མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྐྱེ་ཁམས་ཡུལ་སྐོར་རང་འགུལ་གནམ་གཤིས་ས་ཚིགས་ཐོག་མ་ཁེ་རམ་ཐང་ལྗོངས་ཁུལ་དུ་བསྐྲུན།

ཉེ་ཆར། མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྐྱེ་ཁམས་ཡུལ་སྐོར་རང་འགུལ་གནམ་གཤིས་ས་ཚིགས་ཐོག་མ་ཁེ་རམ་ཐང་ལྗོངས་ཁུལ་དུ་བསྐྲུན། ས་ཚིགས་དེར་རབས་གསར་པའི་རིག་ནུས་རང་འགུལ་གནམ་གཤིས་ས་ཚིགས་སྤྱོད་རྒྱུ་ཡིན་ཞིང་དེ་དག་གིས་གནམ་གཤིས་དང་བརླན་ཚད། རླུང་གནོན། རླུང་ཕྱོགས། རླུང་གི་མྱུར་ཚད། ཆར་ཚད། སྨུག་ཕྱིའི་ཁྱབ་འགྱེད་སོགས་གནམ་གཤིས་ཀྱི་རྒྱུ་རྐྱེན་གཙོ་བོ་བདུན་དུས་ཐོག་ཏུ་འཚོལ་བསྡུ་བྱེད་ཐུབ།

      སྐྱེ་ཁམས་ཡུལ་སྐོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་བསྐྲུན་པ་དེས་ལྗོངས་ཁུལ་གྱི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ནུས་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་ལྗོངས་ཁུལ་ཉེ་འཁོར་གྱི་མང་ཚོགས་ལ་དེ་བས་ཞིབ་ཅིང་ཕྲ་བའི་གནམ་གཤིས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད། དེ་དང་ཆབས་ཅིག གནམ་གཤིས་སྡེ་ཁག་གིས་ཀྱང་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་གཞིར་བཟུང་ནས་ལྗོངས་ཁུལ་གྱི་ཡུལ་སྐོར་དོ་དམ་སྡེ་ཁག་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་ཆོག

        རྐང་ཚ་རྫོང་གནམ་གཤིས་ཅུས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་རྒྱུའི་ཐད་མུ་མཐུད་ཤུགས་བསྣན་ནས་ཁྱོན་ཡོངས་དང་ཕན་ནུས་ཆེ་བའི་སྐྱེ་ཁམས་ཡུལ་སྐོར་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་བ་ནུས་ཤུགས་ཡོད་དགུས་འཛུགས་རྒྱུ་རེད། སྤུས་ཚད་དོ་དམ་མ་ལག་འཐུས་ཚང་དུ་གཏོང་པ་དང་ལྟ་ཞིབ་ཚད་ལེན་གྱི་འགག་རྩའི་ལྷུ་ཚིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་པ། གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་པ། གཞི་གྲངས་མཁོ་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་པ་བཅས་བྱས་པ་བརྒྱུད་རྐང་ཚའི་ས་ཁུལ་གྱི་གཙོ་གནད་ཡུལ་སྐོར་ལྗོངས་ཁུལ་དང་དེ་བཞིན་ཡུལ་སྐོར་ལམ་ཐིག་ལ་ཞིབ་ཚགས་ཅན་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱ་ཆེད་རམ་འདེགས་བྱས་ནས་ཡུལ་སྐོར་གནམ་གཤིས་ཞབས་ཞུའི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号