ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནས་རྙིང་དུ་སྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྒྲུབ།  



      ཟླ2པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་གཙོ་གནད་ལས་འགན་ལ་དམིགས་པ་དང་། སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལུགས་མཐུན་ངང་བེད་སྤྱོད་གཏོང་བའི་བྱ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནས་རྙིང་དུ་སྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྒྲུབ།    


    ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནས་རྙིང་གི་སའི་རྒྱ་ཁྱོན་དང་།    འཛུགས་སྐྲུན་བྱས་པའི་དངོས་ཟོག་གི་གྲངས་འབོར།  རིག་དངོས་ཉམས་གསོའི་བྱ་བ་ལེགས་སྒྲུབ་བྱས་ཚུལ་དང་དེ་བཞིན་སྲུང་སྐྱོབ་བེད་སྤྱོད་བྱ་བ་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ལ།   མཚོ་བྱང་ལ་རིག་དངོས་གྲངས་འབོར་དང་ལོ་རྒྱུས་ཀྱི་རྗེས་ཤུལ་མང་བོ་ཡོད་པ་དང་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་བྱ་བ་ཏན་ཏིག་ངང་བསྒྲུབས་པས་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་ཡོད།  དེར་བརྟེན། རིག་དངོས་སྲུང་སྐྱོབ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ“སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་འཛིན་པ་དང་མྱུར་སྐྱོབ་བྱེད་རྒྱུ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་ལ་ཤུགས་སྣོན་པ”བཅས་ཀྱི་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་རིག་དངོས་སྲུང་སྐྱོབ་བེད་སྤྱོད་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་སྲུང་སྐྱོབ་བྱེད་པའི་ཁྲོད་བེད་སྤྱོད་དང་བེད་སྤྱོད་བྱེད་པའི་ཁྲོད་སྲུང་སྐྱོབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།    


 ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་ཁག་གི་སྲུང་སྐྱོབ་བེད་སྤྱོད་བྱ་བའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རྟེན་གཞིའི་གནས་རྙིང་གི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་དོ་དམ། བེད་སྤྱོད་བཅས་ཀྱི་བྱ་བ་སྤྱི་འདོམས་ཡག་པོ་སྒྲུབ་དགོས་པ་དང་། ཕུགས་ལ་གཞི་ཚུགས་པ་དང་བསམ་ཕྱོགས་གསར་གཏོད། བརྒྱུད་རིམ་ལྡན་པའི་སྒོ་ནས་ཤུགས་སྣོན་པ་བཅས་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་སྔོན་ཐོན་བྱེད་ཐབས་སློབ་སྦྱོང་། རིག་དངོས་ལུགས་མཐུན་དང་འོས་འཚམ་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གསར་བརྗེའི་ཐོན་ཁུངས་རྒྱུན་མཐུད་ངང་བསྡུ་སྒྲིལ་བྱེད་པ། གསར་བརྗེའི་རིག་གནས་མངོན་གསལ་དོད་པ། གསར་བརྗེའི་ཕན་འབྲས་འདོན་སྤེལ་བྱེད་པ། གསར་བརྗེའི་མིང་བྱང་གསལ་བོ་བཟོ་བ་བཅས་བྱས་ནས་དེ་སྔའི་གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གནས་རྙིང་གི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་དང་འགྲིམ་འགྲུལ་སྟབས་བདེ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་དགོས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དེ་ཏང་གཤིས་སློབ་གསོ་དང་གསར་བརྗེའི་སློབ་གསོ། སྐྱེ་ཁམས་སློབ་གསོ་སོགས་མཉམ་སྦྱོང་དཔལ་འབྱོར་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་དར་སྤེལ་དང་།  གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན། རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་སོགས་ཁྱད་ལྡན་ཐོན་ལས་དང་ཟུང་འབྲེལ། རིམས་ནད་འགོག་སྡོམ་སོགས་ཀྱི་གཙོ་གནད་བྱ་བ་དང་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་སྲུང་སྐྱོང་། གཅིག་སྡུད་དོ་དམ། གཅིག་གྱུར་བེད་སྤྱོད་བཅས་ཧུར་ཐག་བྱེད་དགོས། རིག་དངོས་གསོན་ཉམས་ལྡན་པའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་དེང་རབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་རིག་དངོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་རང་ངོས་ཀྱི་ལས་སྒོའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་ལས་གཞི་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་པ་དང་། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། སྡོང་འཛུགས་ནགས་སྐྲུན་བྱེད་པ། བཟོ་གྲྭའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་བ་བཅས་བྱས་ནས་རིག་དངོས་སྲུང་སྐྱོབ་དང་མི་སེར་ཕྱུག་འགྱུར་མཉམ་དུ་སྐུལ་འདེད་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན།


   ཝང་ཀྲུང་དབྱི་དང་དབྱིན་མོ་ཝུན། ཚོ་ཅི་ཆང་བཅས་དང་དེ་བཞིན་ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས། 


གངས་ལྗོངས་འཕྲིན་གསར་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号