མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ“མཚོ་སྔོན་གྱི་ལིང་གྱོ་རྒྱ”མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་རྟ་རྒྱུག་འགྲན་སྡུར་གྱི་སྤྱི་བསྒྲགས།
མཚོ་སྔོན་གྱི་རྟ་རྒྱུག་སྲོལ་རྒྱུན་རིག་གནས་སྔར་ལས་དར་སྤེལ་དང་རྒྱུན་འཛིན་གཏོང་བ་དང་། མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི“མཚོ་བྱང་ཁུལ་གྱི་དགུན་དུས་གནས་སྐོར་གྱི་གོམ་པ་དང་པོ་སྤོ”བའི་སྐོར་གྱི་བླང་བྱ་ལྟར། “ལྟེ་གནས་གཅིག་གིས་ཕྱོགས་ཡོངས་སྦྲེལ་བའི”སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རང་རྟོགས་སྒོས་འགན་ལེན་བྱས་ཏེ། ཐེངས་འདིར“མཚོ་སྔོན་གྱི་ལིང་གྱོ་རྒྱ”མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་རྟ་རྒྱུག་འགྲན་སྡུར་སྐབས་དང་པོ་སྤེལ་བ་བརྒྱུད་ནས། རིགས་སོ་སོའི་རྟ་བདག་མང་ཚོགས་དང་གནས་སྐོར་པ་མང་པོ་རྟར་ཞོན་ནས་སྨོན་ལམ་མཐོན་པོར་གནས་སྐོར་དུ་འགྲོ་བ་དང་། མདའ་བཞིའི་སྐྱེ་ཁམས་ལ་མྱོང་རོལ་བྱེད་པར་སྐུལ་འདེད་གཏོང་བ། གཞན་ཡང་། སྲོལ་རྒྱུན་རྟ་རྩལ་འགྲན་སྡུར་ལ་མྱོང་རོལ་དང་རི་ལུང་བགྲོད་པའི་ནུས་ཤུགས་འགྲན་སྡུར་སོགས་ཀྱི་ཡུལ་སྐོར་ལས་གཞི་གསར་སྤེལ་བྱ་རྒྱུར་རྨང་གཞི་བརྟན་པོ་འདིང་བ། དེ་བཞིན། ཤུགས་ཆེན་པོས་སྨོན་ལམ་མཐོན་པོའི་སྟོན་དགུན་དུས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་གསར་བརྗེའི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་བྱེད་པ་བཅས་ཀྱི་ཆེད་དུ། ནུབ་མཚོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས“མཚོ་སྔོན་གྱི་ལིང་གྱོ་རྒྱ”མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་རྟ་རྒྱུག་འགྲན་སྡུར་སྤེལ་རྒྱུ་གཏན་འཁེལ་བྱས་པ་དང་འགྲན་སྡུར་གྱི་ཞིབ་ཕྲའི་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།
གཅིག འགྲན་སྡུར་གྱི་དུས་ཚོད་དང་ས་གནས།
འགྲན་སྡུར་གྱི་དུས་ཚོད་ནི། 2024ལོའི་ཟླ11ཚེས15ཉིན(གཟའ་པ་སངས)ཆུ་ཚོད10:00སྟེང་འགོ་བརྩམ་རྒྱུ་ཡིན།འགྲན་སྡུར་བྱ་ཡུལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དང་སྨོན་ལམ་མཐོན་པོའི་སྐྱེ་ཁམས་གནས་་སྐོར་གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་རྟེན་གཞི།
