ཤ་བོ་སྐྱབས་ཀྱིས་ཧྲན་ཏུང་ཞིང་ཆེན་ཐའེ་ཨན་གྲོང་ཁྱེར་དུ་རྟོག་ཞིབ་གནང་པ།


   ཟླ5པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་དང་མཉམ་དུ་ཅི་ནན་གྲོང་ཁྱེར་དུ་ཧྲན་ཏུང·མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་རྗེས། ཐའེ་ཨན་གྲོང་ཁྱེར་དུ་བསྐྱོད་དེ་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་བྱ་བར་རྟོག་ཞིབ་གནང་།

   ཐའེ་ཨན་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་ཧྥིན་ནིང་པིན་གྱི་ཕེབས་རོགས་འོག་ཐའེ་ཧྲན་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དུ་བསྐྱོད་དེ་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་དང་རིག་གནས་འཛུགས་སྐྲུན། དེ་བཞིན་ཐག་ཟམ་ཀུང་སིའི་གཉེར་སྐྱོང་གནས་ཚུལ་བཅས་ལ་རྟོག་ཞིབ་གནང་ཞིང་། ཐའེ་ཨན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱང་ཧུང་ཐའོ་དང་བསམ་ཚུལ་བརྗེ་རེས་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས། ཤ་བོ་སྐྱབས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཐའེ་ཧྲན་ནི་འཛམ་གླིང་གི་རང་བྱུང་དང་རིག་གནས་ཟུང་འབྲེལ་གྱི་ཤུལ་བཞག་ཅིག་ཡིན་པ་ཁྱབ་བསྒྲགས་བྱས་ཤིང་། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ལྗོངས་ཁུལ་གྱི་སྙན་གྲགས་ཧ་ཅང་ཆེ་བ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར10ཡན་ལ་སླེབས་ཡོད་པས་གཉེར་སྐྱོང་གི་ཉམས་མྱོང་དང་འདུ་ཤེས་ཟབ་མོ་ལྡན་ཡོད། ཐའེ་ཧྲན་ཐག་ཟམ་ནི1983ལོར་བསྐྲུན་ཏེ་ལས་གཉེར་བྱེད་མགོ་བརྩམས་ཤིང་ཐག་ཟམ་འཛུགས་སྐྲུན་དང་སྲུང་སྐྱོང་། རིམ་སྤོར་སོགས་ཐད་ཕུན་སུམ་ཚོགས་པའི་ཉམས་མྱོང་ལྡན་ལ་གནད་སྨིན་འཐུས་ཚང་གི་གཉེར་སྐྱོང་ལམ་སྲོལ་ཞིག་ཆགས་ཡོད། མཚོ་བྱང་ཁུལ་དུ་རི་བོ་གྲགས་ཅན་མང་པོ་ཞིག་ཡོད་དེ་མདོ་ལའི་བཙུན་མོ་དམར་ཡག་མ་དང་འཇུ་ལག་གི་བྱ་རྒོད་རི། རྐང་ཚའི་གཉན་ཆེན་ཞལ་དཀར། མདའ་བཞིའི་སྨོན་ལམ་མཐོན་པོ་བཅས་ཡོད་ལ། སྨོན་ལམ་མཐོན་པའི་མཚོ་འཕགས་ལ་སྨི4024ཡོད་ཅིང་། མཚོ་སྔོན་པོའི་མཐའ་འཁོར་གྱི་བྱེ་ཐང་ཅན་གྱི་ས་ཆ་ཤར་ཕྱོགས་སུ་སྣུར་པར་བཀག་འགོག་བྱེད་པའི་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཞིག་ཡིན་པར་མ་ཟད་མཚོ་སྔོན་པོའི་ལྗོངས་ཁུལ་ཧྲིལ་བོར་ལྟ་སའི་རི་བོ་གཅིག་པུ་དེ་ཡིན།  སྨོན་ལམ་མཐོན་པོའི་མགོ་རུ་མཁའ་དམག་སྲུང་སྐྱོབ་གཉིས་གཉིས་གཅིག་རྟེན་གཞིའི་དཔུང་སྡེའི་དམག་སྒར་གྱི་རྗེས་ཤུལ་ཡོད་པ་དང་། རི་འདབས་སུ་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་ཡན་ལག་བཟོ་གྲྭ18ཀྱི་གནའ་ཤུལ་དང་འཕུར་མདའ་རྐྱང་བཀོལ་ཐོན་བརྒྱད་པའི་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་ཡོད་ལ། སྨོན་ལམ་མཐོན་པོའི་མཐའ་འཁོར་དུ་གསར་བརྗེའི་ཐོན་ཁུངས་གཅིག་སྡུད་བྱས་ཡོད་པས་དེ་ནི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་དང་གསར་བརྗེའི་སློབ་གསོ་སྤེལ་ཡུལ་གལ་ཆེན་ཞིག་ཡིན་པ་དང་། སྨོན་ལམ་མཐོན་པོ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་ནི་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསར་དུ་བཏོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཡིན་པ་དང་ལྗོངས་ཁུལ་འཛུགས་སྐྲུན་གྱི་ཐོག་མའི་འཆར་འགོད་ལེགས་འགྲུབ་བྱུང་ཡོད། གོམ་སྟབས་རྗེས་མའི་བྱ་བར་ཞིབ་ཕྲའི་སྒོ་ནས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཐའེ་ཧྲན་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རིག་གནས་ཀྱི་ནང་དོན་སྔོག་འདོན། ཡུལ་སྐོར་ཞབས་ཞུ་འགན་ལེན་ཐད་ཀྱི་བྱ་བའི་སྔོན་ཐོན་གྱི་ཉམས་མྱོང་མཉམ་སྤྱོད་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་དང་། ལྷག་པར་ཐག་ཟམ་གསར་སྤེལ་འཛུགས་སྐྲུན་ཐད་ཐའེ་ཧྲན་ཐག་ཟམ་ཀུང་སིས་ཆེད་ལས་མཛུབ་ཁྲིད་དང་རོགས་རམ་གནང་དགོས་པའི་བསམ་ཚུལ་བསྟན་པ་དང་། དུས་མཚུངས་སུ་ཐའེ་ཨན་གྲོང་ཁྱེར་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་མཚོ་བྱང་དུ་ཡོང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སློབ་གསོ་དང་ལེན་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་པ།     

