ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན221རྟེན་གཞིའི་གནའ་ཤུལ་དུ་བསྐྱོད་དེ་རིག་དངོས་གསོན་འགྱུར་བེད་སྤྱོད་བྱ་བར་བརྟག་ཞིབ་གནང་པ།

ཟླ7པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན221རྟེན་གཞིའི་བཟོ་ཁུལ18དང་བཅིངས་འགྲོལ་དམག་གི་གནའ་ཤུལ17ལ་བསྐྱོད་དེ་དུས་མགོའི་སྐུལ་སྒྲུབ་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། རིག་དངོས་སྲུང་སྐྱོབ་དང་གསོན་འགྱུར་བེད་སྤྱོད་བྱ་བར་དམིགས་ཏེ་ཡུལ་དངོས་ནས་གཞུང་དོན་སྤེལ་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་འབྲེལ་ཡོད་སྲུང་སྐྱོབ་དང་པོར་འཇོག་པ་དང་དོ་དམ་ལ་ཤུགས་སྣོན་པ། རིན་ཐང་སྔོག་འདོན་བྱེད་པ། བེད་སྤྱོད་ནུས་ལྡན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་རིག་དངོས་གསོན་འགྱུར་བྱ་རྒྱུའི་སྐོར་གྱི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། 221རྟེན་གཞིའི་བཟོ་ཁུལ་སོ་སོའི་གནའ་ཤུལ་གྱི་ཁྱད་པར་རང་བཞིན་གྱི་རྩ་དོན་ལ་བརྩི་སྲུང་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱས་ཏེ་རྟེན་གཞིའི་གནའ་ཤུལ་ལ་གཟི་བརྗིད་ཀྱི་འོད་སྣང་འཚེར་དུ་བཅུག་ནས་མཚོ་བྱང་གིས་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་ནང་དོན་གསར་པ་སྣོན་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས221རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་གསུམ་པ(འབར་རྫས་དང་ཕྱེད་བཟོས་ཐོན་རྫས་མཛོད་ཁང)དང་བཟོ་ཁུལ་བདུན་པ(དངོས་ལུགས་དང་རྫས་འགྱུར་ཚོད་ལྟའི་བཟོ་ཁུལ) བཟོ་ཁུལ་བཅུ་བཞི་པ། (ཚ་གློག་བཟོ་གྲྭ) བཟོ་ཁུལ་བརྒྱད་པ། (རླངས་འཁོར་ཞིག་གསོའི་ལྟེ་གནས) བཟོ་ཁུལ་དགུ་པ(སྣུམ་སྣོན་ས་ཚིགས)བཅས་སུ་ཡུལ་དངོས་ནས་བཟོ་ཁུལ་ལྗང་སྒྱུར་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག ལས་རེས་ལས་སྲུང་སོགས་ཀྱི་དུས་མགོའི་སྐུལ་སྒྲུབ་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། བཟོ་ཁུལ་གྱི་ཐོག་ཁང་དང་མཛོད་ཁང་། ས་འོག་འགེབས་སྲུང་སོགས་སུ་བསྐྱོད་དེ་གནའ་ཤུལ་སྲུང་སྐྱོབ་ཀྱི་ད་ལྟའི་གནས་ཚུལ་ལ་རྒྱུས་ལོན་དང་། རིག་དངོས་སྲུང་སྐྱོབ་དང་གསོན་འགྱུར་བེད་སྤྱོད་སྐོར་ལ་འགན་གཙང་ལེན་བྱེད་པའི་ལས་ཁུངས་སོ་སོའི་བྱེད་སྟངས་དང་བསམ་ཕྱོགས་ལ་ཉན་ནས་བསྟན་དོན། 221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བ་ཡག་པོར་སྒྲུབ་རྒྱུ་ནི་སྐབས་རིམ་བྱུང་གི་ཁུལ་ཨུའི་གཙོ་གནད་བྱ་བ་ཡིན་ལ་མཚོ་བྱང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཀྱང་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་གནས་བབ་མཐོ་ཤོས་ཀྱི་ཐོག་ནས་བྱ་བ་དེའི་གལ་ཆེན་རང་བཞིན་ལ་ངོས་འཛིན་དང་འགན་ལེན་བྱ་བ་གཞིར་བཟུང་ནས་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་རིག་དངོས་གསོན་འགྱུར་བེད་སྤྱོད་བྱ་བར་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གཅིག་ནས་ཁུལ་སྤྱི་བདེ་སྡེ་ཁག་གིས་བཟོ་ཁུལ་གསུམ་པ་གསོན་འགྱུར་བེད་སྤྱོད་ཀྱི་བསམ་ཕྱོགས་སྔར་ལས་ཁ་གསལ་བཟོས་ནས་སྐྱ་དམག་གི་སྦྱོང་བརྡར་བྱ་ཡུལ་དང་སྤྱི་བདེའི་དངོས་སྦྱོང་རྟེན་གཞིར་བསྐྲུན་དགོས། ཞིང་ཕྱུགས་སྡེ་ཁག་གིས་མཛོད་ཁང་བསྒྱུར་བཀོད་དང་རྟ་ར་འཛུགས་སྐྲུན་སོགས་ཀྱི་བྱ་བ་ལེགས་པར་སྒྲུབ་རྒྱུར་གཞོགས་འདེགས་བྱ་དགོས། སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