མཚོ་བྱང་ཁུལ་གྱིས་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས།

ཟླ7པའི་ཚེས30ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག《མཚོ་བྱང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་གྱི་ལྔ་བཅུ་བཞིའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཆར་འགོད་ཀྱི་གཙོ་གནད་བྱ་བའི་ལས་བགོས》དང《མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་གསར་འཛུགས་ཚད་གཞི》(ཚོད་ལྟ)《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་ལག་ལེན་རྟེན་གཞིའི་དཔྱད་འཇོག་མིང་འདོགས་བྱེད་ཐབས》སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ལས་ཁུངས་མཚམས་སྦྱོར་བྱ་བར་ཞིབ་འཇུག་བྱས། ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའམ་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། མགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་གཞོན་པ་སུང་ཞིག་ཙུང་དང་མ་ཁྲེང་ཀུའེ། ལི་ཞན་རུང་། ཁྲང་ལིན་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་བསྟན་དོན།   ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་གནད་ཡིན་པ་དང་མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་གཙོ་གནད་ཡིན་པའི་གལ་ཆེའི་རང་བཞིན་ལ་ངོས་ཟིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་སྟེང་བསྡུས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་དང་མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་གཙོ་གནད་ལ་དམིགས་ནས་བསམ་བློ་བཅོས་སྒྱུར་དང་། རང་གི་དོན་དངོས་གཞི་བྱས་ཏེ། གཙོ་གནད་བྱ་བ་དམིགས་སུ་འཛིན་པ་དང་། དུས་རབས་གསར་པར་མཚོ་བྱང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བསམ་གཞིགས་གསར་པ་དང་བྱེད་ཐབས་གསར་པ་སྤྱད་དེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་ཁུལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་ལག་ལེན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号