གཉིས། འགྲན་སྡུར་གྱི་ལམ་ཐིག
ཐེངས་འདིའི་འགྲན་སྡུར་གྱི་ལམ་ཚད་ཧྲིལ་པོར་སྤྱི་ལེ13ཡོད་པ་དང་། སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་ནས་སྨོན་ལམ་མཐོན་པོའི་རི་རྩེ་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ13ཡོད་ལ། ལམ་ཐག་ཧྲིལ་པོར་བྱེ་རྡོའི་ལམ་ངོས་ཡིན་པས། འགྲན་སྡུར་གྱི་ལམ་བུ་བགྲོད་དཀའ་བ་ཡིད་ལ་འཇགས་དགོས།
གསུམ། མིང་ཐོ་འགོད་སྟངས་དང་ས་གནས།
མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ10ཚེས20ཉིན་ནས་ཟླ11ཚེས13ཉིན་གྱི་ཆུ་ཚོད18:00བར་ཡིན་ཞིང་། དུས་ཚོད་ཡོལ་ཚེ་མིང་ཐོ་འགོད་མི་ཆོག་པ་དང་འགྲན་སྡུར་ནང་ཞུགས་མི་ཆོག
ཡུལ་དངོས་མིང་ཐོ་འགོད་ས། མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་གཉིས་གཉིས་གཅིག་རྟེན་གཞིའི་གནས་ཡུལ་རྙིང་པའི་བཟོ་གྲྭ་བརྒྱད་པ།
ཁ་པར་ཐོག་མིང་ཐོ་འགོད་པའི་འབྲེལ་གཏུག་མི་སྣ། ཡུས་ཧུའེ། 18197365036
ནུབ་མཚོ་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ། སྐལ་འབུམ་རྒྱལ། 13086248886
སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མི། ཀེ་ལི་ཧའེ། 18809709993
ཐེངས་འདིའི་འགྲན་སྡུར་གྱི་མིང་ཐོ་འགོད་པའི་འགྲོ་གྲོན་ནི་མི་རེའི་སྒོར80ཡིན་པ་དང་། མིང་ཐོ་བཀོད་རྗེས་དུས་ཐོག་ཏུ་འགྲན་སྡུར་ནང་ཞུགས་མ་ཐུབ་ཚེ་མིང་ཐོ་འགོད་པའི་འགྲོ་གྲོན་ཚང་མ་ཕྱིར་སློག་བྱ་རྒྱུ་མིན།
བཞི། གཙོ་གཉེར་སྡེ་ཁག
མདའ་བཞི་རྫོང་མི་དམངས་སྲིད་གཞུང་།
ལྔ། སྒྲུབ་འགན་འཁུར་བའི་ལས་ཁུངས།
ནུབ་མཚོ་གྲོང་རྡལ་མི་དམངས་སྲིད་གཞུང་དང་མཚོ་བྱང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས།
དྲུག གཞོགས་འདེགས་ལས་ཁུངས།
མཚོ་སྔོན་པོའི་རྟ་རྒྱུག་ཚོགས་པ།
བདུན། འགྲན་སྡུར་གྱི་བྱ་དགའ།
ཨང་དང་པོར་བྱ་དགའ་སྒོར10000དང་གཟི་བརྗིད་དཔང་ཡིག
ཨང་གཉིས་པར་བྱ་དགའ་སྒོར6000དང་གཟི་བརྗིད་དཔང་ཡིག
ཨང་གསུམ་པར་བྱ་དགའ་སྒོར3000དང་གཟི་བརྗིད་དཔང་ཡིག
ཨང་བཞི་པར་བྱ་དགའ་སྒོར1000དང་གཟི་བརྗིད་དཔང་ཡིག
ཨང་ལྔ་པར་བྱ་དགའ་སྒོར800དང་གཟི་བརྗིད་དཔང་ཡིག
ཨང་དྲུག་པར་བྱ་དགའ་སྒོར500དང་གཟི་བརྗིད་དཔང་ཡིག
ཨང་བདུན་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
ཨང་བརྒྱད་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