   དབྱང་ཧུང་ཐའོ་ཡིས་ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྐྱོར་བྱ་བ་དང་ཟུང་འབྲེལ་བྱས་ཏེ་ཐའེ་ཨན་གྲོང་ཁྱེར་གྱིས་མཚོ་བྱང་ཁུལ་དང་བརྗེ་རེས་དང་འགྲོ་འོང་བྱེད་པར་སྔར་ལས་ཤུགས་སྣོན་རྒྱུ་ཡིན་པ་དང་། ཆེད་དོན་བྱ་བའི་ཚན་ཆུང་མངགས་ནས་སྨོན་ལམ་མཐོན་པོ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་མཚོ་བྱང་མངའ་ཁོངས་ཀྱི་རི་ཀླུང་གྲགས་ཅན་ལ་ཞིབ་འཇུག་བྱས་ཏེ་ལྗོངས་ཁུལ་གསར་སྤེལ་དང་ཐག་ཟམ་འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བ་མཉམ་དུ་བསྒྲུབ་ནས་མཉམ་སྐྲུན་འཕེལ་རྒྱས་ཀྱི་ལམ་སྲོལ་ཞིག་འཚོལ་ཞིབ་བྱ་རྒྱུ་ཡིན་པར་བཤད།    
   ཐའེ་ཨན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཀྲང་དབྱིན་དང་། གྲོང་གཙོ་གཞོན་པ་ཧྥིན་ནིང་པིན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་བཅས་ཀྱིས་ཕེབས་རོགས་གནང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号