ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱད་སྒྲོག་དང་སློབ་སྦྱོང་ལག་བསྟར་བྱས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཟླ7པའི་ཚེས26ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་མཚོ་བྱང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྱི་གྲོས་འཆར་ལ་ཞིབ་འཇུག་བྱས། ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་ཨང་དང་པོ་ཡིན་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསམ་བློ་གསར་པ་དང་ཆོད་སེམས་གསར་པ། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ། ལས་འགན་གསར་པ་དང་གོ་སྐབས་གསར་པ་བཅས་ལ་གཞིགས་ནས་བཅོས་བསྒྱུར་གྱི་བྱེད་ཐབས་དང་ལེན་དང་བཅོས་བསྒྱུར་གྱི་ཕན་ནུས་འདོན་པ། བཅོས་བསྒྱུར་གྱི་ཁེ་ཕན་ཐོབ་པ། བྱེད་ཐབས་སྣ་མང་མཉམ་སྤྱོད་བཅས་བྱས་ཏེ་དཔལ་འབྱོར་སྔར་ལས་གོང་འཕེལ་དང་ཐོན་ལས་སྔར་ལས་དར་པ། སྐྱེ་ཁམས་སྔར་ལས་ལེགས་པ། བཅོས་སྐྱོང་སྔར་ལས་འཐུས་པ། འཆར་འགོད་སྔར་ལས་གནད་ལ་འཁེལ་བར་སྐུལ་འདེད་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་མཚོ་བྱང་གི་ལེའུ་རྩོམ་དགོས་ཟེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་བྱ་བའི་སྙན་ཞུ་དང་གསུང་བཤད་གལ་ཆེན་ནང་བཅོས་བསྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ། གཙོ་གནད་ལས་འགན་བཅས་གསལ་བཤད་གཏིང་ཟབ་བྱས་ཡོད་པས་བསམ་བློའི་རང་བཞིན་དང་ཆབ་སྲིད་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་བྱ་བ་ཡག་པོ་སྒྲུབ་ཆེད་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་ལ་དམིགས་ནས་བཅོས་བསྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་པ་དེ་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁྱོན་ཡོངས་ཀྱི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་པས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་ཆེན་པོ་མཁོ་འདོན་བྱས་ཡོད་ཟེར། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་གཅིག་ཏུ་སློབ་སྦྱོང་དང་གཞི་གཅིག་ཏུ་ལག་བསྟར་རྒྱུན་འཁྱོངས་བྱེད་དགོས། བཅོས་བསྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པ་དང་བཅོས་བསྒྱུར་གྱི་གཙོ་གནད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། བཅོས་བསྒྱུར་བྱེད་ཐབས་གལ་ཆེན་ཞིབ་ཕྲ་དང་དོན་དངོས་ཅན་དུ་འགྱུར་བ། གསལ་ཐོ་ཅན་དང་ལས་གཞི་ཅན་ལ་དོན་འཁྱོལ་དམ་འཛིན་བྱས་ཏེ། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱིས་སྣེ་ཁྲིད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་ཁྲིད་སྟོན་གསལ་པོ་སྟངས་འཛིན་གཏིང་ཟབ་བྱས་ཏེ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ལྗང་མདོག་རྩིས་ནུས་གཙོ་བོར་བྱེད་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་ནུས་ཤུགས་ཡོད་རྒུ་འདོན་དགོས། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་སོགས་ཀྱི་བྱ་བའི་མ་ལག་བཀོད་སྒྲིག་ཁོང་དུ་ཆུད་པར་བྱས་ཏེ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་དང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་དང་གྲུབ་འབྲས་འཕོ་འགྱུར་བྱེད་ཤུགས་ཆེ་རུ་གཏོང་པ། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། བེད་སྤྱོད་བཅས་ཀྱི་ལམ་ལུགས་དང་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གསར་གཏོད་ཀྱི་སྦྲེལ་ཐག་དང་ཐོན་ལས་ཀྱི་སྦྲེལ་ཐག མ་དངུལ་གྱི་སྦྲེལ་ཐག ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་ཤར་བགྲོད་ཐུབ་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་མངོན་འགྱུར་ཡོང་བའི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཉེན་ཁ་སྔོན་འགོག་དང་བདེ་འཇགས་སྲུང་བརྩི། བརྟན་ལྷིང་སྲུང་སྐྱོབ་བཅས་ཀྱི་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱས་ཏེ། “པད་མའི་ཉམས་མྱོང”དང“ཆུང་བ་དྲུག་གི་འདུམ་གཅོད་བཅའ་ཁྲིམས”རྒྱུན་མཐུད་ངང་ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུའི་ལས་འགན་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྡེ་བ་སྟོབས་ཆེར་གཏོང་བའི”བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། ལས་ཞུགས་དང་སྨན་བཅོས། སྤྱི་ཚོགས་འགན་བཅོལ། རྒན་གསོ་སོགས་ཀྱི་བྱ་བ་དམ་འཛིན་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མུ་མཐུད་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་ཏན་ཏིག་བྱས་ཏེ་དྭངས་གཙང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱས་ཏེ་དྲིལ་སྒྲོག་སྒྲོག་འགྲེལ་དང་གསོ་སྦྱོང་རེས་མོས་སྦྱོང་བརྡར། བཅོས་བསྒྱུར་བརྟག་ཞིབ་སོགས་བྱ་བ་སོ་སོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞི་རིམ་དང་མང་ཚོགས་ལ་ཤེས་སུ་འཇུག་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ནས་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་གྱི་བྱ་བར་སྣེ་ཁྲིད་དང་དམ་འཛིན་ཡག་པོ་བྱས་ཏེ། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་ཤེས་རྟོགས་བྱང་ཆུབ་དང་བྱ་བ་དངོས་སྒྲུབ་པར་སྣེ་ཁྲིད་བྱེད་དགོས། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སློབ་སྦྱོང་ལག་བསྟར་བྱེད་པའི་གྲུབ་འབྲས་དེ་བྱ་སྤྱོད་དངོས་ཀྱི་ཐོག་ཏུ་བཞག་ནས་བྱ་བའི་ཕན་འབྲས་ཁྲོད་མངོན་པར་བྱེད་པ་དང་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བྱ་བ་དམ་འཛིན་ཡག་པོ་བྱེད་པ། དུས་ཚིགས་གསུམ་པའི་རྫོགས་ལྡན་དུས་སྐབས་དང་འགག་རྩའི་དུས་སྐབས་འདི་སྟངས་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号