མདོ་ལ་རྫོང་གིས་བྱེད་ཐབས་གསུམ་གྱིས་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་པ་མཐའ་འཁྱོངས། མང་ཚོགས་ཀྱི་རིག་གནས་དགོས་མཁོ་གསར་བར་འབྲེལ་མཐུད་གནད་སྨིན། རིག་གནས་ཐོན་རྫས་དང་ཞབས་ཞུ་སྤུས་ལེགས་བཏོད་པ། རིག་གནས་བྱ་གཞག་དང་ཐོན་ལས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩལ་ཞིང་ཕན་འབྲས་ཐོན་པར་བྱས།

སྒྱུ་རྩལ་གསར་རྩོམ་ལ་ཤུགས་བསྣན་ནས་རིག་གནས་གནས་སྐོར་གྱི“འཕེལ་རྒྱས་གསར་བར”སྣེ་ཁྲིད་བྱས། མི་རིགས་གླུ་གར་འཁྲབ་སྟོན་ཆེ་གྲས《མདོ་ལ་ལྷ་ཡི་ཞིང་ཁམས》དང་གསར་བརྗེའི་བྲོ་གར《མདོ་ལའི་བླ་སྲོག》ནང་དོན་རིམ་སྤོར་ཚད་འདེགས་བྱས་ཤིང་། རིག་གནས་གནས་སྐོར་དྲིལ་སྒྲོག་གློག་བརྙན《མདོ་ལ་ལྷ་ཡི་ཞིང་ཁམས—སྙན་ངག་དང་རྒྱང་རིང་གི་ཁྱིམ་གཞིས》《མདོ་ལར་འཕྲད་པ》གསར་རྩོམ་བགྱིས་ནས་བཏོན། རིག་གནས་གནས་སྐོར་དྲིལ་སྒྲོག་ལག་དེབ《མདོ་ལའི་ལག་བྲིས་ས་ཁྲ》《ཁོངས་ཡོངས་གནས་སྐོར་དྲིལ་སྒྲོག་དེབ》《གྲོང་གསེབ་གནས་སྐོར་དྲིལ་སྒྲོག་དེབ》བཟོས་པ། གསར་རྩོམ་གླུ་དབྱངས《སེམས་ཀྱི་མདོ་ལ》དང་ཞབས་བྲོ《འབྲོག་པའི་ཕོ་རྒོད》སོགས་ཕུལ་བྱུང་སྤུས་ལེགས་རིག་རྩལ་བརྩམས་ཆོས་མང་དུ་བཏོན། མདོ་ལ་རྫོང་རིག་གནས་ཁང་དང་མདོ་ལ་རྫོང་མི་རིགས་སྒྱུ་རྩལ་ཚོགས་པ་ལ་རྒྱལ་ཡོངས་ཀྱི“ཞབས་ཞུ་ཟུང”གི་རིག་གནས་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་ཚོགས་པའི་མཚན་སྙན་ཐོབ། 

མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་ཤུགས་བསྣན་ནས་རིག་གནས་གནས་སྐོར་གྱི“ནང་དོན་གསར་བ”འཚོལ་ཞིབ་བྱས། མདོ་ལའི་སྣ་མང་གི་ལོ་རྒྱུས་མི་རིགས་རིག་གནས་དང་གསར་བརྗེའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཤིང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རྣམ་གྲངས1དང་། ཞིང་ཆེན་རིམ་པའི་གཟུགས་འདས་རྣམ་གྲངས5 ཁུལ་རིམ་པའི་གཟུགས་འདས་རྣམ་གྲངས10 རྫོང་རིམ་པའི་གཟུགས་འདས་རྣམ་གྲངས17རེ་ཞུ་ལེགས་འགྲུབ་བྱས། གཟུགས་འདས་རྒྱུན་འཛིན་པ46གསོ་སྐྱོང་བྱས་ཤིང་། དེའི་ཁྲོད་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ4དང་ཁུལ་རིམ་པའི་རྒྱུན་འཛིན་པ7 རྫོང་རིམ་པའི་རྒྱུན་འཛིན་པ35ཡོད། མདོ་ལ་རྫོང་གཟུགས་འདས་ཤུལ་བཞག་རིག་གནས་བཤམས་སྟོན་ཁང3བསྐྲུན། དུས་མཉམ་དུ། སྤྱི་ཚོགས་སྟོབས་ཤུགས་ཧུར་ཐག་གཅིག་ཏུ་སྒྲིལ་ཞིང་། བརྒྱུད་ལམ་མང་པོ་དང་ཕྱོགས་མང་པོ་ནས“མཁར་དམར་ཐུག་འཕྲད”ཀྱི་འཇིམ་བརྐོས་དང་མཁར་དམར་གནའ་མཁར་རྟེན་མཛོད་ཁང་། དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་། གསར་བརྗེ་ཞིབ་སློབ་ཁང་སོགས་གསར་བརྗེ་གནས་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱས།