ཨང་དགུ་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
ཨང་བཅུ་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
ཨང་བཅུ་གཅིག་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
ཨང་བཅུ་གཉིས་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
ཨང་བཅུ་གསུམ་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
ཨང་བཅུ་བཞི་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
ཨང་བཅོ་ལྔ་པར་བྱ་དགའ་སྒོར300དང་གཟི་བརྗིད་དཔང་ཡིག
མཆན། ཐེངས་འདིའི་འགྲན་སྡུར་ནང་ཞུགས་པའི་རྟ་མཆོག་གི་སྣ་ཁ་དང་གཟུགས་པོའི་རིང་ཚད་མི་དབྱེ་ཞིང་། འགྲན་སྡུར་ནང་ཞུགས་མཁན་ཞིང་ཆེན་ཡོངས་ཡིན། ཐེངས་འདིའི་འགྲན་སྡུར་ནང་ཨང་རིམ་ཐོབ་པའི་རྟ་ཕུད། རྟ་གཞན་དག་བདེ་བླག་ངང་འགྲན་སྡུར་ནང་ཞུགས་ཐུབ་ཚེ་བྱ་དགའ་སྤུས་ལེགས་ཤིག་སྤྲོད་རྒྱུ་ཡིན།
བརྒྱད། འགྲན་སྡུར་གྱི་སྒྲིག་སྲོལ།
1.ལུས་རྩལ་པས་ངེས་པར་དུ་བདེན་དཔང་རྒྱུ་ཆ་ངོ་མ་འདོན་སྤྲོད་བྱེད་དགོས་པ་དང་། མི་བདེན་རྫུན་སྒྲིག་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས།
2.སྒྲིག་སྲོལ་ལ་གཞིགས་ནས་འགྲན་སྡུར་སྔོན་ལ་གཟུགས་པོར་བརྟག་དཔྱད་ནན་མོ་བྱས་ཏེ་འགྲན་སྡུར་གྱི་ཉེན་ཁའི་བརྡ་ཡིག་ལ་མིང་རྟགས་འགོད་དགོས།
3.འགྲན་སྡུར་གྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་མོ་བྱས་ཏེ་ཁྲིམས་གཅོད་བཀོད་འདོམས་ལ་བརྩི་སྲུང་དང་། ཆད་པ་ཕོག་མཁན་དང་ཁྲིམས་འགལ་མི་སྣར་སྒྲིག་སྲོལ་དང་གཏན་འབེབས་ཀྱི་གོ་རིམ་ལྟར་རྒོལ་གཏམ་གཏོང་བའམ་ཡང་ན་རྒྱུ་མཚན་ཞུ་འབུལ་བྱེད་དགོས།
4.འགྲན་ཡ་ལ་བརྩི་འཇོག་དང་། ཤན་འབྱེད་པར་བརྩི་འཇོག ལྟད་མོ་བར་བརྩི་འཇོག་བྱས་ནས་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་དང་། ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས།
5.རང་ཉིད་དང་མི་གཞན་གྱི་བདེ་འཇགས་ལ་འགན་ཁུར་བ་དང་། འགྲན་ཞུགས་པའི་བར་གྱི་བར་ཐག་ཅུང་ཉེ་བའི་སྐབས་སུ་རྟ་ལྕག་མི་སྤྱོད་པ་དང་། དཀའ་ཁག་ཅན་གྱི་འགྲན་རྒྱུག་གི་བརྒྱུད་རིམ་ཁྲོད་གོ་རིམ་ཡོད་པའི་སྒོ་ནས་གྲལ་སྒྲིག་སྟེ་ཕན་ཚུན་ལ་ལྟ་རྟོག་བྱེད་དགོས།
