ཟླ2པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཁུངས་སུ་བྱ་བར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གསན་པ་དང་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་ཁོངས་མི་དང་། ཆེད་དོན་ལས་དོན་ཨུ་ལྷན་ཁག་གི་ཀྲུའུ་རིན་ཨུ་ཡོན་དང་མཉམ་དུ་བཞུགས་མོལ་བརྗེ་རེས་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆན་གོ་ཆིན་གྱིས་ཕེབས་རོགས་ཞུས། ཤ་བོ་སྐྱབས་ཀྱིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་གནང་སྟེ། ཁོས་བསྟན་དོན། ན་ནིང་ནས་བཟུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མིའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམ་པོར་དམིགས་པ་དང་། དམངས་ཆེན་གྱི་འགན་འཁྲི་ཁྲིམས་ལྟར་བསྒྲུབས་ནས་མཚོ་བྱང་གི་བྱ་གཞག་སོ་སོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ལྷག་པར"243"འཕེལ་རྒྱས་ཀྱི་བཀོད་པར་རྩེ་གཅིག་ཏུ་དམིགས་ཤིང་། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ"གྱི་དམིགས་འབེན་ལ་རྩེ་གཅིག་ཏུ་གཏད་དེ། ལྟ་སྐུལ་བྱ་བའི་གནད་འཁེལ་ནུས་ལྡན་དང་འཐུས་མིའི་འགན་སྒྲུབ་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་བ། ཁྲིམས་བཟོའི་བྱ་བར་རྒྱུན་མཐུད་ངང་གཞོགས་འདེགས་བྱས་ཏེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བཏང་བ་དང་། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཏན་ཏིག་གིས་ཏང་སྲིད་ཇུས་གཅོད་ལ་དཔྱད་གཞི་ནུས་ལྡན་འདོན་སྤྲོད་བྱས་ཤིང་། ཞིང་ཆེན་དང་ཁུལ་གྱི"ཚོགས་ཆེན་གཉིས"ཀྱི་སྐབས། "འཐུས་མིའི་སྣང་བརྙན"གྱི་ཆེད་དོན་ལེ་ཚན་གྱི་ཆས་རྟགས་ཀྱི་ནུས་པ་བཏོན་ཞིང་ཞིང་ཆེན་ཕྱི་ནང་དུ་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྤྲོད་བྱས་ནས་དུས་རབས་གསར་པའི་དམངས་ཆེན་བྱ་བའི་དངོས་སྒྲུབ་ཉམས་འགྱུར་མངོན་པར་བྱས་ཡོད་ཟེར། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ཏང་འཛུགས་སྐྱོང་གིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ལ་སྣེ་ཁྲིད་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་དམངས་ཆེན་ཏང་སྐྱོང་བྱ་བའི་མ་ལག་ནང་ཟབ་འཇུག་བྱེད་པར་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མི་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པར་གདན་འདྲེན་ཞུས་ནས་དམངས་ཆེན་གྱི་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཉམས་ཞིབ་ཀྱི་ཆས་རྟགས་གདོད་དགོས། གཉིས་ནས་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་ཏེ་དམངས་ཀྱི་ཆེད་དུ་ཁྲིམས་བཟོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་བཟོའི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ་དང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་བཟང་པོའི་ཁྲིམས་དང་བྱམས་ལྡན་ཁྲིམས་བཟོས་ཏེ་ཁྲིམས་སྲོལ་ཚང་མ་ཚུགས་ཐུབ་པ་དང་བཀོལ་ནུས་པ། སྤྱོད་འཐུས་པར་འགན་ལེན་བྱེད་དགོས། གསུམ་ནས་དགོས་ངེས་རང་བཞིན་གྱི་ལྟ་སྐུལ་ལ་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། "གཞུང་གཅིག་ཁང་གཉིས"ཀྱི་བྱ་བ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གནད་དོན་གྱི་ལྡོག་ལན་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། "ཐོན་ལས་གླིང་ཁུལ་བཅུའི"འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ཆེད་དོན་གྲོས་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་ཀྱི་འགག་མདོ་སེལ་གང་ཐུབ་བྱས་ནས་ལྟ་སྐུལ་བྱ་བར་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