མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་བྱ་དགའ་ཨང་གཉིས་པ་ཐོབ་པའི་གླུ་བ།

དོན་དབང་།

མགོ་ལོག་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་མི།

བླངས་ཟིན་པའི་གྲུབ་འབྲས།

2013ལོའི་མགོ་ལོག་ཁུལ་གྱི་ཐེངས་གསུམ་པའི་དམངས་གླུའི་འགྲན་སྡུར་སྟེང་ཕུལ་བྱུང་བྱ་དགའ་ཐོབ། 2014ལོའི་དགའ་བདེ་རྫོང་གི་སྲིད་དབང་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་དུས་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་གྱི་དམངས་གླུ་ཚན་ཆུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། 2015ལོའི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་སྟེང་རྟིང་སྐུལ་བྱ་དགའ་ཐོབ། 2015ལོའི་སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གདོད་མའི་དམངས་གླུ་འཁྲབ་སྟོན་གྱི་ཀན་ལྷོའི་འགྲན་སྡུར་ལས་ཕུལ་བྱུང་རྒྱུན་འཛིན་པའི་བྱ་དགའ་ཐོབ། 2023ལོའི་རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ཨ་མདོའི་ལ་གཞས་འགྲན་སྡུར་སྐབས་བཞི་པའི་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། 2024ལོའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་བྱ་དགའ་ཨང་གཉིས་པ་ཐོབ།



བསོད་ནམས་རྒྱལ།

མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གྲོང་རྡལ་གྱི་མི། 

བླངས་ཟིན་པའི་གྲུབ་འབྲས།

མགོ་མང་ས་ཁུལ་གྱི་བྲག་དཀར་རིག་གནས་ཡུལ་སྐོར་དུས་ཆེན་དང་མི་རིགས་མཁོ་ཆས་འགྲེམ་སྟོན་ཚོགས་འདུ་སྐབས་དྲུག་པའི༼ལ་གཞས༽འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། གསེར་ཆེན་རྫོང་ཁུ་བྱུག་གྲེ་འགྱུར་དམངས་ཁྲོད་བོད་ཀྱི་གླུ་གཞས་དར་སྤེལ་མཐུན་ཚོགས་དང་མང་རྫོང་སྒེའུ་ལྷ་དམངས་ཁྲོད་དམངས་གླུ་མཐུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་འཕྲུལ་རྟ་རྟགས་མའི་སྐབས་ལྔ་པའི་ལ་གཞས་འགྲན་བསྡུར་ཁྲོད་ཨང་གསུམ་པ་ཐོབ། 2024ལོའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་བྱ་དགའ་ཨང་གཉིས་པ་ཐོབ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号