6.ཁོར་ཡུག་ལ་སྲུང་སྐྱོབ་དང་། གད་སྙིགས་གང་བྱུང་དུ་མི་འཕེན་པ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་གྱི་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱ་དགོས་ལ། མེ་རྫས་ཁྱེར་མི་ཆོག་པ་དང་བཀོལ་མི་ཆོག འགྲན་ཞུགས་པ་རྣམས་ངེས་པར་དུ་གཏན་འབེབས་བྱས་པའི་འགྲན་ལམ་ཐོག་བསྐྱོད་པ་ལས། གཏན་འབེབས་ཀྱི་བགྲོད་ལམ་བརྒལ་མི་ཆོག
7.བྱ་དགའ་ཐོབ་པའི་རྟ་པ་ངེས་པར་དུ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་དགོས་པ་དང་། བྱ་དགའ་སྤྲོད་པའི་མཛད་སྒོར་མི་ཞུགས་པ་ཡིན་ན་ཨང་རིམ་དང་བྱ་དགའི་མ་དངུལ་མེད་པར་བྱ་རྒྱུ་ཡིན།
8.ཚུལ་མིན་གྱི་སྐད་ཆ་དང་བྱ་སྤྱོད་གཏན་འགོག་བྱས་ནས་འགྲན་སྡུར་སྤེལ་ཡུལ་གྱི་ས་གནས་དམངས་སྲོལ་རིག་གནས་ལ་བརྩི་འཇོག་བྱ་དགོས།
དགུ། དུས་ཚོད་བརྩི་བ་དང་གྲུབ་འབྲས།
1. དུས་ཚོད་བརྩི་བ།
འགྲན་སྡུར་གྱིས་སྲོལ་རྒྱུན་གྱི་མིའི་ཐབས་ཀྱིས་དུས་ཚོད་བརྩི་བའི་བྱེད་ཐབས་སྤྱད་དེ། འགྲན་སྡུར་བྱེད་པའི་གོ་རིམ་ཁྲོད་དུ་ཤན་འབྱེད་མི་སྣ་ཁག་ཅིག་རིམ་པ་བགོས་ནས་འགྲན་སྡུར་ལ་ཞུགས་པའི་རུ་ཁག་དང་མཉམ་དུ་དུས་ཚོད་བརྩི་བའི་བདེན་དངོས་རང་བཞིན་ལ་ཁག་ཐེག་བྱེད་རྒྱུ་ཡིན།
2.གྲུབ་འབྲས་དང་ཨང་རིམ།
ཐེངས་འདིའི་གྲན་བསྡུར་ལས་སྤྱི་ལེ13གྱི་རྒྱུགས་འབྲས་ཞེས་པ་ནི་རྟའི་འགྲན་སྡུར་ཁྲོད་དུས་ཚོད་ཆེས་ཉུང་ཤས་སྤྱོད་མཁན་དེར་རྒྱལ་ཁ་ཐོབ་མཁན་དུ་ཟེར་བ་ཡིན།
3.འགྲན་སྡུར་ཚར་རྗེས་དང་འགྲན་སྡུར་ལས་འབུད་པ།
འགྲན་སྡུར་ཚར་བ་ནི་འགྲན་ཞུགས་པ་རྣམས་གཏན་འབེབས་བྱས་པའི་དུས་ཚོད་ནང་བཀོད་སྒྲིག་ལྟར་འགྲན་སྡུར་གྱི་རྒྱུད་རིམ་ཡོངས་ལ་ཞུགས་པའི་བྱ་སྤྱོད་ལ་ཟེར། འགྲན་སྡུར་ལས་བུད་པ་ནི་རྟ་པ་དང་རྟ་གང་རུང་གཟུགས་གཞི་བདེ་ཐང་སོགས་ཀྱི་རྐྱེན་གང་རུང་གིས་འགྲན་སྡུར་ལ་ཞུགས་མི་ཐུབ་པའམ། ཡང་ན་རང་འགུལ་གྱིས་འགྲན་སྡུར་ལ་མི་ཞུགས་པའི་བྱ་སྤྱོད་ལ་ཟེར། འགྲན་སྡུར་སྐབས་སུ་རྒྱུ་རྐྱེན་གང་རུང་གིས་འགྲན་རིམ་ཡོངས་རྫོགས་ལེགས་འགྲུབ་བྱུང་མི་ཐུབ་པའི་གནས་ཚུལ་བྱུང་དུས་ངེས་པར་དུ་ལམ་མཚམས་ཀྱི་ངལ་གསོའི་ས་ཚིགས་སུ་སོང་ནས་ཤན་འབྱེད་པར་གནས་ཚུལ་ཡར་ཞུ་བྱ་དགོས་པར་མ་ཟད། རྩ་འཛུགས་ཨུ་ཡོན་ལྷན་ཁང་ལ་བརྡ་གཏང་དགོས། རྟ་པ་རྣམས་ཀྱིས་དུས་ལྟར་ཤན་འབྱེད་པར་གནས་ཚུལ་ཡར་ཞུ་མ་ཞུས་པར་གང་འདོད་དུ་འགྲན་སྡུར་ལས་བུད་པ་ཡིན་ན། འགྲན་སྡུར་གྱི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན།
