་སྟེ།
དང་པོ། ཁ་བྱང་སྤྱད་ནས་འདྲེན་པ།
སློབ་ཚན་གྱི་ཁ་བྱང་ནི་སློབ་ཚན་འདིའི་ནང་དོན་གཙོ་བོ་སྟོན་པའི་སྒེའུ་ཁུང་ལྟ་བུ་ཞིག་ཡིན་པས། སློབ་ཁྲིད་ཁྲོད་སློབ་ཚན་གྱི་ཁ་བྱང་ནང་གི་ཐ་སྙད་གཙོ་བོ་དག་ལ་འགྲེལ་བཤད་དང་རྒྱ་བསྐྱེད་བྱེད་པའི་རྣམ་པའི་ཐོག་ནས་སློབ་ཚན་གསར་པའི་ནང་དོན་འདྲེན་པ་ཡང་ཐབས་ཤེས་ཤིག་ཡིན། དཔེར་ན། 《ལེགས་བཤད་ཚན་པ་གསུམ》ཞེས་པ་ལྟ་བུ་ལ་མཚོན་ན། དགེ་རྒན་གྱིས་དེ་རིང་ང་ཚོས་སློབ་ཚན་གསར་པ《ལེགས་བཤད་ཚན་པ་གསུམ》ཞེས་པ་སློབ་སྦྱོང་བྱ་རྒྱུ་ཡིན། སློབ་ཕྲུག་ཚོས་མཉམ་དུ་ཁ་བྱང་བཀླགས་ནས་ཁ་བྱང་འདིའི་ནང་དོན་གང་ཞིག་བཤད་བཞིན་པ་ཤོད་དང་། སློབ་མས། ལེགས་བཤད་ཟེར་བ་ནི་ཚིག་ཡག་ལ་ནང་དོན་ལ་སློབ་གསོའི་ཆ་དང་ལྡན་པ་ཞིག་ཡིན་དགོས་ཞེས་དང་། ཡང་སློབ་གྲོགས་ལ་ལས་ལེགས་བཤད་ཅེས་པ་ནི་ལེགས་པར་བཤད་པ་དང་བྱ་བའི་འཇུག་ལྡོག་གི་ཚུལ་ཤེས་པ་ཞིག་ཡིན་དགོས་ཞེས་བཤད་པ་དང་། དགེ་རྒན་གྱིས་དེ་ཚང་མ་རེད། སློབ་གྲོགས་ཚོའི་བཤད་པ་ཧ་ཅང་བཟང་། དེ་ནས་དགེ་རྒན་གྱིས་ཁ་གསབ་ཀྱི་ཚུལ་དུ་ལེགས་བཤད་ཅེས་པ་ནི། དཔེ་དོན་གཉིས་ཀྱི་སྒོ་ནས་བླང་དོར་གྱི་གནས་ལུགས་ལ་ཇི་ལྟར་འཇུག་པའི་ཚུལ་རྣམས་སྒྲོ་སྐུར་སྤང་ནས་ཕྱི་རབས་པ་རྣམས་ལ་གདམས་ངག་ལེགས་པར་སྟོན་པ་ཞིག་ཡིན་དགོས་ཞེས་བཤད་ན། དེ་རིང་སྦྱངས་རྒྱུའི་སློབ་ཚན་འདི་བསླབས་པ་བརྒྱུད་ནས་དུས་རྒྱུན་གྱི་སློབ་སྦྱོང་གི་འཚོ་བའི་ནང་དུ་བྱ་བའི་འཇུག་ལྡོག་གི་ཚུལ་ཤེས་པ་དང་། མི་ནུས་པ་ཅན་ཞིག་ཡོང་དགོས་ན་ག་འདྲ་བྱེད་དགོས་པ་ཤེས་རྒྱུ་རེད་སོགས་དགེ་སློབ་བར་སློབ་ཚན་གྱི་ཁ་བྱང་བགྲོ་གླེང་བྱེད་པའི་རྣམ་པའི་ཐོག་ནས་སློབ་ཚན་གསར་པའི་ནང་དོན་འདྲེན་པ་ལྟ་བུའོ། །
གཉིས་པ། ཤེས་བྱ་རྙིང་པ་སྤྱད་ནས་གསར་པ་འདྲེན་པ།
