ཤ་བོ་སྐྱབས་ཀྱིས་ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོར་རྟོག་ཞིབ་གནང་པ།


   ཟླ5པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་ལྷན་དུ་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དུ་བཞུགས་མོལ་ཚོགས་འདུ་འཚོགས་རྗེས། ཐའེ་ཨན་གྲོང་ཁྱེར་ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོར(ཧྲན་ཏུང་ཞིང་ཆེན་གསོ་རིག་ཚན་རིག་གླིང)རྟོག་ཞིབ་གནང་པར་ཕེབས།

   ཤ་བོ་སྐྱབས་ཀྱིས་སློབ་གྲྭའི་འགྱེད་འཕྲོའི་རྟེན་མཛོད་ཁང་དུ་ལྟ་སྐོར་བྱས་པ་དང་སློབ་གྲྭ་དང་མཚོ་བྱང་གི་མཉམ་ལས་ལ་ཤུགས་སྣོན་རྒྱུར་དམིགས་ནས་བཞུགས་མོལ་ཚོགས་འདུ་འཚོགས། ཚོགས་ཐོག་ཏུ་ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོས་གསོ་རིག་ཤེས་ལྡན་པ་མངགས་ནས་མཚོ་བྱང་ལ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བྱང་གི་མིག་སྔའི་ཤེས་ལྡན་པ་མི་འདང་བ་དང་ཟུང་འབྲེལ་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱ་བའི་གྲོས་མགོ་བཏོན། སློབ་གྲྭའི་ཆེད་མཁས་པ་དང་བདེ་ཐང་དོ་དམ་ཆེད་ལས་ཤེས་ལྡན་པ་གདན་ཞུ་བྱས་ནས་མཚོ་བྱང་དུ་ཧྲན་ཏུང་མཚོ་སྔོན་མཐོ་སྒང་ལུས་ཕུང་བརྟག་དཔྱད་ལྟེ་གནས་བསྐྲུན་རྒྱུར་རོགས་རམ་དང་། སློབ་གྲྭའི་སྨན་རྫས་རིག་པ་དང་ཞོར་གཏོགས་སྨན་ཁང་སོ་སོའི་ཆེད་ལས་ཤེས་ལྡན་པའི་ལག་རྩལ་སྟོབས་ཤུགས་འདོན་སྤེལ་བྱས་ནས་མཚོ་བྱང་གི་ཀྲུང་བོད་གསོ་རིག་སྨན་རྫས་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་རམ་འདེགས་བྱེད་པ། མཐའ་འཁོར་གྱི་ཀྲུང་བོད་གསོ་རིག་སྨན་རྫས་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། སློབ་གྲྭས་སློབ་སྒྲུབ་ཐད་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་འདོན་སྤེལ་བྱས་ནས། མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭས་བོད་ལུགས་གསོ་རིག་ཆེད་ལས་རེ་ཞུ་བྱེད་པ་དང་སྨན་ཞབས་ཆེད་ལས་ཡག་པོ་གཉེར་རྒྱུར་ལག་རྩལ་མཛུབ་ཁྲིད་དང་ཤེས་ལྡན་པའི་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག མཚོ་བྱང་ལ་དམིགས་བཀར་སློབ་བསྡུའི་མིང་ཐོ་མཁོ་འདོན་དང་མཚོ་བྱང་གི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་གཞོགས་འདེགས་བཅས་བྱས་ཏེ་མཚོ་བྱང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།

   སློབ་གྲྭའི་ཏང་ཨུའི་ཨུ་ཡོན་ནམ་སློབ་གཙོ་གཞོན་པ་ཝང་ཕིན་ཁྲིན་གྱིས་ཤ་བོ་སྐྱབས་འཁོར་དང་བཅས་པར་དགའ་བསུ་ཞུས་པར་མ་ཟད། མཚོ་བྱང་ཁུལ་གྱིས་སློབ་གྲྭའི(གླིང)མཚོ་སྐྱོར་ལས་བྱེད་པའི་བྱ་བ་དང་འཚོ་བའི་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། སློབ་གྲྭའི(གླིང)འཕེལ་རྒྱས་བརྒྱུད་རིམ་དང་དེ་བཞིན་ཤེས་ལྡན་པ་གསོ་སྐྱོང་དང་རིག་ཚན་འཛུགས་སྐྱོང་། སློབ་གསོ་སློབ་ཁྲིད། ཚན་རིག་ཞིབ་འཇུག སྨན་བཅོས་འགོག་བཅོས་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་བཅས་ངོ་སྤྲོད་གནང་ཞིང་། སློབ་གྲྭའི(གླིང)ཐོན་ཁུངས་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་བྱས་ཏེ་མཚོ་སྐྱོར་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། 


   ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་དང་། ཐའེ་ཨན་ཁྲང་ཁྲེང་ལམ་སློབ་ཁུལ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་སུང་ཆའོ་ཞ། ཐའེ་ཨན་ཁྲང་ཁྲེང་ལམ་སློབ་ཁུལ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀའོ་ཞང་། འབྲིང་རིམ་གཙོ་འགན་རྩ་འཛུགས་མཁན་ནམ་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲང་ཝུན་ཕིང་། ཞོར་གཏོགས་སྨན་ཁང་གཉིས་པའི་ཏང་ཨུའི་ཨུ་ཡོན་ནམ་ཡོན་ཀྲང་གཞོན་པ་ཝང་ཅོན་ཆིན་བཅས་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号