མཚོ་སྔོན་གྱི་ལིང་གྱོ་རྒྱ་གསོ་སྤེལ་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་དང་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གསེར་དངུལ་ཐང་གི“ཧུང་ཡོན་རྟགས་མའི"མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟ་རྒྱུག་འགྲན་སྡུར་སྐབས་གསུམ་པ་སྤེལ་མགོ་བརྩམས།

ཟླ8པའི་ཚེས23ཉིན། མཚོ་སྔོན་གྱི་ལིང་གྱོ་རྒྱ་གསོ་སྤེལ་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་དང་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གསེར་དངུལ་ཐང་གི“ཧུང་ཡོན་རྟགས་མའི"མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟ་རྒྱུག་འགྲན་སྡུར་སྐབས་གསུམ་པ་ནུབ་མཚོ་ལུས་རྩལ་ར་བ་ནས་སྤེལ་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རྟ་མཆོག་གི་བང་རྩལ་ངོམ་པའི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་སུའུ་བདུན་ཅུ་དང་ཝན་བཀྲ་ཤིས་དོན་འགྲུབ། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་དང་པོ་ཀྲེང་ཆིང་། ཝུའུ་ཧྲུའུ་རུང་། དབྱང་ཏེ། ཞོ་རོས་ཞིན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མ་ཝུན་ཆོན།  ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ཁྲིན་ཡུང་ཅེ་བཅས་དང་དེ་བཞིན་མདའ་བཞི་རྫོང་གི་ཏང་སྲིད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་མགོ་རྩོམ་མཛད་སྒོར་ཞུགས།    

མཚོ་བྱང་གི་རྟའི་རིག་གནས་ཀྱི་ལོ་རྒྱུས་རྒྱུན་རིང་ཞིང་ནང་དོན་གཏིང་ཟབ། མཚོ་སྔོན་གྱི་ལིང་གྱོ་རྒྱའི་མཚན་སྙན་ཐོབ་པའི་འཇུ་ལག་རྟ་ནི་མདོ་ལ་རི་བོའི་ལྷོ་ངོས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཁྱབ་ཡོད་པ་དང་ལྷན་སྐྱེས་ནས"གོམ་འགྲོས"ཤེས་པ་སོགས་ཕུལ་བྱུང་གི་གཞི་རྒྱུ་ལྡན་ཡོད་ལ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁག་ལྔ་པའི་མིང་ཐོའི་ནང་བཅུག་ཡོད་ཅིང་ཀྲུང་གོའི་རྟ་མཆོག་གྲགས་ཅན་གྱི་གྲས་ཡིན། མིག་སྔར་མཚོ་སྔོན་གྱི་ལིང་གྱོ་རྒྱ"འཇུ་ལག་རྟ་མཆོག"གི་གྲངས་འབོར་ཧ་ལམ་ཁྲི1.92ཟིན་པ་དེས་ཁུལ་ཡོངས་ཀྱི་རྟའི་སྤྱིའི་གྲངས་འབོར་གྱི89.1%བཟུང་བ་དང་མཚོ་བྱང་ས་ཁུལ་གྱི་ཁྱད་ལྡན་རྟ་མཆོག་གི་རིགས་ཤིག་ཡིན། ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས་རྒྱུད་བཟང་རྟ་རྒྱུད་གསོ་སྤེལ་རྟེན་གཞི་ཧུར་ཐག་བཏོད་པ་དང་ད་ལྟ་རྒྱུད་བཟང་རྟ་མཆོག86ཡོད་པ་དེའི་ནང་འཇུ་ལག་རྟའི་གསེབ12དང་རྒོད་མ66། རྨ་ཁུག་རྟ་མཆོག ཁྲག་རིགས་དག་མའི་རྟ་མཆོག ཨ་རབ་རྟ་མཆོག་སོགས་རྒྱུད་བཟང་གསེབ21ཡོད། འཇུ་ལག་རྟ་རྒྱུད་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དང་ཆབས་ཅིག་རྒྱུད་བཟང་རྟ་ནང་འདྲེན་དང་རྒྱུད་འདྲེས་ལེགས་བཅོས། དཔེ་སྟོན་ཁྱབ་གདལ་བྱ་བར་ཤུགས་སྣོན་པ་དང་། ལྷག་པར་དུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱས་ཏེ"ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས"སོགས་ལས་རིགས་ལྔ་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་པ་དང"གསེར་དངུལ་ཐང་གི་རྟ་རྩལ"དེ་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཁག་བཞི་པའི་གྲས་སུ་བཅུག་པ་དང་མདའ་བཞི་རྫོང་ལ་རིག་གནས་དང་ཡུལ་སྐོར་པུའུ་ཡིས"རྟ་རྩལ་རྫོང"གི་མཚན་སྙན་བསྩལ། རྟའི་རིག་གནས་ལུས་རྩལ་སྤྲོ་གསེང་ཉམས་ལེན་རྟེན་གཞི་འཛུགས་སྐྲུན་བྱས་པ་བརྒྱུད། རྟ་གཞི་རྒྱུ་བྱས་པའི་སྣ་མང་རིག་གནས་ཡུལ་སྐོར་སྤྲོ་གསེང་ལས་གཞི་གསར་སྤེལ་བྱས། ཁེ་ལས་དང་རོང་འབྲོག་མང་ཚོགས་ཀྱིས་རྟ་རྒྱུག་འགྲན་སྡུར་གྱི་གཉེར་སྐྱོང་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྒོས་སྤེལ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། འཛད་སྤྱོད་བྱེད་ཚད་མང་བ་སྐྱེད་སྲིང་བྱེད་པ་དང་རྟའི་སྤྲོ་གསེང་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ། ཐུན་མོང་ཐོག་མཚོ་བྱང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་ལེའུ་གསར་པ་རྩོམ་རྒྱུར་རོགས་རམ་བྱས་ཡོད།