དེ་ནི་དགེ་རྒན་ཚོའི་རྒྱུན་དུ་སྤྱོད་པའི་སློབ་ཚན་གསར་འདྲེན་གྱི་བྱ་ཐབས་གཙོ་བོའི་གྲས་ཤིག་ཡིན་པར་མ་ཟད། སྟབས་བདེ་ཤོས་ཤིག་དང་ཡོངས་ཁྱབ་རང་བཞིན་ཅན་ཞིག་ཀྱང་རེད། དེ་ཡང་ཤེས་བྱ་རྙིང་པ་སྤྱད་ནས་གསར་པ་འདྲེན་པ་ནི། དེ་གཉིས་ཀྱི་འབྲེལ་ཡོད་ཀྱི་ནང་དོན་སྤྱད་ནས། ཕན་ཚུན་དབྱེ་ཞིབ་དང་བསྡུར་བ་བྱས་ནས་ཁྱད་པར་དབྱེ་བ་དང་། དཔེར་ན《གཞོན་ནུ་རིག་རྒོད》ཅེས་པའི་སློབ་ཚན་ལ་མཚོན་ན། དགེ་རྒན་གྱིས་སློབ་གྲོགས་ཚོ། ང་ཚོའི་སློབ་སྐབས་སྔོན་མར《གཞོན་ནུ་རིག་རྒོད》ཅེས་པའི་སློབ་ཚན་སྦྱངས་ཟིན་པ་རེད། སློབ་ཚན་དེར་དགེ་འདུན་ཆོས་འཕེལ་ནི་བསམ་བློ་གཏོང་བར་དགའ་བ་དང་། ལག་པ་འགུལ་ནས་བྱ་བ་བསྒྲུབ་པར་དགའ་བའི་གཞོན་ནུ་ཞིག་ཡིན་པ་ང་ཚོར་བག་ཆགས་ཟབ་མོ་བཞག་ཡོད། དེ་རིང་ང་ཚོས་སློབ་ཚན་གསར་པ《ཟམ་པ་སྐྲུན་མཁན་གྱི་དམ་བཅའ》ཞེས་པ་འདི་སློབ་སྦྱོང་བྱ་རྒྱུ་ཡིན། སློབ་ཚན་དེ་གཉིས་ནི་མི་སྣ་གྲགས་ཅན་ངོ་སྤྲོད་བྱེད་པའི་སློབ་ཚན་ཡིན་པས་འབྲི་སྟངས་ཐད་འདྲ་བའི་ཆ་མང་པོ་ཡོད་ཅེས་སློབ་ཕྲུག་ཚོའི་སློབ་ཚན་སྦྱང་འདོད་ཀྱི་འདུན་པ་སློང་བ་དང་། མ་འོངས་པ་རང་ཉིད་ཀྱང་གཞན་གྱིས་མིག་དཔེར་བལྟ་སའི་མི་བུ་རླབས་ཆེན་ཞིག་འཁྱོངས་པར་སེམས་ཤུགས་སྩོལ་བ་དང་། སློབ་ཚན་གསར་འདྲེན་བྱ་ཐབས་འདི་ལྟ་བུས་སློབ་ཕྲུག་རྣམས་ཀྱིས་སྦྱངས་ཟིན་པའི་ཤེས་བྱའི་ཁྱབ་ཁོངས་ནས་ཤེས་བྱ་གསར་པའི་ཁྱབས་ཁོངས་སུ་རང་བཞིན་གྱིས་འཛུལ་ཏེ། ཤེས་བྱ་གསར་པ་ནང་འདྲེན་དང་རྙིང་པ་བསྐྱར་སྦྱོང་ལ་ལས་གཅིག་གིས་གོ་ཉིས་ཆོད་བྱེད་དགོས།
གསུམ་པ། ཤེས་བྱ་རྒྱ་བསྐྱེད་ཀྱིས་འདྲེན་པ།
“མཚོ་སྔོན་པོའི་ནང་ན་གསེར་ཉ་མང་། །ཉ་གསེར་མིག་དྭངས་གསལ་ཆུ་ལ་བརྟེན། །གནམ་ནས་ཆར་པ་མ་བབས་ན། །ས་ནས་ལྗང་པ་མི་སྐྱེ། །ཆུ་ཆུང་དུས་ཆུ་རགས་མ་རྒྱབ་ན། །ལུང་པ་ཆུ་ཡིས་འཁྱེར་ཉེན་ཡོད། །ཆུ་མེད་ན་ལྗང་པ་གསོན་མི་ཐུབ། །ལུད་མེད་ན་ལྗང་པ་འཕེལ་མི་ཐུབ། །དགོ་བ་འགྲོ་ས་ཐང་དང་། །ངང་པ་འགྲོ་ས་མཚོ། །ཆུ་བོ་ཆེན་པོ་གཏིང་ཟབ་པ། །ཆུ་ཕྲན་མང་པོ་འདུས་ལས་བྱུང་། །ཆུ་ལ་སྡེར་མོ་མེད་ཀྱང་། །ས་གཞི་གྲོག་རོང་འདྲུ། །”ཞེས་པ་ལྟ་བུས་རང་བྱུང་ཁམས་གཅིག་ལ་གཅིག་བརྟེན་གྱིས་གནས་པ་གཏམ་དཔེ་ཡི་ལམ་ནས་དྲངས་ཏེ། ཞོལ་ནས་དེ་རིང་གི་ཁྲིད་བྱ《སའི་གོ་ལ་གཅིག་མ་གཏོགས་མེད》ཅེས་པའི་སློབ་ཚན་དུ་དགེ་རྒན་གྱིས་སྐྱེ་ཁམས་ཁོར་ཡུག་དོ་མཉམ་རང་བཞིན་གྱི་ཤེས་བྱ་དང་། དོན་དངོས་འཚོ་བའི་ཁྲོད་སྐྱེ་ཁམས་ཁོར་ཡུག་དོ་མཉམ་མ་བྱུང་བས་རང་བྱུང་གི་གནོད་འཚེ་སྣ་ཚོགས་བྱུང་ཚུལ། ཇི་ལྟར་བྱས་ནས་སའི་གོ་ལར་སྲུང་སྐྱོབ་བྱེད་དགོས་ཚུལ་སོགས་གལ་ཆེའི་རང་བཞིན་དང་འབྲེལ་བའི་ཤེས་བྱ་ཁ་གསལ་གོ་བདེ། གསོན་ཉམས་ལྡན་པ། གཟུགས་སྣང་རང་བཞིན་འབུར་ཐོན་གྱིས་ངོ་སྤྲོད་བྱས་ན་ཕན་པ་ཆེ་སྙམ། དེ་ཡང་སའི་གོ་ལ་ནི་གངས་རི་དང་རྫ་རི། སྤང་རི་དང་གཡའ་རི་སོགས་རྫོགས་མཐའ་མེད་པའི་དངོས་པོ་སྣ་ཚོགས་ཀྱིས་གྲུབ་ཡོད་པར་མ་ཟད། མཚོ་དང་མཚེའུ་ཡི་རིགས་དང་ཆུ་བོ་ཆེན་པོ་དག་གིས་གྲུབ་ཡོད་པས། ཡང་གནའ་མི་བོད་ཀྱི་གཏམ་དཔེ་ལས་རི་ཆུ་ནགས་གསུམ་གྱི་འབྱུང་ཁུངས། རྩི་ཐོག་སྨན་ཐོག་གི་ལྟེ་གནས། སྟོད་རི་རབ་ཁོག་པ་གསེར་གྱིས་གང་། སྨད་རྒྱ་མཚོའི་ལྟེམ་པ་གཡུ་ཡིས་གང་ཞེས་པ་དང་། སྟོད་རི་རབ་བརྐོས་ནས་གསེར་ལེན་པ་དང་། སྨད་རྒྱ་མཚོ་དཀྲུགས་ནས་གཡུ་བླངས་ན། འདིས་སྐྱེ་ཁམས་ལ་གནོད་འཚེ་ཡོད་པས། རང་ས་རང་གིས་བཀུར་ཞིང་དེ་ལ་བདག་སྐྱོང་བྱས་ནས་མི་རབས་རྗེས་མའི་གཞི་འཁོར་བ་ཆགས་སའི་གནས་དང་། ཕུར་བ་རྡེབ་སའི་ས་རུ་འགྱུར་དགོས་པ། གཏམ་དཔེ་འདི་དག་གི་ཤུགས་ནས་སྐྱེ་ཁམས་དོ་མཉམ་ཡོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་མཚོན་ཞེས་དམངས་ཁྲོད་རིག་གནས་ཀྱི་རྒྱབ་རྟེན་བྱས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེའི་རང་བཞིན་གསལ་བཤད་བྱེད་དགོས། གཅིག་ནས་སློབ་ཚན་གསར་པའི་ནང་དོན་དང་འབྲེལ་ཡོད་ཀྱི་ཤེས་བྱ་རྒྱ་བསྐྱེད་ཐུབ་པ་དང་། གཉིས་ནས་སློབ་ཚན་གསར་པའི་ནང་དོན་ལ་གོ་བ་ལེགས་པོ་ཞིག་ལེན་པར་རམ་འདེགས་ཀྱི་ནུས་པ་ཐོན་ཡོད། གསུམ་ནས་སློབ་ཚན་དང་དོན་དངོས་ཀྱི་འཚོ་བའི་ཤེས་བྱ་དག་འབྲེལ་ནས་སློབ་ཁྲིད་ཀྱི་སྟ་གོན་བྱས་ན་འབྲས་བུ་འབུར་དུ་ཐོན་ཐུབ་སྙམ།
