ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཉིང་གིས་རུ་སྣེ་ཁྲིད་དེ་མཚོ་བྱང་ཁུལ་ལ་མཇལ་ལན་དང་བརྟག་ཞིབ་གནང་པ། ཤ་བོ་སྐྱབས་ཀྱིས་ཕེབས་རོགས་གནང་།

ཟླ8པའི་ཚེས23ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཉིང་གིས་བརྟག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་བྱང་ལ་མཇལ་ལན་དང་བརྟག་ཞིབ་གནང་པ། སློབ་གྲྭ་དང་མཚོ་བྱང་དབར་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་དོན་འཁྱོལ་དང་སྐུལ་འདེད་གཏོང་རྒྱུའི་ཐད་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ།

ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཀྲང་ཉིང་འཁོར་དང་བཅས་པ་མཚོ་བྱང་དུ་མཇལ་ལན་དང་བརྟག་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུས་པ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཤ་བོ་སྐྱབས་ཀྱིས་བསྟན་དོན། ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་བྱུང་བ་ནས་བཟུང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མཚོ་བྱང་གི་ཐོན་ལས་འཕེལ་རྒྱས་དང་གསར་བརྗེའི་ཉམས་ཞིབ་སོགས་ལ་རོགས་རམ་བྱེད་པའི་ཐད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ཡང་དག་གནད་འཕིགས་ཀྱི་ལྟ་བ་མང་པོ་ལེགས་སྐྱེས་སུ་ཕུལ་བ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་མང་པོ་མཁོ་འདོན་བྱས་ཡོད། མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་གཟིགས་ཞིབ་གནང་ཡུལ་ཡིན་ལ།  མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ་སྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ཅིང་། མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའི་མཚན་སྙན་ལྡན། མཚོ་བྱང་ནི་དམར་དམག་ནུབ་ལམ་དམག་དཔུང་གིས་ཁྲག་བཏོན་དམར་འཛིང་བྱས་པའི་གནས་ཡིན་ལ། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་དང་པོ་འཁྲུངས་ཡུལ་ཡང་ཡིན་ལ། རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སྦྲུམ་གསོ་བྱེད་ས་ཡིན། ཞིང་ཆེན་ཡོངས་དང་ཐ་ན་ནུབ་རྒྱུད་ཀྱི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། སྔ་རྗེས་སུ་པེ་ཅིང་སློབ་གྲྭ་ཆེན་མོ་དང་ཆིན་ཧྭ་སློབ་གྲྭ་ཆེན་མོ་སོགས་རྒྱལ་ནང་གི་སློབ་གྲྭ་གྲགས་ཅན་ཁག་ཅིག་དང་འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན་བཞག་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལ་དམིགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”མགྱོགས་མྱུར་འཛུགས་སྐྲུན་བྱས་པས་སྐྱེ་ཁམས་ཀྱི་གཏིང་ཤུགས་སྔར་ལས་མཛེས་སྡུག་ལྡན་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་ངར་ཤུགས་ཆེ་ལ་གསར་བརྗེའི་ཉམས་ཞིབ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ནས་མཚོ་བྱང་དུ་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་བསུས་ཡོད་ཟེར། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཐེངས་འདིའི་འཚམས་ལན་ནི་ལྷོ་ནུབ་མི་རིགས་སློབ་ཆེན་དང་མཚོ་བྱང་ཁུལ་དབར་མཉམ་ལས་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མཚོན་རྟགས་གསར་པ་དང་མགོ་རྩོམ་ས་གསར་པ་ཞིག་ཡིན་པས་ཕྱོགས་གཉིས་ཀྱིས་ཐོན་སློབ་ཞིབ་གསུམ་མཉམ་ལས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། རྨང་གཞིའི་སློབ་གསོ། གསར་བརྗེའི་ཉམས་ཞིབ། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ནས་མཚོ་བྱང་ཁུལ་གྱིས《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་ཞིབ་འཇུག་གཏིང་ཟབ་དང་ཇུས་འགོད། འབྲེལ་མཐུད་གཏིང་ཟབ་བཅས་བྱས་ཏེ་སློབ་གྲྭ་དང་མཚོ་བྱང་གི“ཕྱོགས་གཉིས་ནུས་ལྡན”གྱི་རྣམ་པ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས་སློབ་གྲྭ་དང་མཚོ་བྱང་གི“ཕྱོགས་གཉིས་མཉམ་རྒྱལ”དཔེ་མཚོན་གསར་པ་གཏོད་རྒྱུ་ཡིན་ཟེར།

ཀྲང་ཉིང་གིས་བསྟན་དོན། <<འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན>>ལ་མིང་རྟགས་བཀོད་པ་ནས་བཟུང་། སློབ་གྲྭ་དང་མཚོ་བྱང་ཕྱོགས་གཉིས་ཀྱིས་ལེགས་ཆ་གསབ་རེས་དང་མཉམ་ལས་མཉམ་རྒྱལ། ཐུན་མོང་འཕེལ་རྒྱས་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་མང་པོའི་ནང་མཉམ་ལས་གཏིང་ཟབ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མ་འོངས་པར། སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་གསར་བརྗེའི་ཐོན་ཁུངས་རྒྱུན་འཛིན། ཐོན་ལས་མཐོར་འདེགས། རིག་གནས་དར་སྤེལ། “གནས་བཞི”འཛུགས་སྐྲུན། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་དང་ཤེས་ལྡན་མི་སྣ་དར་སྤེལ་སོགས་ཀྱི་ཁྱབ་ཁོངས་སུ་མཚོ་བྱང་ཁུལ་དང་མཉམ་ལས་ཟབ་སྤེལ་བྱེད་པ་དང་། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། རིག་དངོས་ཐོན་ཁུངས་བསྡུ་སྒྲིལ་དང་གཅིག་གྱུར་འཆར་འགོད། སྤྱི་ཡོངས་སྲུང་སྐྱོབ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱུགས་རིགས་རྒྱུད་འཛིན་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་རིགས་རྒྱུད་འདེམས་གསོ་ལེགས་བཅོས། རྩྭ་སའི་བྱི་བ་དང་འབུ་སྲིན་འགོག་བཅོས། ཞན་འགྱུར་རྩྭ་ར་ཉམས་གསོ་སོགས་ཐད་ཀྱི་ལག་རྩལ་ཁྱབ་གདལ་དུ་བཏང་ནས་མཚོ་བོད་མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ད་ཡོད་ཀྱི་མཉམ་ལས་རྨང་གཞི་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་ཁྱབ་ཁོངས་མང་པོར་མུ་མཐུད་ཞིབ་ལས་ཡག་ལས་བྱས་ནས་སློབ་གྲྭ་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཟེར།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཨར་ཀུའུ་ཏ་ཅི་དང་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ་ཀྲོའུ་ཆིང་ཕིང་། ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་ཝན་བཀྲ་ཤིས་དོན་གྲུབ། ཧ་ཝུན་ཞུག ཞོ་རོས་ཞིན་བཅས་ཚོགས་འདུར་ཞུགས་པ་དང་། ཧ་ཝུན་ཞུག་གིས་གཙོ་སྐྱོང་གནང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་ཁྲུའུ་དང་སློབ་གླིང་གི་འགན་འཁུར་བློ་མཐུན། ཁུལ་ཨུའི་ཏང་གི་སློབ་གྲྭ་དང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་།

ཀྲང་ཉིང་འཁོར་དང་བཅས་པས་ད་དུང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་རྟོག་ཞིབ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号