ཤ་བོ་སྐྱབས་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་དང་ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་སོགས་སྡེ་ཁག་ཏུ་བསྐྱོད་དེ་བྱ་བར་འབྲེལ་སྦྱོར་བྱས་པ།

ཟླ7པའི་ཚེས31ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་སྔ་རྗེས་སུ་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་དང་ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་དུ་བསྐྱོད་དེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་ལི་ཡུས་ཆང་དང་། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཀྲང་ཞའོ་ཅུན་དང་མཉམ་དུ་བྱ་བའི་མཉམ་འབྲེལ་ལ་སྐུལ་འདེད་བཏང་ནས་མཚོ་བྱང་དྲ་འཕྲིན་དང་མཁོ་ཚོང་བྱ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་བཞུགས་མོལ་བརྗེ་རེས་གནང་པ།

ཤ་བོ་སྐྱབས་ཀྱིས་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་མཚོ་བྱང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ལ། ཁོས་བཤད་རྒྱུར་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུའི"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་བྱ་བའི་ལས་འགན་གཞིར་བཟུང་བྱ་གཞག་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་བཏང་ལ། འོན་ཀྱང་དྲིལ་སྒྲོག་གི་རྣམ་པ་གསར་གཏོད་དང་དྲིལ་སྒྲོག་གི་སྤུས་ཚད་མཐོར་གཏོང་། དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་སོགས་ཐད་ལག་རྩལ་གྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་མཛུབ་ཁྲིད་ཅུང་ཞན། 2023ལོར་མཚོ་བྱང་དུ་ཡུལ་སྐོར་བ་མི་ཐེངས་ཁྲི1470སླེབས་པ་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་རྒྱའི་ལག་རྩལ་དང་ཤེས་ལྡན་མི་སྣ། ཐོན་ཁུངས་ཀྱི་དགེ་མཚན་བཅས་འདོན་སྤེལ་བྱས་ཏེ་དྲ་བ་ཡོངས་ཀྱིས་མཚོ་བྱང་འོས་སྦྱོར་དང་རྒྱལ་ཡོངས་ཀྱི་དྲ་གྲགས་མི་སྣས་མཚོ་བྱང་དྲིལ་སྒྲོག་བྱེད་པའི་ཡིད་དབང་འགུག་ཐབས་བྱས་ཏེ། "མདངས་ལྡན་གནས་མཆོག དག་སྣང་མཚོ་བྱང"གི་སྙན་པ་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ་མཚོ་བྱང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱས་ཡོད། ཞིང་ཆེན་ཏང་ཨུས་མཚོ་བྱང་ལ་བཏོན་པའི་དགུན་དུས་ཀྱི་ཡུལ་སྐོར་བྱ་བ་ཡག་པོར་བསྒྲུབ་རྒྱུའི་བླང་བྱ་གཞིར་བཟུང་། མཚོ་བྱང་གིས་གངས་དཀར་རི་བོ་དང་སྨོན་ལམ་མཐོན་པོ། སྟོང་སོ་ནགས་ཀླུང་། གཉན་ཆེན་ཞལ་དཀར་སོགས་ལྗོངས་ཁུལ་དུ་གངས་འཁྱགས་ལུས་རྩལ་བྱ་འགུལ་དང་རྐང་བགྲོད་རི་འཛེག་འགྲན་སྡུར་སྤེལ་རྒྱུ་ཡིན་པས་སྔོན་གྱི་དྲིལ་སྒྲོག་དང་ཚ་རླབས་མཐོ་རུ་གཏོང་རྒྱུའི་ཐད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཟེར།

ལི་ཡུས་ཆང་གིས་མཚོ་བྱང་གི་དྲ་རྒྱའི་དྲིལ་སྒྲོག་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ལ། ཁོས་བསྟན་དོན། མཚོ་བྱང་གི་སྐྱེ་ཁམས་དང་ཞིང་ཕྱུགས། ཡུལ་སྐོར་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ། བྱ་བའི་རྨང་གཞི་བརྟན་པས། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་མཚོ་བྱང་གི་ལག་རྩལ་དང་ཤེས་ལྡན་མི་སྣ་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་དང་མཚོ་བྱང་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་བྱང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་རོགས་རམ་བྱ་རྒྱུ་ཡིན་ཟེར།