བཞི་པ། ལོ་རྒྱུས་རྒྱབ་ལྗོངས་ཀྱིས་འདྲེན་ཐབས།
དགེ་རྒན་གྱིས་ཐོག་མར་སློབ་ཚན་གྱི་ནང་དོན་ལ་གཞིགས་ནས་བྱ་བའི་རྐྱེན་དང་མི་སྣ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་ལོ་རྒྱུས་རྒྱབ་ལྗོངས་གསལ་བཤད་བྱེད་དགོས་པ་དང་། དེ་ལྟར་བྱས་ཚེ། སློབ་གྲོགས་རྣམས་པ་མྱུར་དུ་སློབ་ཚན་གསར་པའི་ནང་དོན་སློབ་སྦྱོང་བྱེད་སྙམ་པའི་སྤྲོ་བ་དང་ཀུན་སློང་སྐྱེ་ཐུབ། དཔེར་ན།《བཙན་པོའི་ཕོ་ཉ》ཞེས་པའི་སློབ་ཚན་ལྟ་བུར་མཚོན་ན། སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་རྒྱ་གར་དུ་མངགས་ནས་ད་ལྟ་སྤྱོད་བཞིན་པའི་བོད་ཡིག་གསར་དུ་བཟོས་པ། ཐང་རྒྱལ་རབས་དང་བལ་པོ་སོགས་ལ་འབྲེལ་བ་བཙུགས་པ་དང་། ལྷག་པར་ཐང་རྒྱལ་རབས་ཀྱི་ཀོང་ཇོ་ཁབ་ཏུ་བསུས་ནས་མཛའ་མཐུན་གྱིས་གཉེན་ལམ་བཙུགས་པ་སོགས་བཤད་ན། སློབ་གྲོགས་རྣམས་ཀྱིས་སློབ་ཚན་གསར་པའི་ནང་དོན་གྱི་གསང་བ་ཤེས་འདོད་ཀྱི་འདུན་པ་མྱུར་བར་འགུག་ཐུབ་པ་ཡིན། ཡང་དཔེར་ན།《རྒྱ་བོད་བར་གྱི་མཛའ་མཐུན》ཞེས་པའི་སློབ་ཚན་ལྟ་བུར་མཚོན་ན། དགེ་རྒན་གྱིས་ང་ཚོའི་མེས་རྒྱལ་ལ་གྲངས་ཉུང་མི་རིགས་ག་ཚོད་ཡོད་དམ་ཞེས་དྲི་བ་སློང་བ་དང་། སློབ་གྲོགས་ཚོས་དེ་ནི་སློབ་ཚན་འདི་སློབ་སྦྱོང་བྱས་ན་ཤེས་རྒྱུ་རེད་ལྟ་བུའི་སློབ་ཚན་གྱི་ནང་དོན་ཞིབ་ཕྲ་ཤེས་འདོད་ཀྱི་བསམ་བློ་དེ་མ་ཉིད་དུ་འགུག་ཐུབ་པ་ཡིན། དེ་ལ་ཁ་གསབ་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་རིགས་སོ་སོའི་མི་དམངས་ཀྱི་བརྩེ་སེམས་གཅིག་ཏུ་འབྲེལ་ཞིང་ཕན་ཚུན་བར་གྱི་མཐུན་སྒྲིལ་ཧ་ཅང་བཟང་ལ། སློབ་ཚན་འདི་བསླབས་པ་བརྒྱུད་ནས་རྩོམ་པ་པོས་མི་རིགས་བར་གྱི་མཛའ་མཐུན་ཇི་ལྟར་བྲིས་ཡོད་པ་སོགས་ཤེས་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注