མཚོ་སྔོན་གྱི་ཆེས་མཛེས་པའི་རྩྭ་ཐང-གསེར་དངུལ་ཐང་།

གསེར་ཐང་དངུལ་ཐང་རྩྭ་ཐང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་སུ་ཡོད་པ་དང་ཤར་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དང་བར་ཐག་སྤྱི་ལེ100ཙམ་དང་། ལྷོ་ཕྱོགས་ཀྱི་མཚོ་སྔོན་པོའི་བར་སྤྱི་ལེ28ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་མ570ཡོད། ནུབ་རྒྱུད་རྐང་ཚ་དང་མཚོ་སྔོན་པོར་འབྲེལ་ལ། བྱང་ཤར་ཕྱོགས་ནི་རི་བོ་མཐོ་ལ་གཡང་གཟར་གྱིས་མཐའ་ནས་བསྐོར་ཡོད། ལྷོ་ཕྱོགས་མདའ་བཞི་རྫོང་གི་མཁར་ཟུར་གསུམ་གྲོང་རྡལ་དང་འབྲེལ་ཡོད།(མཁར་ཟུར་གསུམ་གྲོང་རྡལ་གྱི་གནའ་ཤུལ་ནི་ཧན་ནུབ་མའི་གནའ་ཤུལ་ཡིན་ལ། ཧན་ནུབ་མའི་ཝང་མཱང་གིས་སྲིད་དབང་སྐྱོང་དུས་བཙུགས་པ་ཡིན།)

གསེར་དངུལ་ཐང་གི་དུས་ཚིགས་ལེགས་ཤོས་ནི་སྤྱི་ཟླ7པ་དང8པ། 9པ་བཅས་ཡིན། མེ་ཏོག་ཁྲ་ལམ་མེར་བཞད་པ་དང་འདབ་ཆགས་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་བྱེའུ་ཅོ་ཀའི་གླུ་སྒྲས་མི་སེམས་ཀྱི་སྙན་དབང་འཕྲོག་པར་བྱེད། འདི་ནི་སྔོ་ལྗང་ལྗང་གི་རྩྭ་ཐང་ཆེན་པོ་ཞིག་ཡིན་ལ། སྤྲིན་དཀར་ལྟ་བུའི་ལུག་ཁྱུ་དང་ནག་རོག་རོག་གི་ནོར་ནག་སོགས་སྔོ་ལྗང་ལྗང་གི་རྩྭ་ཐང་སྟེང་བདག་ཏུ་མ་བཟུང་བའི་མེ་ཏོག་གི་གསེབ་ཏུ་འཚོ་བཞིན་ཡོད།

གསེར་དངུལ་ཐང་རྩྭ་ཐང་གི་ཕྱུགས་རྩྭ་རྒྱས་ལ། ནོར་ལུག་སྐྱེ་འཚར་བཟང་བས། མི་རྣམས་ཀྱིས་གསེར་དང་དངུལ་གྱིས་ཁེངས་པའི་འབྱོར་ཕྱུག་ལྡན་པའི་ས་ཆ་ཞིག་ཡིན་པས“ གསེར་དངུལ་ཐང”ཞེས་ཟེར་བ་རེད།

འཛམ་གླིང་གི་གྲགས་ཅན་རོལ་དབྱངས《 རྒྱང་རིང་བའི་ས་ཆ།》 ཞེས་པ་དེའང་གསེར་ཐང་དང་དངུལ་ཐང་གི་རྩྭ་ཐང་ཆེན་པོ་འདི་ནས་ཐོག་མར་ཚུགས་ལ། གནས་འདི་ནི་ད་དུང་ཀྲུང་གོ་གསར་བའི་རྡུལ་ཕྲན་འབར་མདེལ་དང་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི།《 རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི》 “ རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན” བཅས་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号