བཅུ། འགྲན་སྡུར་གྱི་ཨང་གྲངས།
1. འགྲན་ཞུགས་ཨང་རྟགས་མིག་གིས་མཐོང་སར་་གྱོན་ནས་འགྲན་བསྡུར་ཁྲོད་ཀྱི་དུས་ཚོད་གང་གི་ནང་དུའང་གསལ་པོར་མཐོང་ཐུབ་པ་བྱེད་དགོས།
2.ལུས་རྩལ་པས་འགྲན་ཞུགས་ཨང་རྟགས་བཟོ་བཅོས་དང་བཙོག་པ་བཅས་བྱས་ཚེ་ཆད་པ་ཕོག་པའམ་ཡང་ན་འགྲན་སྡུར་གྱི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན།
བཅུ་གཅིག འགོ་འཛུགས་ས་དང་མཇུག་མཐའི་གནས།
1.འགོ་འཛུགས་ས། མཐོན་པོ་སྒང་སྒར་འདེབས་རྟེན་གཞི།
(1)འགྲན་སྡུར་མ་བྱས་གོང་དུ་ཉུང་མཐར་ཡང་སྐར་མ30ཡི་སྔོན་ལ་ཞིབ་བཤེར་བྱེད་པ་དང་། འགྲན་སྡུར་འགོ་བརྩམས་ནས་སྐར་མ10འགོར་རྗེས། བདམས་ཐོན་པ་སུ་ཞིག་ཀྱང་འགྲན་སྡུར་ལམ་ཐིག་ཏུ་ཞུགས་མི་ཆོག དཔེར་ན་འགྲན་ཞུགས་རྟ་པ་དུས་ལས་བརྒལ་ནས་འགྲན་སྡུར་ལ་ཞུགས་མ་ཐུབ་པའི་སྐབས་སུ་འགྲན་ཞུགས་ཐོབ་ཐང་མེད་པར་གཏོང་ངེས་ཡིན།
(2)ཤན་འབྱེད་པས་འགྲན་སྡུར་འགོ་མ་བརྩམས་པའི་སྔོན་གྱི་སྐར་མ5དང་། སྐར་མ3དང་སྐར་མ1བཅས་ཀྱི་སྐབས་སུ་གསལ་འདེབས་བྱེད་དགོས།
(3)གལ་ཏེ་འགྲན་སྡུར་འགོ་རྩོམ་པའི་དུས་ཚོད་ལ་འགྱུར་ལྡོག་བྱུང་ན། རྩ་འཛུགས་ཨུ་ཡོན་ཀྱིས་དུས་ཐོག་ཏུ་བརྡ་སྦྱོར་གཏོང་ངེས།
2.མཇུག་མཐའི་གནས་སྟེ་མཐོན་པོ་སྒང་གི་རི་རྩེ་རུ་ཐོན་དུས་འགྲན་ཞུགས་རྟ་པ་རྣམས་ཀྱིས་རང་རང་གི་ཨང་རྟགས་ཕྱིར་རྩ་འཛུགས་ཨུ་ཡོན་ལ་སྤྲོད་དགོས་ལ་བྱ་དགའ་གནང་བའི་མཛད་སྒོར་ཞུགས་དགོས།
བཅུ་གཉིས། གསབ་སྤྲོད་ས་ཚིགས།
འགྲན་སྡུར་བྱེད་ས་རི་སྒང་ཡིན་ལ་ལམ་ཐིག་ཅུང་རིང་བའི་དབང་གིས། ལམ་ཐིག་གི་རིང་ཚད་དང་ཁྱད་ཆོས་ལ་གཞིགས་ནས་གསབ་སྤྲོད་ས་ཚིགས3བཀོད་སྒྲིག་བྱས་ཡོད། གསབ་སྤྲོད་ས་ཚིགས་རེ་རེའི་བར་གྱི་བར་ཐག་སྤྱི་ལེ4ལས་མི་རིང་བ་དང་། ནུས་ཚད་གསབ་སྤྲོད་ས་ཚིགས་ཀྱིས་འགྲན་ཞུགས་པར་སྨན་བཅོས་རོགས་སྐྱོབ་དང་། ཟས་རིགས། ཆུ་བཅས་ཀྱི་གསབ་སྤྲོད་བྱེད་དགོས།
བཅུ་གསུམ། སྨན་བཅོས་དང་རོགས་སྐྱོབ།
1.འགྲན་སྡུར་འགོ་ཚུགས་ས་དང་ལམ་རྒྱུད་ཚང་མར་མྱུར་སྐྱོབ་སྒྲིག་ཆས་དང་ཆེད་ལས་སྨན་པའི་མི་སྣ་བཀོད་སྒྲིག་བྱེད་དགོས། དཔེར་ན་རྒྱུགས་ལམ་ཁྲོད་རྟ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཚེ་འཕྲལ་མར་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ངམ་སྨན་བཅོས་ཚོ་ཆུང་ལ་འབྲེལ་གཏུག་བྱེད་དགོས།