རྒྱུས་ལོན་པ་ལྟར་ན།   ཐེངས་འདིའི་བྱེད་སྒོ་དེ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱིས་མཛུབ་ཁྲིད་བྱས་ཤིང་། མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་།  ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱིས་འགན་སྒྲུབ་གནང་བར་མ་ཟད། མདའ་བཞི་ཧུང་ཡོན་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་རམ་བྱས་ལ། ཁྱོན་རྟ110ལྷག་ཙམ་འགྲན་སྡུར་ལ་ཞུགས་པ་དང་ཕྱི་རྟའི་རྒྱུག་རྟ་དང་འབྲོག་རྟའི་གོམ་རྟ་སོགས་རྣམ་གྲངས6བཀོད་སྒྲིག་བྱས་ཡོད་པ་རེད། མགོ་རྩོམ་མཛད་སྒོ་མ་སྤེལ་གོང་། མཚོ་བྱང་ཁུལ་སྤྱི་བདེ་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་གི་སྐྱ་མི་རུ་འབྲིང་དང་།  ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས།  ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་བཙུགས་པའི་རྒྱུད་བཟང་རྟ་དང་འཇུ་ལག་རྟ(རྟ་ཐང་རྟ)ཁྲག་རིགས་ཕྱེད་མའི་རྟ་སོགས་རྟ་གསེབ།  འཇུ་ལག་རྟ(རྟ་ཐང་རྟ)རྒོད་མ་བཅས་ལས་གྲུབ་པའི་རྟའི་རུ་ཁག་རེ་རེ་བཞིན་ཞུགས་ནས་མཚོ་སྔོན་གྱི་ལིང་གྱོ་རྒྱ་གསོ་སྤེལ་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས།        

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས“འགྲན་སྡུར་ཆེ་གྲས་བཞིར”སྐུལ་འདེད་ཧུར་ཐག་བཏང་ནས་རྟ་རྒྱུག་འགྲན་སྡུར་དེ་མཚོ་བྱང་ཁུལ་གྱི་ཁྱད་ལྡན་རིག་གནས་བྱེད་སྒོའི་གྲས་ཤིག་ཏུ་བརྩིས་ཏེ་རྟ་ཡིས་ཕྱོགས་བཞིའི་སྐུ་མགྲོན་བསུས་ཤིང་འགྲན་སྡུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་རྟའི་རིག་གནས་ཐོན་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་རེད།  ད་ལྟ་མཚོ་བྱང་གི་རྟ་རྒྱུག་འགྲན་སྡུར་བྱེད་སྒོ་དེ་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན། ཡུལ་སྐོར་སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ཡོད་ཅིང་། མཚོ་བྱང་ཁུལ་གྱིས་རིག་གནས་དང་ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པའི་མིང་བྱང་གསར་པ་ཞིག་ཀྱང་རེད།

“གོམ་སྟབས་རྗེས་མར། ནུབ་མཚོ་གྲོང་རྡལ་གྱིས་མཚོ་སྔོན་པོ་དང་རྡུལ་ཕྲན་མཁར། གསེར་དངུལ་ཐང་སོགས་ཀྱི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་རྟའི‘ཁྱིམ་གཞིས’རྟེན་གཞི་དང་རྟའི‘འགྲན་སྡུར’རྟེན་གཞི། རྟའི‘ལྟ་སྐོར’རྟེན་གཞི་བཅས་ཧུར་ཐག་སྒོས་བསྐྲུན་ནས་ཁུལ་དང་རྫོང་གཞན། ཐ་ན་ཞིང་ཆེན་ཕྱིའི་རྟ་གསོ་མཁན་མང་པོ་མདའ་བཞི་རྫོང་དུ་ཡོང་ནས་རྟ་རྒྱུག་འགྲན་སྡུར་དང་བརྗེ་རེས། ཉོ་ཚོང་བཅས་བྱས་ཏེ་ཞིང་ཆེན་ནང་ཁུལ་དུ་ཤུགས་རྐྱེན་ལྡན་པའི་འགྲན་སྡུར་དང་བརྗེ་རེས། ཉོ་ཚོང་བཅས་ཀྱི་སྟེགས་བུ་ཞིག་ཏུ་འགྱུར་བར་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་མཚོ་སྔོན་གྱི་ལིང་གྱོ་རྒྱ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་ས་ཆ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན”ཞེས་མདའ་བཞི་རྫོང་ཨུའི་རྒྱུན་ཨུའམ་ནུབ་མཚོ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཅིན་ཡིའུ་ཡོན་གྱིས་དེ་ལྟར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号