ཁྱས་ཆོས་ཅན་གྱི་བྱེད་སྒོ་སྤེལ་ནས་རིག་གནས་གནས་སྐོར་གྱི“འཚོ་བའི་རྣམ་པ”ཆགས་པར་བྱས། “ལུས་རྩལ+རིག་གནས+གནས་སྐོར+བདེ་ཐང”གི་འཕེལ་རྒྱས་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ་དང་གསར་སྐྲུན་བྱས་ཤིང་། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་སྡུར—མདོ་ལའི་འགྲན་དུམ་དང་། རྒྱལ་ཡོངས་སྒར་འདེབས་ཚོགས་ཆེན། མདོ་ལའི་འཕུར་སྐྱོད་དུས་སྟོན་སོགས་ཤུགས་རྐྱེན་ཐེབས་ཚད་ངེས་ཅན་ལྡན་པའི་འགྲན་སྡུར་བྱེད་སྒོ་སྔ་རྗེས་སུ་སྤེལ། ལྷ་ཁམས་ཉམས་སྣང་སྲང་ལམ་དང་རིག་གནས་ཐང་ཆེན་སོགས་ར་བ་ལ་བརྟེན་ནས་མཚན་མོའི་ཐང་ཆེན་ཞབས་བྲོ་དང་སྐོར་བྲོ་སོགས་མཚན་མོའི་ལུས་རྩལ་སྦྱོང་བརྡར་བྱེད་སྒོ་ཧུར་ཐག་གིས་སྤེལ་ནས་གནས་སྐོར་མགྲོན་པོ་མང་པོ་བཀུག མཚན་མོའི“ལུས་རྩལ+བཟའ་བཏུང”དང“ལུས་རྩལ+ཉོ་སྒྲུབ”“ལུས་རྩལ+རོལ་རྩེད”སོགས་འཛད་སྤྱོད་བོགས་ནུས་སྔོག་འདོན་བྱས་ཏེ་མཚན་མོའི་ལུས་རྩལ་འཛད་སྤྱོད་ཀྱི་དར་སྲོལ་གསར་བ་སྣེ་ཁྲིད་བྱས། དུས་མཚུངས་སུ། ལུས་རྩལ་སྒྲིག་ཆས་གསར་བརྗེ་དང་སྲུང་སྐྱོང་། དོ་དམ་ནུས་ཤུགས་ལ་མུ་མཐུད་ཤུགས་བསྣན་ནས་སྤྱི་པའི་ལུས་རྩལ་ཞབས་ཞུ་མཐོར་འདེགས་སུ་བཏང་། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ལུས་རྩལ་ར་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི15.39ལ་ཐོན་ཡོད་པ་དང་། རྫོང་ཡོངས་ཀྱི་མི་གྲངས་ནི་ཁྲི5.3ཡིན་པ་ལ་མི་རེའི་ཆ་སྙོམས་ལུས་རྩལ་ར་བའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ3.19ཡིན། སྡེ་ཁུལ་སྤྱི་པའི་ལུས་རྩལ་སྒྲིག་ཆས་བཀོད་སྒྲིག་དང་སྡེ་བ་རིམ་པའི་ལུས་སྦྱོང་ལས་གཞི་ཁྱབ་ཚད100%ལ་སླེབས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号