2025ལོའི་རྒྱལ་ཡོངས་ལོ་སར་མཐོ་འཛེགས་ལུས་སྦྱོང་ཚོགས་ཆེན་མདོ་ལའི་ཡན་ལག་ཚོགས་རའི་ཨ་མྱེས་སྟོང་སོའི་ནགས་ཀློང་མཐོ་འཛེགས་རྐང་བགྲོད་བྱེད་སྒོ་རྒྱལ་ཁའི་ངང་སྤེལ།
ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། 2025ལོའི་རྒྱལ་ཡོངས་ལོ་སར་མཐོ་འཛེགས་ལུས་སྦྱོང་ཚོགས་ཆེན་མདོ་ལའི་ཡན་ལག་ཚོགས་རའི་ཨ་མྱེས་སྟོང་སོའི་ནགས་ཀློང་མཐོ་འཛེགས་རྐང་བགྲོད་བྱེད་སྒོ་དེ་ནགས་ཀློང་སྒར་འདེབས་རྟེན་གཞི་རུ་འཚོགས།
དམངས་ཡོངས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ངོས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང“རང་བྱུང་ཁམས་དང་ཉེ་བར་བཅར་བ། ལྗང་མདོག་ལུས་སྦྱོང”གི་འཚོ་བའི་འདུ་ཤེས་འདོན་སྤེལ་གང་ལེགས། “རྩལ་སྦྱང་ལ་དགའ་བ་དང་བདེ་ཐང་ལ་དང་དོད”ཀྱི་སྤྱི་ཚོགས་གོམས་སྲོལ་ཁྱབ་སྤེལ་བཏང་ནས་དགུན་དུས་ཀྱི་མདོ་ལའི་འཁྱགས་ཀློང་ལ་ཐེངས་གཅིག་མཉམ་རོལ་བྱས།
རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་ཧོ་ཀྲུང་དང་། རྫོང་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུ་ཀྲང་ལྕགས་ཐར། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཝུན་ཀྲེན། ཀྲུང་གོ་འཁྱེར་འཕྲིན་མཚོ་བྱང་ཡན་ལག་ཀུང་སིའི་ཏང་ཨུའི་ཨུ་ཡོན་དང་སྤྱི་གཉེར་བ་གཞོན་པ་ཐའོ་ཡུང་ཡའོ་མགོ་རྩོམ་མཛད་སྒོར་ཞུགས།
རྫོང་དཔོན་གཞོན་པ་མཱ་ཞའོ་ཆིན་གྱིས་མཛད་སྒོར་གཙོ་སྐྱོང་བྱས།
རྫོང་ཨུའི་སྡེ་ཚན་ཁག་དང་། རྫོང་ཐད་གཏོགས་ལས་ཁུངས་སྡེ་ཚན་སོ་སོ། རྫོང་སྡོད་ཞིང་ཆེན་དང་ཁུལ་གྱི་སྡེ་ཚན་སོ་སོའི་འགྲན་ཞུགས་མི་སྣ་དང་རྒྱ་ཆེའི་རྐང་བགྲོད་དགའ་མོས་མཁན་བྱེད་སྒོར་ཞུགས།
ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གོ་འཁྱེར་འཕྲིན་མདོ་ལའི་ཡན་ལག་ཀུང་སིས་དམིགས་བསལ་རྒྱབ་སྐྱོར་བྱས་པ་ཡིན། བྱེད་སྒོའི་སྟེང་རྫོང་ཡོངས་ཀྱི་རྐང་བགྲོད་དགའ་མོས་མཁན་མི1000ལྷག་ཞུགས་ཤིང་། མཉམ་གཅིག་མཐོ་འཛེགས་རྐང་བགྲོད་ཀྱི་གནས་སྐོར་ནས་མགོ་བརྩམས་ཏེ་ལོ་གསར་བ་ལ་སྨོན་འདུན་དང་རེ་ལྟོས་ཀྱིས་ཁེངས།
