ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ7པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས72པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། གཙོ་གནད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཡུའེ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུ་ཡི་འཐབ་ཕྱོགས་དང་པོའི་ཆུ་རགས་ཤོར་བ་དང་ཧྲའན་ཞིས་ཧྲང་ལུའོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་མངའ་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་རྡིབ་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། འགན་འཁྲིའི་སྦྲེལ་ཐག་ཇེ་དམ་དུ་གཏོང་བ་དང་ལས་རེས་ལས་སྲུང་ནན་ཏན་བྱེད་པཞ མཁོ་བསྟུན་དངོས་ཟོག་འདང་ངེས་གྲ་སྒྲིག་བཅས་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་གཏིང་ཟབ་བྱེད་དགོས། ཉེན་བརྡའི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་བསྣན་ནས་ས་གནས་ཀྱི་ཆར་ཆུ་འབབ་ཚུལ་དང་སྟོད་སྨད་ཀྱི་ཆུ་ཚུལ། ཆུ་འབྲུབ་གནས་ཚུལ་བཅས་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་ཁྱབ་བསྒྲགས་བྱས་ཏེ“ཁ་གཏད་གཅོག་རྒྱུའི”ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་ཐག་གཅོད་བྱེད་དགོས། གནམ་གཤིས་དྲགས་པོར་དམིགས་ནས་སྔོན་ལ་བྱེད་ཐབས་ནན་མོ་སྤྱོད་པ་དང་། དྲིལ་སྒྲོག་དང་ཉེན་བརྡ་ཡག་པོ་བཏང་ནས་དམངས་ཡོངས་ཀྱི་མཁོ་བསྟུན་ཉེན་གཡོལ་དང་། རང་སྐྱོབ་ཀྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འཇུ་ལག་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་བཤད་དང་བརྟག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། “རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དང་འཇུ་ལག་རྫོང་གི“རི་བོ་གཉིས”ལག་ལེན་གསར་གཏོད་རྟེན་གཞི་སོགས་གཏོད་པའི་བྱ་བ་ཇེ་མགྱོགས་སུ་གཏོང་དགོས། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རྒྱུན་གཏན་ཅན་གྱི“སྤུས་དག་ཆེན་པོ་བཞིའི”འགྲན་སྡུར་སྤེལ་ཏེ་རྐང་ཐང་རི་འཛེག རྟ་རྒྱུག་འགྲན་སྡུར་སོགས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་དགོས་པ་དང་། ས་ཁོངས་ཧྲིལ་བོའི་གངས་འཁྱགས་ཡུལ་སྐོར་གྱི་ལས་རིགས་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། དགུན་དུས་ཡུལ་སྐོར་སྔ་མོ་ནས་ཇུས་འགོད་བཀོད་སྒྲིག་བྱས་ནས་ཞིང་ཆེན་ཡོངས་ཀྱི་དགུན་དུས་ཡུལ་སྐོར་གྱི“མེ་སྒྱོགས་དང་པོ”རྒྱག་རྒྱུའི་བརྩོན་ལེན་བྱེད་དགོས། ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ཆུ་གྲང་ཉ་གསོ་སྤེལ་ཐོན་ལས་གོང་འཕེལ་གཏོང་བ། འོ་ཤུན་དང་སྦྲང་རྩིའི་ཐོན་རྫས་སོགས་གསར་སྤེལ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག ལོ་སྟོད་ཀྱི་དམིགས་ཚད་འགན་འཁྲི་དཔྱད་ཞིབ་དང་གཞི་རིམ་ཏང་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས་བཅས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཏེ་ནན་གྱིས་བསྟན་དོན། ཞིང་ཆེན་དང་ཁུལ་གྱི་གཏན་འཁེལ་བྱས་པའི་དམིགས་ཚད་དང་གཙོ་གནད་ལས་འགན་ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་པོའི་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས། གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”དང་ཞིང་ཆེན་དང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅོས་སྒྲིག་ལ་བཏོན་པའི་དཔྱད་བརྗོད་བསམ་འཆར་ལ་དཔེ་བསྡུར་ཚད་འཛིན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི“རྩོམ་ཡིག་གི་ལེའུ་རྗེས་མ”དམ་འཛིན་ཡག་པོ་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། གྱོད་དཔེར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་དམ་པོར་ཁོང་དུ་ཆུད་པ་དང་རིམ་པ་སོ་སོའི་སྨྱན་སྦྱོར་མཉམ་འདྲེས་འཛུགས་སྐྱོང་ཚད་ལྡན་དུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་དང་བེད་སྤྱོད་ཡག་པོ་བཅས་བྱེད་དགོས་ཟེར།

ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་། ཞིང་ཕྱུགས་དང་གྲོང་གསེབ་དར་སྤེལ་བྱ་བ་སྤེལ་ཚུལ་གྱི་སྙན་ཞུར་ཉན་ཏེ་ནན་གྱིས་བསྟན་དོན། དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ལ་ཤུགས་སྣོན་དགོས་པ་དང་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་བྱེད་པ། དུས་ཚིགས་གསུམ་པའི་དཔལ་འབྱོར་བྱ་བ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་ཡག་པོ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་གཞི། གཙོ་གནད་ཁེ་ལས་བཅས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱེད་པ། ཕན་ནུས་ལྡན་པའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་མ་རྩ་ཆག་ནས་ཕན་འབྲས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱས་ཏེ་དཔལ་འབྱོར་འཕར་གནས་མང་དུ་བཏང་སྟེ་ལེགས་པོའི་ཕྱོགས་སུ་འགྱུར་བའི་རྣམ་པ་སྲ་བརྟན་དང་ཇེ་བཟང་དུ་གཏོང་བ་དང་། དཔལ་འབྱོར་བརྟན་བརླིང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མ་མཐའི་མཚམས་ཐིག་གི་བསམ་གཞིགས་གཏོང་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ཏེ“འགན་སྲུང་གསུམ”གྱི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་དགོས་ཟེར།

ཚོགས་འདུའི་ཐོག མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཉམས་ལེན་ས་ཚིགས6གི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་མཚོ་བྱང་ཁུལ་ཞིང་ཆེན་ཡོངས་ཀྱི“ལྟེ་གཅིག་གདུབ་གཅིག་སྣེ་མང”ཡུལ་སྐོར་འཕེལ་རྒྱས་བཀོད་སྒྲིག་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དང་དཔེ་མཚོན་གྱོད་དཔེ་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་ཉན་ཏེ་ནན་གྱིས་བསྟན་དོན། ལྟ་ཞིབ་ཚུར་ལན་གནད་དོན་དང་དཔེ་མཚོན་གྱོད་དཔེ་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། སྒེར་གྱིས་གང་བྱུང་དུ་འཛུགས་བསྐྲུན་དང་རྩྭ་ཐང་ལ་གཏོར་བཤིག་གཏོང་བ་སོགས་ཟང་ཟིང་གི་སྣང་ཚུལ་རྒྱུན་གཏན་ཅན་དུ་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་རྩྭ་ཐང་གི་རིས་ཁྲ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ཁམས་བཅོས་སྒྲིག་གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ཡུལ་སྐོར་ཆས་རྟགས་ཇེ་ལེགས་སུ་གཏོང་བ་དང་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས་ཡུལ་སྐོར་གྱི་རྒྱུ་འབྱོར་གནས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ་རྟ་རྒྱུག་དང་རྐང་བགྲོད། ལྕགས་རྟ་འགྲན་སྡུར། མདའ་འཕེན་སོགས་ཆས་རྟགས་འགྲན་སྡུར་གྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་གཏོང་དགོས་པ་དང་། ཁྱད་ལྡན་གཉེན་སྒྲིག་ཡུལ་སྐོར་ལམ་ཐིག་འཚོལ་ཞིབ་ཧུར་ཐག་དང་མཚོ་བྱང་ཆུ་ཚན་ཆས་རྟགས་ཇེ་བཟང་ཇེ་ལེགས་སུ་གཏོང་དགོས། མཐའ་འཁོར་ས་ཁུལ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད་བྱེད་དགོས་ཟེར།

ཚོགས་འདུའི་ཐོག ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་སྤེལ་ཚུལ་གྱི་སྙན་ཞུར་ཉན་ཏེ་ནན་གྱིས་བསྟན་དོན། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་འགུལ་སྐྱོད་དང“5685”བྱ་བའི་ལམ་སྲོལ་ལ་དམིགས་ཏེ་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་གལ་ཆེན། དུས་མཚམས་གལ་ཆེན་བཅས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཐོན་སྐྱེད་བདེ་འཇགས་ལས་འཛོལ་སྣ་ཚོགས་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས། ཆུ་ཚོད24ཡི་ལས་རེས་ལས་སྲུང་ལ་ཤུགས་བསྣན་ནས་གནོད་འཚེ་སྣ་ཚོགས་འཕྲལ་དུ་སྙན་སེང་ཞུ་རྒྱུ་དང་འཕྲལ་དུ་ཐག་གཅོད་བྱ་རྒྱུའི་འགན་ལེན་བྱེད་དགོས། མཁོ་བསྟུན་དངོས་ཟོག་གསོག་འཇོག་དང་མཁོ་བསྟུན་དཔུང་ཁག་སྦྱོང་བརྡར་བྱེད་པའི་བྱ་བར་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི“མཐའ་མའི”འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་ཡག་པོ་སྲུང་དགོས་ཟེར།

ཚོགས་འདུའི་ཐོག ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号