རྒྱལ་དར་བརྒྱུད་སྤྲོད་བྱ་འགུལ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ་བ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར75འཁོར་བར་རྗེས་དྲན། མཁའ་གྲུ་ཨང་རྟགས་དང་པོའི་ལས་འགན་ལེགས་གྲུབ་བྱས་ནས་ལོ་འཁོར75འཁོར་བ། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་འགས་གཏོར་བྱས་ནས་ལོ་འཁོར60འཁོར་བར་རྟེན་འབྲེལ་ཞུ་ཆེད། ཟླ10པའི་ཚེས9ཉིན་གྱི་སྔ་དྲོ། “སྐེ་དཀྲིས་དམར་པོའི་མེས་རྒྱལ་ལ་དགའ། ངའི་སེམས་ཁོང་གི་སྐར་ལྔའི་དར་དམར”རྒྱལ་དར་བརྒྱུད་སྤྲོད་བྱ་འགུལ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཞིང་ཆེན་ལོ་ཆུང་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་ལིའུ་ཆི་ཧྥན་གྱིས་གཏམ་བཤད། ཀྲུང་གོའི་མི་སྡོད་མཁའ་གྲུའི་བཟོ་སྐྲུན་སྤྱིའི་འཆར་འགོད་པ་གཞོན་པ་དབྱང་ལི་ཝེ་ཡིས་ཤིས་ཚིག་ཕུལ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མཱ་ཅི་ཞའོ་བྱ་འགུལ་ཁྲོད་ཞུགས།
བྱ་འགུལ་ཡུལ་དངོས་སུ། “སྐེ་དཀྲིས་དམར་པོའི་དར་མཚོན་སྲུང་མཁན”དང་། རྒྱལ་དར་སྲུང་བའི་རུ་ཁག་གིས་ལྷ་གྲུ་ཨང་རྟགས་བརྒྱད་པའི་མི་སྡོད་འཕུར་གྲུ་དེ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བསྐྱོད་པ་མ་ཟད། ལྷ་གྲུ་ཨང་རྟགས་བཅུ་བདུན་པའི་མི་སྡོད་འཕུར་གྲུ་དང་མཉམ་དུ་ས་ངོས་སུ་ལོགས་པའི་རྒྱལ་དར་དང་བརྗེ་རེས་བྱས་པ་མ་ཟད། རྔམ་བརྗིད་ལྡན་པའི་རྒྱལ་དར་བསྒྲེངས་པའི་མཛད་སྒོ་སྤེལ།
དབྱང་ལི་ཝེ་ཡིས་ཤིས་ཚིག་ཁྲོད་ལྷ་གྲུ་ཨང་རྟགས5བར་བསྡད་དེ་བར་སྣང་དུ་སོང་བའི་གཏམ་རྒྱུད་མྱོང་རོལ་བྱས་པ་མ་ཟད། བར་སྣང་ནས་རྒྱལ་དར་བསྒྲེངས་པའི་མྱོང་ཚོར་བཤད་དེ། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིས་ཚན་རིག་ཤེས་བྱར་སློབ་སྦྱོང་དང་། ཚན་རིག་གི་འཚོལ་ཞིབ་རྒྱུན་འཁྱོངས་བྱས་ཏེ། བླ་མེད་ཀྱི་བདེན་ལུགས་གསོ་སྐྱོང་གི་ཚན་རིག་སྙིང་སྟོབས་ཀྱིས། བར་སྣང་ལ་མགོ་བོ་དགྱེ་ནས། རང་ཉིད་ཀྱི་ཕུགས་འདུན་དང་མེས་རྒྱལ་དགོས་མཁོ་དང་ཟུང་འབྲེལ་དམ་པོས། མཁའ་བསྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་པའི་སྐུལ་ལྕག་གནང་།
ལིའུ་ཆི་ཧྥན་གྱིས་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གཞོན་ནུས་མིག་རྒྱང་རིང་དུ་བྱེད་པ་དང་། ཕུགས་འདུན་བརྟན་པོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་སེམས་སུ་བཟུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་ལག་ལེན་མཁན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གནང་། སློབ་སྦྱོང་ལ་ཧུར་བརྩོན་དང་། དུས་ཚོད་ལ་གཅེས་སྤྲས་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་འཕེལ་རྒྱས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་དང་མཐུན་པའི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བར་བྱེད་དགོས། སྙིང་སྟོབས་རྒྱུན་འཛིན་དང་། གཟི་བརྗིད་རྒྱུན་འཛིན་བཟང་བོ་བྱེད་པ། མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས་འདུ་བའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་ལས་འགན་ཕྲག་ཏུ་ལེན་པའི་དུས་རབས་ཀྱི་མི་གསར་བ་ཞིག་བྱེད་དགོས་པའི་བླང་བྱ་བཏོན།
བྱ་འགུལ་ཁྲོད། དབྱང་ལི་ཝེ་ད་དུང་ལོ་ཆུང་གདོང་ལེན་རུ་མི་དང་མཉམ་དུ་གསར་བརྗེའི་རྟོག་ཞིབ་བྱ་འགུལ་ཁྲོད་ཞུགས་པ་དང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། 211ཡན་ལག་བཟོ་གྲྭ་དང་པོར་ལྟ་སྐོར་བྱས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་འགྲེལ་བཤད་པ་དང་། ཞིང་ཆེན་ལོ་ཆུང་གཞོན་ནུའི་འགྲེལ་བཤད་ཚོགས་པའི་ཁོངས་མིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་བརྗོད་བྱས། ལོ་ཆུང་གདོང་ལེན་རུ་མིའི་འཐུས་ཚབ་པས་རྒྱལ་དར་འོག་གཏམ་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注