མགོ་བརྩམས་པའི་ཅོང་བརྡ་བརྒྱབ་པ་ནས་མཐོ་འཛེགས་རྐང་བགྲོད་པ་རྣམས་ཀྱིས་བརྩོན་སེམས་ངར་མོས་དམིགས་འབེན་གྱི་ཕྱོགས་སུ་ཧུར་གྱིས་བསྐྱོད། བྱེད་སྒོ་རིང་འགྲན་ཞུགས་པ་རྣམས་ཀྱིས་བརྩོན་སེམས་བཙོ་སྦྱངས་དང་མཐའ་འཁྱོངས་འདུ་ཤེས་ཀྱི་སྦྱོང་བརྡར་ཞིག་ལ་བརྩིས་ནས་ནགས་ཀློང་གི་ལམ་ཕྲན་བརྒྱུད་དེ་མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་ཐུན་མིན་དགུན་དུས་མཛེས་ལྗོངས་ལ་ཉམས་རོལ་བྱས།
ཉེ་བའི་ལོ་ཤས་རིང་། རང་རྫོང་གིས“ལུས་རྩལ+”ཡི་འཕེལ་རྒྱས་རྣམ་པ་གསར་གཏོད་བྱས། མདོ་ལས་མཐོ་འཛེགས་རྐང་བགྲོད་བྱེད་སྒོ་ནི་འགྲན་སྡུར་བྱེད་སྒོ་གཙོ་བོ་ཞིག་ཏུ་གཉེར་ནས་རང་བྱུང་གི་རི་ཀློང་ནགས་གསུམ་དང་རྩྭ་ཐང་གྲོག་རོང་སོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས། དུས་ཆེན་གལ་ཆེན་གྱི་མཚམས་ཚིགས་དང་སྦྱར་ནས་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་རྒྱུན་ལྡན་ཅན་དུ་སྤེལ། དུས་མཚུངས་སུ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་ཨ་མྱེས་སྟོང་སོའི་མཛེས་ལྗོངས་ཁུལ། ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་སོགས་ཁྱད་ལྡན་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་མདོ་ལ་རྫོང་ཆུ་འཁོར་སྐྱེ་ཁམས་ཁམས་གསོ་དང་མདོ་ལ་སྟོང་སོའི་ནགས་ཀློང་རི་ཁུལ། མདོ་ལ་རྫོང་རྒྱལ་ཁབ5Aརིམ་པའི་མཛེས་ལྗོངས་ཁུལ། ལ་བཙས་སྒང་སོགས་སྤུས་ལེགས་མཐོ་འཛེགས་རྐང་བགྲོད་ལམ་ཐིག་ཧུར་ཐག་གིས་བཏོད་ནས་མདོ་ལའི་མཐོ་འཛེགས་རྐང་བགྲོད་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཞག
ཐེངས་འདིའི་རྐང་བགྲོད་བྱེད་སྒོ་ཡིས་ཕྱི་རོལ་གྱི་ལུས་རྩལ་དང་མདོ་ལའི་ཕུལ་བྱུང་རིག་གནས་རྒྱུན་འཛིན། དགུན་དུས་མདོ་ལའི་སྐྱེ་ཁམས་མཛེས་པར་མཉམ་རོལ་བྱེད་པ་གཅིག་ཏུ་བསྲེས་ནས་མདོ་ལའི་དགུན་དུས་ཀྱི་ཐུན་མིན་སྐྱེ་ཁམས་རང་བྱུང་བཀོད་པ་ཕྱིར་ངོམས་ཤིང་། དམངས་ཡོངས་ལུས་སྦྱོང་བྱ་གཞག་གི་གོང་འཕེལ་དང་མི་དམངས་མང་ཚོགས་ཀྱི་དྲང་ཕྱོགས་ལས་བརྩོན་གྱི་བསམ་པའི་ཉམས་འགྱུར་ཕྱིར་མཚོན་བྱས་ཏེ་དམངས་ཡོངས་མཐོ་འཛེགས་རྐང་བགྲོད་ཀྱི་ལུས་སྦྱོང་བྱེད་སྒོའི་ཆས་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注