མཚོ་བྱང་ཁུལ་གྱིས་བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ་སྤེལ་མགོ་བརྩམས།

ཟླ7པའི་ཚེས30ཉིན། མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ཕྱི་རོལ་སྒར་འདེབས་རྟེན་གཞི་རུ་དམངས་དམག་ཁྱིམ་ཚང་གཅིག  ཆུ་དང་ཉ་མོའི་བརྩེ་བ་ཟབ་ཅེས་པ་བརྗོད་དོན་ཡིན་པའི་བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་བྱེད་སྒོ་སྤེལ་མགོ་བརྩམས་པའི་མཛད་སྒོ་འཚོགས་ནས་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་བྱེད་སྒོར་ཞུགས་ནས་བྱེད་སྒོ་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཞིང་ཆེན་རུ་འཁྱུར་དམག་མི་ཐིང་གི་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་ཀུའོ་ཆི་ལུང་། དེ་བཞིན་ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན།  སུང་ཞུག་ཙུང་། ལའེ་མིན། མ་ཁྲེང་ཀུའེ། སུའུ་བདུན་ཅུ། ལི་ཤུས་ཀྲེན། ཀརྨ་ཚེ་རིང་བཅས་མཛད་སྒོར་ཞུགས། ལི་ཞན་རུང་གིས་མཛད་སྒོ་གཙོ་སྐྱོང་གནང་།

ཧྲི་ཧུང་ཀྲན་གྱིས་ཤིས་ཚིག་ནང་བསྟན་དོན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་དོན་འཁྱོལ་དང་། གནས་བཞི་འཛུགས་སྐྲུན་གྱི་བླང་བྱ་དང་དམག་དཔུང་གི་གཟི་བརྗིད་ཆེ་བའི་གསར་བརྗེའི་སྲོལ་རྒྱུན་ཡིད་ལ་བརྟན་པོར་བཅངས་ཤིང་། དམག་དཔུང་དང་ས་གནས་ཀྱི་མཉམ་སྐྲུན་གཏིང་ཟབ་སྤེལ་བ། མུ་མཐུད་དུ་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པ། དམག་དཔུང་གི་འཐབ་འཛིང་གྲ་སྒྲིག་ལ་ནུས་པ་ལྡན་པའི་རོགས་སྐྱོར་བྱས།  གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་ཤུགས་ཆེན་པོས་སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་དང་གསར་བརྗེའི་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱས་པ་དང་། དམག་དཔུང་དང་ས་གནས་ཀྱིས་ཕན་ཚུན་ལ་བླང་བྱ་འདོན་པ་དང་། ཕན་ཚུན་ལ་དོན་དངོས་སྒྲུབ་པའི་ཞིབ་ཐོ་གཉིས་ཀྱི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  དུས་རབས་གསར་པའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་སྲ་བརྟན་དུ་བཏང་བ་དང་། གཉིས་བཀུར་བྱ་བར་གྲུབ་འབྲས་གསར་པ་བླངས་ནས་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་ཡོད་པར་བསྟན་ལ།  ད་ལོ་ནི་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་ཞིག་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་རྒྱུན་མཐུད་ངང་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་སྦྱོང་གྲ་སྒྲིག་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་དང་། དམག་བཀུར་རྒྱབ་སྐྱོར་བྱེད་པའི་ནང་རྐྱེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། ཁྱབ་རྒྱ་ཆེ་བའི་སྒོ་ནས་རྒྱལ་སྲུང་སློབ་གསོ་སྤེལ་བ་དང་། དམག་དཔུང་གིས་འཐབ་འཛིང་ལ་གྲ་སྒྲིག་བྱེད་པ་དང་ས་གནས་ཀྱིས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཆགས་སུ་འཇུག་དགོས། དམག་དཔུང་གི་འཕེལ་རྒྱས་ལ་རོགས་སྐྱོར་དང་། དམག་དཔུང་དང་སྲིད་གཞུང་། དམག་དཔུང་དང་མི་དམངས་ཀྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ། དམག་དམངས་མཉམ་འཛུགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་གཉིས་བཀུར་གྱི་ལས་དོན་རྒྱུན་མཐུད་ངང་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། ཐུན་མོང་ཐོག་མཚོ་བྱང་ལྔ་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་ཞུགས་པ་དང་། མཚོ་བྱང་གི་ཕྱོགས་གསུམ་གྱི་ཐད་ཞིང་ཆེན་ཡོངས་ཀྱི་སྔོན་གྲལ་དུ་སྐྱོད་པར་སྟོབས་ཤུགས་དབུལ་དགོས་པའི་བླང་བྱ་བཏོན།

མཛད་སྒོའི་སྟེང་། ཁུལ་ཡོངས་ཀྱི་དམག་བཀུར་དམག་སྐྱོང་ལས་ཁུངས་ལ་འཛིན་བྱང་སྤྲད་པ་དང་། བཅའ་སྡོད་དམག་དཔུང་ལ་ཡུལ་དངོས་ནས་འཚམས་འདྲི་བྱས། མཚོ་སྔོན་ཞིང་ཆེན་རུ་འཁྱུར་དམག་མིའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྒོ་བྱང་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། མཚོ་བྱང་ཁུལ་སྨོན་ལམ་མཐོན་པོ་རུ་འཁྱུར་དམག་མི་འཕྲལ་བསྟུན་རོགས་སྐྱོར་དང་བླངས་ཞབས་ཞུ་ཉིང་ལག་རི་ཁག་ལ་དར་ཆ་གནང་ཞིང་། ཁུལ་ཡོངས་ཀྱི་རུ་འཁྱུར་དམག་མི་ཚོགས་སྤྱིའི་འཐུས་མིར་རུ་འཁྱུར་དམག་མིའི་དངུལ་ཚབ་བྱང་བུ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号