མདོ་ལ་རྫོང2024ལོའི་དབྱར་གསེང་རིང་རྒྱལ་ཡོངས་རྫོང་ཁོངས་ཀྱི་ཞག་སྡོད་དང་མཛེས་ལྗོངས་སྔོན་བཀོད་ཀྱི་ཨང10བའི་ནང་ཚུད་པ།

ཉེ་ཆར། ཐུང་ཁྲེང(同程)གནས་སྐོར་གྱིས《2024ལོའི་དབྱར་གསེང་གནས་སྐོར་ཁྲོམ་རའི་རྩིས་བཤེར་སྙན་ཞུ》ཁྱབ་བསྒྲགས་བྱས་ཤིང་། 《སྙན་ཞུའི》ནང2024ལོའི་དབྱར་གསེང་རིང་། རྒྱལ་ཡོངས་ཀྱི་རྫོང་ཁོངས་སུ་ཞག་སྡོད་དང་མཛེས་ལྗོངས་ས་ཚིགས་སྔོན་བཀོད་བྱེད་པའིTOP10ཡི་ཁྲོད། ཀྲུང་གོ་མཚོ་བྱང་ཁུལ་མདོ་ལ་རྫོང་ཨང10པར་སླེབས་ནས་ཞིང་ཆེན་ཡོངས་ཀྱི་བདམས་ཐོན་བྱུང་བའི་ས་ཁུལ་གཅིག་པུར་གྱུར་ཡོད་པ་རེད།

2024ལོའི་དབྱར་ཁའི་གུང་གསེང་རིང་། མདོ་ལ་རྫོང་གིས་སྤུས་ལེགས་ཀྱི་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་འདེགས་སྐྱོར་དུ་བྱས་ནས་དབྱར་ཁའི་གུང་གསེང་གི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་སྟེ། གནས་སྐོར་པར་རིག་གནས་གནས་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པས་གནས་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱིས་གནས་སྐོར་བ་མི་ཐེངས་ཁྲི165.43ལ་སྣེ་ལེན་ཞུས་པ་དང་། དུས་མཚུངས་ལས16.1%འཕར་ཡོད། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར10.79ཡིན་པ་དང་། དུས་མཚུངས་ལས22.5%འཕར་ཡོད་པ་རེད།

དབྱར་ཁའི་གུང་གསེང་གི་རིག་གནས་དང་གནས་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། མདོ་ལ་རྫོང་གིས《མདོ་ལ་རྫོང་གི་གནས་སྐོར་ལས་དོན་ཁང་གིས“གནས་སྐོར་བ་མདོ་ལར་བསུ་པའི”བྱ་དགའི་བྱེད་ཐབས》བཏོན་པ་དང་། སྔ་རྗེས་སུ་ལན་ཀྲོའུ་དང་ནན་ཅིང་། པེ་ཅིང་། ཀྲེ་ཅང་སོགས་སུ་སོང་ནས་རིག་གནས་དང་གནས་སྐོར་ཐོན་ཁུངས་འོས་སྦྱོར་ཐེངས10ལྷག་བྱས་པ་དང་། རྒྱལ་ཡོངས་ཀྱི་ཡིད་རྟོན་གནས་སྐོར་ལས་དོན་ཁང་བརྒྱ“ལྷ་ཁམས་མདོ་ལར”སྐྱོད་པའི་ཉམས་ཞིབ་འོས་སྦྱོར་བྱེད་སྒོ་སྤེལ་ནས་རྒྱལ་ཡོངས་ཀྱི་གནས་སྐོར་ལས་དོན་ཁང200ལྷག་གིས་མདོ་ལ་རྫོང་གི་རིག་གནས་དང་གནས་སྐོར་ཁེ་ལས50ལྷག་དང་མཉམ་ལས་གྲོས་མཐུན7300ལྷག་བཞག སྒེར་གྱི་གནས་སྐོར་དང་སྒེར་འཁོར་སྒར་སྡོད་སོགས་ཀྱི་ལས་རྣམ་གསར་པར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་རིམ་པའི་སྒེར་འཁོར་བཏང་ནས་གནས་སྐོར་བྱེད་པའི་འགྲུལ་འཁོར་སྒར་ས2དང་། ཞིང་ཆེན་རིམ་པའི་སྒེར་འཁོར་བཏང་ནས་གནས་སྐོར་བྱེད་པའི་འགྲུལ་འཁོར་སྒར་ས2རེ་ཞུ་ལེགས་གྲུབ་བྱུང་བ་དང་། བློན་པོ་བྱ་རྒོད་དང་ལ་བཙས་སྒང་སོགས་མཛེས་ལྗོངས་ཁུལ་གསར་པ་གསར་སྤེལ་དང་འཛུགས་སྐྲུན་བྱས་ཤིང་། ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་སོགས་མཛེས་ལྗོངས་ཁུལ་རིམ་སྤོར་སྒྱུར་བཀོད་བྱས། 2024ལོའི་སྐབས་དང་པོའི་ཨ་མྱེས་སྟོང་སོ་རི་འཛེག་ལུས་སྦྱོང་འགྲན་བསྡུར་དང་རྟ་རྒྱུག་གདན་ཞུའི་འགྲན་བསྡུར་སོགས་ལུས་རྩལ་འགྲན་བསྡུར་བྱེད་སྒོ20ལྷག་སྤེལ་པ་དང་། “ཙི་པོ་བསྲེགས་སྲོག”དང“ཐེན་ཧྲོས་ཚ་བེར”སོགས་དྲ་ཐོག་གི་ཞིམ་ཟས་ནང་འདྲེན་བྱས་པ་མ་ཟད། གནས་སྐོར་བ་བཀུགས་ནས“འཁྱག་རོམ་ལ་ལྟ་བ་དང་འཁྱགས་ཟས་ཟ་བ། དར་ལུང་དུ་གནས་སྐོར་བྱེད་པ”བཅས་ཀྱི་བྱེད་སྒོ་སྤེལ།