2.འགྲན་སྡུར་སྨན་བཅོས་མི་སྣར་འདྲི་རྩད་དང་ཞིབ་བཤེར། ཡང་ན་རྟ་པ་སྐྱོབ་བཅོས་བྱེད་པའི་དབང་ཆ་ཡོད། འདྲི་རྩད་དང་ཞིབ་བཤེར་བྱ་ཡུལ་གྱི་སྐྱ་མིས་ངེས་པར་དུ་སྨན་བཅོས་མི་སྣའི་བྱ་བར་རམ་འདེགས་བྱེད་དགོས་པ་དང་། སྐབས་ཐོག་དེ་གའི་དུས་ཚོད་ཅི་ཙམ་འགོར་བའང་འགྲན་སྡུར་གྱི་དུས་ཚོད་ནང་ཟིན་ཐོར་འགོད་དགོས།
3.སྨན་བཅོས་མི་སྣའི་ཞིབ་བཤེར་མཇུག་འབྲས་ལྟར། འགྲན་ཞུགས་རྟ་པ་དང་རྟ་ལ་རྨས་སྐྱོན་བྱུང་ཡོད་མེད་ལ་གཞིགས་ནས་འགྲན་སྡུར་གནས་སྐབས་མཚམས་འཇོག་པ་དང་མཇུག་བསྒྲིལ་བའི་དབང་ཆ་ཡོད། གནས་སྐབས་མཚམས་བཞག་པའི་དུས་ཚོད་དེ་འགྲན་སྡུར་གྱི་དུས་ཚོད་ནང་དུ་ཟིན་ཐོར་བཀོད་ཡོད། རང་བྱུང་གནོད་འཚེ་དང་རྨས་སྐྱོན་ཕོག་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས་སུ་དུས་ཐོག་ཏུ་ཚོགས་པའི་ཨུ་ཡོན་ལྷན་ཁང་ལ་རོགས་སྐྱོར་ཞུ་བ་དང་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲའི་ངང་གསལ་བཤད་བྱ་རྒྱུ་དགོས་པ་དང་། འགྲན་སྡུར་ཚོགས་ཆུང་ཨུ་ཡོན་ལྷན་ཁང་གིས་རོགས་སྐྱོབ་མི་སྣ་བཀོད་སྒྲིག་བྱས་ཏེ་རོགས་སྐྱོབ་བྱེད་དགོས།
4.འབྲེལ་ཡོད་གཞན་དོན།
(1)འགྲན་ཞུགས་མི་སྣས་ལས་བྱེད་མི་སྣའི་བཀོད་འདོམས་ལ་ཉན་དགོས་པ་དང་། སྒྲིག་ཁྲིམས་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་བྱེད་དགོས།
(2)འགྲན་ཞུགས་པས་མི་རང་ཉིད་ནས་ཉེན་འགོག་འགན་ལེན་དང་། རྨོག་ཞྭ་གྱོན་ནས་རང་སྟེང་གི་འགོག་སྲུང་དང་དྲོད་སྲུང་སོགས་ལེགས་པོར་སྒྲུབ་དགོས། འགྲན་སྡུར་ཁྲོད་རྟ་དང་རྟ་པར་བློ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ཚེ་འགྲན་ཞུགས་མི་སྣ་རང་ཉིད་ཀྱིས་འགན་འཁུར་དགོས་པ་ལས། གཙོ་སྒྲུབ་དང་འགན་སྒྲུབ་པའི་ཕྱོགས་ཀྱིས་འགན་འཁྲི་ཅི་ཡང་འཁུར་མི་དགོས།
བཅུ་བཞི། ཕྱོགས་སྟོན་དཔེ་རིས།
(1)འགྲན་སྡུར་འགོ་འཛུགས་སའི་ཕྱོགས་སྟོན་ས་ཁྲ(མདའ་བཞི་རྫོང་གི་སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི)
(2)ཡལ་དངོས་མིང་ཐོ་འགོད་པའི་ཕྱོགས་སྟོན་ས་ཁྲ(མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་གཉིས་གཉིས་གཅིག་རྟེན་གཞིའི་གནས་ཡུལ་རྙིང་པའི་བཟོ་གྲྭ་བརྒྱད་པའི་ས་ཁུལ)
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注