། བཞི་ནས་འཐུས་མིའི་བྱ་བར་ཤུགས་བསྣན་ནས་འགན་སྒྲུབ་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས། "ཁང་གཉིས་དང་ལས་སྟེགས་གཅིག"གི་འཁོར་སྐྱོད་ཕན་འབྲས་ཆེ་རུ་བཏང་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཆེན་གྱི་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་དགོས་པ་དང་འཐུས་མིའི་གྲོས་འཆར་སྒྲུབ་གཉེར་གྱི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དཔེ་མཚོན་གྱོད་དཔེ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གི"གསེར་གྱི་ལྡེ་མིག"འདི་ཡག་པོ་སྤྱད་དེ་འཐུས་མིའི་བསམ་འཆར་དང་གྲོས་འཆར་གྱི"གསེར་འདུས་ཚད"མཐོ་རུ་བཏང་ནས་མང་ཚོགས་ཀྱི་སྐད་སྒྲ་དེ་བས་མང་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་བརྒྱུད་སྤྲོད་བྱེད་དགོས་པ་དང་། མང་ཚོགས་ཀྱི་བསམ་འཆར་དེ་བས་མང་བ་ཏང་དང་སྲིད་གཞུང་གི་ཐབས་ཇུས་དཔྱད་གཞི་གལ་ཆེན་དུ་འགྱུར་བར་བྱེད་དགོས། ལྔ་ནས་རིག་གནས་ཀྱི་ནང་དོན་ཟབ་ཏུ་བཏང་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ཁུ་ནུ་རིག་གནས་སྔོག་འདོན་བྱ་བར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་སྨོན་ལམ་མཐོན་པོ་དང་མེ་ལྷ་གངས་དཀར་སོགས་ལྗོངས་ཁུལ་གྱི་རིག་གནས་བརྒྱུད་རིམ་གསེད་བཀྲོལ་དང་ཡུལ་སྐོར་གསར་སྤེལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཙོ་གནད་ལྗོངས་ཁུལ་དུ་ཁུ་ནུ་རིག་གནས་ཀྱི་གཞི་རྒྱུ་བཙུགས་ནས་གཏམ་རྒྱུད་ཅན་གྱི་མངོན་ཚུལ་དང་ཡུལ་ལྗོངས་ཅན་གྱི་འགྲེམས་སྟོན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས། དྲུག་ནས་བྱ་བའི་བྱེད་ཐབས་གསར་གཏོད་བྱས་ནས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། "བློ་ལྡན་དམངས་ཆེན"གྱི་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་དྲིལ་སྒྲོག་གི་གཞི་རྟེན་དང་བརྒྱུད་སྒྲོག་བྱེད་སྟངས་གསར་གཏོད་བྱས་ཏེ་དམངས་ཆེན་གྱི་འགན་སྒྲུབ་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས། དམངས་ཆེན་འཐུས་མིའི"གཅེས་སེམས་ཐེབས་རྩ"འཛུགས་སྐྲུན་ལ་ཚད་ལྡན་ངང་སྐུལ་འདེད་བཏང་ནས་རྒྱ་ཆེའི་དམངས་ཆེན་འཐུས་མིས་སྣེ་ཁྲིད་དེ་རང་འགུལ་ངང་དགེ་སྒྲུབ་བྱ་གཞག་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས།ཆན་གོ་ཆིན་གྱིས་བསྟན་དོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་ཏང་གཤིས་ལ་སྣང་ཆེན་དང་རིག་པ་དྭངས་གསལ་གྱིས་བྱ་བ་སྒྲུབ་པ་དང་སྔར་རྒྱུན་བཞིན་དམངས་འཚོར་ཕན་འདོགས་པ་དང་། ལོ་འཁོར་མོའི་བྱ་བའི་གཙོ་གནད་དང་གསར་སྣོན་བྱ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་ཁྲིམས་བཟོ་པ་དང་ལྟ་སྐུལ་བྱེད་པ། དོན་དག་གལ་ཆེན་ཐག་གཅོད་བྱེད་པ། གོ་གནས་རིགས་བསྐོ་འཐེན་བྱེད་པ་བཅས་ཁྲིམས་ལྟར་ལག་བསྟར་བྱས་ཏེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་གྲུབ་འབྲས་གསར་པ་ཐོབ་དགོས་པ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཐད་བྱས་རྗེས་གསར་པ་མངོན་པ་དང་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གསར་པ་མངོན་པར་བྱས་ཏེ། ཁུལ་ཡོངས་ཀྱི་དར་རྒྱས་གོང་འཕེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དམངས་ཆེན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་དམངས་ཆེན་གྱི་འགན་འཁྲི་འཁུར་སེམས་མངོན་གང་ཐུབ་བྱེད་རྒྱུ་ཡིན་ཟེར།ཁུལ་གྱི་མགོ་ཁྲིད་ཀྲང་ཨའེ་ཧུང་དང་ཚའོ་ཅི་ཆང་གིས་ཕེབས་རོགས་ཞུས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སུའུ་བདུན་ཅུ་དང་ཝན་བཀྲ་ཤིས་དོན་འགྲུབ། ཝང་ཞིན་ཧུའེ་བཅས་ཞུགས།