གནས་སྐོར་བའི་གནས་སྐོར་སྤྲོ་པོ་ཡོང་བ་དང་། ཟས་དང་ཞག་སྡོད་ཀྱི་དགོས་མཁོ་ཡག་པོ་སྐོང་ཆེད། མདོ་ལ་རྫོང་གིས་འཁྲུག་ཆ་དོད་པའི་གནས་སྐོར་དུས་ཚིགས་བསུ་བའི“བརྒྱ་གཉིས་འགག་སྒྲོལ”གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཁྲིམས་འཛིན་ལས་དོན་གྱི་ཆེད་དོན་ཚོགས་པ་བཙུགས་ཏེ“དྲིལ་བསྒྲགས་པ”དང“འོས་སྦྱོར་དཔོན”བྱེད་པ་མ་ཟད། “ཞབས་ཞུ་བ”དང“དོ་དམ་པ”ཡང་བྱས་ནས་གནས་སྐོར་ཁྲོམ་རའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས། 《གནས་སྐོར་བ་མང་བའི་དུས་སུ་རྫོང་གྲོང་གི་ཏང་སྲིད་སྡེ་ཁག་དང་ཁེ་ལས་དང་བྱ་གཞག་ལས་ཁུངས་ཀྱི་རླངས་འཁོར་འཇོག་ས་རིན་མེད་ངང་སྒོ་དབྱེ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》སོགས་འགན་ལེན་ཞབས་ཞུའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་དང་། ཚད་ལྡན་རླངས་འཁོར་འཇོག་ས26སྒྲིག་སྦྱོར་བྱས་ཤིང་། གནས་སྐོར་བར་རླངས་འཁོར་འཇོག་ས1620རིན་མེད་ངང་སྒོ་དབྱེ་བ། རྫོང་ཡོངས་ཀྱི་རིག་གནས་དང་གནས་སྐོར་ཁོངས་གཏོགས་ཀྱི་ལས་དོན་མི་སྣ་དང་དེ་བཞིན་རིག་གནས་དང་གནས་སྐོར་ཁེ་ལས་སྒྲིག་འཛུགས་བྱས་ནས་རིག་གནས་དང་གནས་སྐོར་གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཁག20ལྷག་བསྒྲུབས།  སྔ་རྗེས་སུ། ཧྲན་ཏུང་ཅི་ནན་དང་པིན་ཀྲོའུ། ཙེ་པོ། ཀན་སུའུ་ཧྲན་ཏན། སུའུ་ནན་སོགས་སུ་སོང་ནས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་དོ་དམ་དང་སྤྱི་པའི་ཞབས་ཞུ་སོགས་ཀྱི་སྔོན་ཐོན་འདུ་ཤེས་དང་ཉམས་མྱོང་སློབ་སྦྱོང་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号