ཤ་བོ་སྐྱབས་ཀྱིས་ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་སུ་རྟོག་ཞིབ་གནང་པ།


    ཟླ5པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་དང་མཉམ་དུ་ཅི་ནན་གྲོང་ཁྱེར་དུ་ཧྲན་ཏུང·མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་རྗེས། ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་སུ་བསྐྱོད་དེ་རྟོག་ཞིབ་གནང་།

    ཡུལ་དངོས་ནས་ཧྲན་ཏུང་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་གཞི་གྲངས་ཆེན་མོའི་ལས་སྟེགས་ལ་ལྟ་སྐོར་བྱས་ཏེ་སྡེ་ཚོགས་ཀྱི་འགན་འཁུར་བ་དང་ཚོང་འགུགས་མ་འདྲེན། ཤེས་ལྡན་མི་སྣ་གནད་སྨིན་སྒོས་བསྡུ་ཐབས། མཉམ་ལས་ཀྱི་བསམ་འདུན་ཡི་གེར་གན་རྒྱ་འཇོག་པ་སོགས་ཀྱི་ཐད་ཚོང་གཏམ་གྲོས་མོལ་གཏིང་ཟབ་བྱས། ཤ་བོ་སྐྱབས་ཀྱིས་ཧྲན་ཏུང་ཞིང་ཆེན་ལ་ཚན་ཞིབ་དང་ལག་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་ལེགས་ཆ་ལྡན་པ་དང་། ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་ནི་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་ལས་སྒོའི་མཛུབ་ཁྲིད་ཀྱི་ལས་ཁུངས་ཤིག་ཡིན་ལ། སྡེ་ཚོགས་ཀྱི་ཐོན་རྫས་ཞབས་ཞུ་དང་ལས་རིགས་ཀྱི་ཤུགས་རྐྱེན། གཞི་གྲངས་ཅན་གྱི་ཆུ་ཚད་སོགས་ཚང་མ་སྔོན་ཐོན་གྱི་གནས་བབ་ཐོག་སླེབས་ཡོད་པས། མཉམ་སྐྲུན་བརྗེ་རེས་བྱས་པ་བརྒྱུད་མཚོ་བྱང་ཁུལ་གྱི་ཤེས་ལྡན་མི་སྣའི་བྱ་བ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་། པགས་པ་དང་བལ།  ཁུ་ལུ་བཅས་ལས་སྣོན་དང་། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད། ཀྲུང་བོད་གསོ་རིག་སྨན་སྦྱོར་ཞིབ་འཇུག་གསར་གཏོད། ཚ་ནུས་ཐོན་ཁུངས་བེད་སྤྱོད། ཁེ་ལས་གཉེར་སྐྱོང་དོ་དམ། རྡོ་སོལ་གཏེར་ཁ་བདེ་འཇགས་ཐོན་སྐྱེད་སོགས་ཐད་ཀྱི་ཧྲན་ཏུང་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་། ཁ་གཏད་རོགས་སྐྱོར་དང་ཚོགས་པ་སྒྲིག་འཛུགས་བྱས་ནས་རོགས་སྐྱོར་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ལ།  དུས་མཚུངས་སུ། ཧྲན་ཏུང་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་ཀྱིས་ཧྲན་ཏུང་ཞིང་ཆེན་གྱི་རིགས་སོ་སོའི་ཤེས་ལྡན་མི་སྣ་དང་སྡེ་ཚོགས་ཀྱི་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་དུ་ཡོང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སློབ་གསོ་དང་ལེན་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་པ་ཡིན་པར་བཤད།

    སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ལས་འཛིན་པ། ཐའེ་ཧྲན་མཐོ་རིམ་སྤྱི་གཉེར་ཉམས་ཞིབ་གླིང་གི་ཡོན་ཀྲང་དབྱང་ཀོང་ཅུན་གྱིས་ཤེས་ལྡན་མི་སྣའི་རིག་སྟོབས་རོགས་སྐྱོར་ནི་ཧྲན་ཏུང་གི་མཚོ་སྐྱོར་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་ཀྱིས་ལས་སྒོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་བྱང་དང་ཧྲན་ཏུང་ས་གནས་གཉིས་ཀྱི་ཤེས་ལྡན་མི་སྣའི་བརྗེ་རེས་དང་འགྲོ་འོང་ལ་སྐུལ་འདེད་བཏང་ནས་མཚོ་བྱང་གི་རིག་གནས་ཡུལ་སྐོར་དང་སྨན་བཅོས་འཕྲོད་བསྟེན། ལས་རིགས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་སྐོང་རོགས་བྱེད་པ་དང་། མཚོ་བྱང་གི་ཤེས་ལྡན་མི་སྣའི་བྱ་བའི་གཞི་གྲངས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོགས་འདེགས་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པར་བསྟན།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་དང་། སྡེ་ཚོགས་ཀྱི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་གཉེར་བ་གཞོན་པ་ཀྲུའུ་གོ་ལེང་གིས་ཕེབས་རོགས་གནང་།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号