ཤ་བོ་སྐྱབས་ཀྱིས་ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་ལ། ཁོས་བཤད་རྒྱུར། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་། ཞིང་ཕྱུགས་ཞབས་ཞུའི་འཁོར་རྒྱུག་གི་འགན་འཁྲི་གཙོ་བོའི་ལས་རིགས་གཙོ་བོར་དམིགས་ནས་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་བཏོད་དེ"གཞུང་ལམ་མཁོ་ཚོང"གི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་འོས་སྦྱོར་བྱེད་སྒོ་སྤེལ་བས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་། ཆས་རྟགས་འཛུགས་སྐྲུན་སོགས་ཐད་ཚད་བརྒལ་གསར་པ་བྱུང་ནས2023ལོ་ནས་ད་བར་ཁུལ་ཡོངས་ཀྱི་མཁོ་ཚོང་ཁྱབ་ཁོངས་ཀྱི་དྲ་ཐོག་དང་དྲ་ཕྱིའི་ཕྱིར་འཚོང་ཚད་སྒོར་ཁྲི1260ལ་སླེབས་ཡོད་ལ། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་གིས་མཁོ་ཚོང་རྩ་འཛུགས་མ་ལག་དང་གཉེར་སྐྱོང་ཞབས་ཞུའི་དྲ་རྒྱའི་དགེ་མཚན་མུ་མཐུད་འདོན་སྤེལ་བྱས་ཏེ་ལས་གཞི་འཛུགས་སྐྲུན་དང་འཁོར་རྒྱུག་ཞབས་ཞུ། ཞིང་ལས་རྒྱུ་ཆ་འགན་སྲུང་བཅས་ཀྱི་ཐད་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱས་ཏེ་མཚོ་བྱང་གི"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་དང་རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ"ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་གཏོད་པར་རམ་འདེགས་བྱེད་རོགས། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་གི་ཆེད་ལས་མཛུབ་ཁྲིད་འོག་དོན་དངོས་ལ་གཞི་ཚུགས་ནས་གསར་འབྱེད་གསར་གཏོད་བྱས་ཏེ་ཞིང་ལས་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མཁར་གྲོང་དང་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་གཏོད་པ་སོགས་ཀྱི་བྱ་བའི་ཁྲོད་གྲུབ་འབྲས་གསར་པ་ལེན་རྒྱུ་ཡིན་ཟེར།

ཀྲང་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་གྱིས་དུས་ཡུན་རིང་པོའི་ནང་མཁོ་ཚོང་བྱ་བར་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ལ། མཚོ་བྱང་མཁོ་ཚོང་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་ལྷག་པར་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཐད་སྤྱད་པའི་གསར་གཏོད་བྱ་ཐབས་ལ་ཚད་མཐོའི་གདེང་འཇོག་གནང་། ཁོས་བསྟན་དོན། མཚོ་བྱང་གི་ཞིང་ཕྱུགས་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་སྐམས་ལུག་ཤ་དང་ལོག་དཀར། ནས་སོགས་ཀྱི་ཆས་རྟགས་སྐད་གྲགས་ཡོད་པས་ཅང་སུའུ་ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་དང་མཉམ་ལས་གྲོས་མཐུན་བཞག་ནས་འགྲེམས་ཚོང་ཆེད་སྒྲོམ་ཡང་བཙུགས་པས་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ཅང་སུའུ་རུ་ཐོན་ཡོད་ལ། གོམ་སྟབས་རྗེས་མར། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་གིས"མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་འདྲེན་པ"དང"མཚོ་སྔོན་གྱི་ཐོན་རྫས་ཧྲན་ཏུང་དུ་འདྲེན་པའི"བྱ་བ་སྤེལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་ཐོན་རྫས་ཀྱི་དེང་རབས་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱ་བ་དེ་བས་ལེགས་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

དེའི་རིང་། ཤ་བོ་སྐྱབས་ཀྱིས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱི་ཀྲུའུ་རིན་ཞའོ་ཧྥེ་ཧུའུ་དང་མཉམ་དུ་མཚོ་སྔོན་སྐྱེལ་འདྲེན་སྡེ་ཚོགས་ནུབ་མཚོ་རྡོ་སོལ་སྤྱི་གཉེར་ཁང་གི་འཕེལ་རྒྱས་བྱ་བར་བརྗེ་རེས་གནང་།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དང་། ཁུལ་མཁོ་ཚོང་མཉམ་ལས་ཁང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号