སློབ་གསོ་པུའི་དགེ་རྒན་བྱ་བའི་སི་དང་ཀྲུང་གོ་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས2023ལོའི་གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་གསོ་སྐྱོང་བྱ་དགའི་འཆར་གཞི་མུ་མཐུད་ལག་བསྟར་བྱས་པ་དང་། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་འོས་སྦྱོར་དང་ཐོབ་ཐང་ཞིབ་བཤེར། གཅིག་བསྡུས་དཔྱད་མོལ། ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་མཐར་དགེ་རྒན299ནི2023ལོའི་གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་གསོ་སྐྱོང་བྱ་དགའི་འཆར་གཞིའི་ཁྲོད་བདམས་ཐོན་བྱུང་པར་གཏན་འཁེལ་བྱས་ཤིང་། དེའི་ནང་མཚོ་སྔོན་གྱི་དགེ་རྒན10ཚུད་འདུག གཤམ་དུ་ང་ཚོས་མཉམ་དུ་མིང་ཐོ་ལ་བལྟ་བར་བྱ།
2023ལོའི་གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་གསོ་སྐྱོང་བྱ་དགའི་འཆར་གཞིའི་འོས་མིའི་མིང་ཐོ།
སློབ་གསོ་པུའི་དགེ་རྒན་བྱ་བའི་སིས་དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་མཚན་ལྡན་དགེ་རྒན་དང་མཚན་ལྡན་སློབ་གཙོའི་གསོ་སྐྱོང་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ། ཁག་བགོས་ངང་བདམས་ཐོན་བྱུང་པའི་དགེ་རྒན་དག་མཚན་ལྡན་དགེ་རྒན་དང་མཚན་ལྡན་སློབ་གཙོའི་ལས་སྒྲུབ་ཁང་ནང་བཅུག་ནས་གསོ་སྐྱོང་བྱེད་པའམ་ཡང་ན་གསོ་སྐྱོང་བྱེད་ཐབས་གཞན་པ་སྤྱད་དེ་ནུས་པ་སྐྱེད་སྲིང་བྱ་རྒྱུ་རེད། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་སོ་སོས་ཆ་རྐྱེན་ལོང་བའི་གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་རྣམས་ས་གནས་དེ་གའི་རྐང་འཛིན་དགེ་རྒན་དང་། མཚན་ལྡན་དགེ་རྒན། གྲོང་གསེབ་ཀྱི་དབུ་བཞུགས་དགེ་རྒན་སོགས་གསོ་སྐྱོང་བྱེད་པའི་གོ་རིམ་ནང་བཅུག་ནས་གཙོ་གནད་ཐོག་རྒྱབ་སྐྱོར་དང་གསོ་སྐྱོང་བྱ་རྒྱུ་རེད། ཀྲུང་གོ་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་དང་མཉམ་འབྲེལ་ཐོག་བདམས་ཐོན་བྱུང་བའི་དགེ་རྒན་ལ་བྱ་དགའ་སྤྲོད་པ་དང་བྱ་དགའི་ཚད་གཞི་མི་རེར་སྒོར་ཁྲི1(ཁྲལ་འཇལ་རྗེས)སྤྲད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注