་མཛོད་ཁང་གི་ཁང་ཀླད་དང་ཕྱི་ངོས་ཉམས་གསོ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོར་སྒྲུབ་པར་གཞོགས་འདེགས་བྱེད་དགོས། གཉིས་ནས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ནུབ་མཚོ་གྲོང་རྡལ་སྲིད་གཞུང་གིས་སྣེ་ཁྲིད་དེ་བཟོ་ཁུལ་བདུན་པའི་ནུས་པའི་ངེས་གནས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། གཅིག་གྱུར་བསམ་གཞིགས་དང་འཆར་འགོད་ནན་ཏན་བྱས་ཏེ་ལག་བསྟར་ཐུབ་པའི་གསོན་འགྱུར་བེད་སྤྱོད་བྱ་བའི་ཇུས་གཞི་བཟོ་དགོས། སྡོད་ཁང་འཛུགས་སྐྲུན་དང་གནའ་ཤུལ་གཞུང་ལས་ཁང་། རིག་དངོས་ཅུས་བཅས་ཀྱིས་ལས་གཞི་རེ་ཞུ་བྱས་ནས་བཟོ་ཁུལ་གྱི་སྒོ་དང་སྒེའུ་ཁུང་། ཆུ་གློག་སྒྲིག་སྦྱོར་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱ་བ་ཡག་པོར་སྒྲུབ་དགོས། གསུམ་ནས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྣེ་ཁྲིད་དེ་བཟོ་ཁུལ་བཅུ་བཞི་པའི་ད་ཡོད་བཟོ་ཁང་བེད་སྤྱོད་ཡག་པོ་བྱས་ཏེ་གློག་ཤུགས་རྟེན་རྫས་བཤམས་མཛོད་ཁང་དང་དྲོད་རླངས་མཁོ་འདོན་རྟེན་རྫས་བཤམས་མཛོད་ཁང་། ས་འོག་བཀོད་འདོམས་ཁང་། བཟོ་ཁུལ་རྙིང་པ་ཉམས་གསོ་འགྲེམས་སྟོན་སོགས་ཇུས་འགོད་ནན་ཏན་བྱས་ཏེ་ཟ་ཁང་དང་ཚོགས་ཁང་། ཉེན་སྲུང་ལས་རེས་ཁང་སོགས་ཉམས་གསོ་དང་སླར་གསོ་བྱེད་དགོས། བཞི་ནས་ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གིས་སྣེ་ཁྲིད་དེ་གཞོན་ནུ་ལོ་ཆུང་གི་ཉམས་ཞིབ་བྱ་བ་དང་ཟུང་འབྲེལ་བྱས་ནས་བཟོ་ཁུལ་བརྒྱད་པ་སྔར་ལས་བེད་སྤྱོད་བྱེད་པའི་བྱ་བ་ཡག་པོར་སྒྲུབ་དགོས། ཁུལ་བཟོ་འཕྲིན་ཅུས་ཀྱིས་ཀྲུང་གོའི་རྡོ་སྣུམ་དང་བྱ་བ་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་བཟོ་ཁུལ་དགུ་པའི་སྣུམ་སྣོན་ས་ཚིགས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་བེད་སྤྱོད་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན། 

དེའི་རིང་། ཤ་བོ་སྐྱབས་ཀྱིས་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སུ་གཟུགས་པོར་བརྟག་དཔྱད་ལྟེ་གནས་ཀྱི་བྱ་བ་སྒྲུབ་ཚུལ་གྱི་སྙན་ཞུར་ཉན་པ་དང་། མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། ཡུལ་དངོས་ནས་འཛུགས་སྐྲུན་བྱེད་ནུས་ཁུལ་དབྱེ་དང་ཆུ་འཛག་ཆུ་འགོག་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་གནང་ལ། ཁུལ་འཕྲོད་བསྟེན་སྡེ་ཁག་གིས་གཟུགས་པོར་བརྟག་དཔྱད་ལྟེ་གནས་ཀྱི་དོ་དམ་འཁོར་སྐྱོད་དང་ཞབས་ཞུ་འགན་ལེན་བྱ་བ་སོ་སོ་མུ་མཐུད་ཡག་པོར་སྒྲུབ་པ་དང་། མདའ་བཞི་རྫོང་དང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ཁང་ཀླད་འཛུགས་སྐྲུན་དང་མེ་གསོད་རྫིང་བུའི་ཆུ་འཛག་པ་དང་ཆུ་སིམ་པའི་གནད་དོན་བཅས་དུས་ཐོག་ཏུ་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་དེ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་ཞབས་ཞུ་འགན་ལེན་བྱ་བ་སོ་སོ་ཡག་པོར་སྒྲུབ་རྒྱུའི་འགན་ཁུར་ནས་སློབ་མའི་སློབ་ཁང་དང་ཉལ་ཁང་སོགས་ཚན་རིག་དང་མཐུན་པའི་སྒོ་ནས་ཁུལ་དབྱེ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་། ཀརྨ་ཚེ་རིང་། ཧ་ཝུན་ཞུག ལི་ཞན་རུང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་འཕེལ་སྒྱུར། སྡོད་ཁང་འཛུགས་སྐྲུན། གནའ་ཤུལ་གཞུང་ལས་ཁང་།  ཞིང་ཕྱུགས། ནགས་རྩྭ། བཟོ་འཕྲིན། འགྲིམ་འགྲུལ། རིག་གནས་ཡུལ་སྐོར། རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号