ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་ནན་གྱིས་བསྟན་དོན། རྒྱུན་གཏན་ལས་འདས་པའི་བྱ་ཐབས་ལ་བརྟེན་ནས་གཅིག་སྡུད་བཅོས་སྒྲིག་བྱ་བ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།


ཟླ7པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གིས་རང་ཉིད་གསར་བརྗེ་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས་ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་རྒྱུན་མཐུད་ཤུགས་རྒྱག་པ་དང་། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་ནས་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བ་རུ་ཤ་བོ་སྐྱབས་འཁོར་དང་བཅས་པ་ཏང་ཡོན་བྱ་འགུལ་ཁང་དུ་བསྐྱོད་ནས་སྡེ་བའི་ལས་བྱེད་པ་དང་བཞུགས་མོལ་བརྗེ་རེས་གནང་བ་དང་། སྡེ་བའི་གསོ་སྤེལ་ར་བ་དང་སྔོ་ཚལ་དྲོད་ཁང་ཆེན་མོ་སོགས་སུ་སྡེ་བའི་མཉམ་སྡེབ་ཀྱི"མ་དངུལ་གསུམ"དོ་དམ་བྱ་བ་སྤེལ་ཚུལ་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་མངོན་གསལ་དོད་པའི་གནད་དོན་རྒྱུས་ལོན་ཞིབ་ཕྲ་གནང་ནས་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་སྐབས་མང་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བ་དང་བསམ་འཆར་ཆེ་བའི་གནད་དོན་ལ་དམིགས་ནས"དབང་ཆ་ཆུང་གྲས"ཀྱི་གསལ་ཐོ་གནད་ལ་འཁེལ་བའི་ངང་བཟོས་ཏེ་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་དང་། སེམས་དང་བརྩེ་བས་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་ཐོབ་སྣང་ཡོད་པར་བྱེད་དགོས། སྡེ་བའི་མཉམ་སྡེབ་ཀྱི"མ་དངུལ་གསུམ"དོ་དམ་ཚད་ལྡན་དུ་གཏོང་བ་དང་སྡེ་དོན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་དོ་དམ་དང་རྒྱུ་ནོར་བདག་ཉར། ཐོན་ཁུངས་བེད་སྤྱོད་ཡག་པོ་བཅས་ཏན་ཏིག་བྱེད་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་ངང་སྟོབས་ཆེར་བཏང་ནས་མཉམ་སྡེབ་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་འཕར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཟེར།

དཔལ་དགེ་གྲོང་རྡལ་སྲིད་གཞུང་དུ་ཤ་བོ་སྐྱབས་འཁོར་དང་བཅས་པ་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་ནས་དམངས་སྲིད་དང་སྨན་བཅོས་འགན་བཅོལ་སོགས་སྐར་ཁུང་གི་ལས་སྒྲུབ་མི་སྣ་དང་མང་ཚོགས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བ་དང་བདེ་ཐང་བདེ་འཇགས་སོགས་ཀྱི་ཐད་ལྷག་པའི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་ཐད་བརྗེ་རེས་གཏིང་ཟབ་གནང་ནས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་དྲ་གཅིག་ཡོངས་སྒྲུབ་དང་སྐར་ཁུང་གཅིག་ནས་ཡོངས་སྒྲུབ་ཐུབ་པ་རྒྱུན་འཁྱོངས་བྱས་ཏེ། གཞི་གྲངས་མང་ཙམ་རྒྱུག་པ་དང་མང་ཚོགས་ཉུང་ཙམ་སྐྱོད་ཐུབ་པ་བྱས་ནས་བྱ་བའི་ཕན་འབྲས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཟེར།

རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་ལ་གསན་རྗེས་ཤ་བོ་སྐྱབས་ཀྱིས་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་དེ་ཏང་གི་སྲིད་སྐྱོང་རྨང་གཞི་དང་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་རྒྱུན་གཏན་ལས་བརྒལ་ནས་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལྷོད་གཡེང་མི་གཏོང་བའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་ཞིག་ཡིན། བསམ་བློའི་ཐོག་ནས་སླར་ཡང་མཐོང་ཆེན་དང་བྱེད་ཐབས་ཐོག་ནས་སླར་ཡང་དོན་དངོས་ལ་བརྟེན་པ། ཤུགས་ཚད་ཐོག་ནས་སླར་ཡང་ཆེ་རུ་གཏོང་བ་བཅས་བྱས་ཏེ། བྱ་བའི་ལས་འགན་སོ་སོ་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་གཅིག་སྡུད་བཅོས་སྒྲིག་ལ་དོན་དངོས་ཀྱིས་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་དགོས། བཅོས་སྒྲིག་གི་གཙོ་གནད་ལ་དམིགས་ནས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་མངོན་གསལ་དོད་པའི་གནད་དོན་དང་གཙོ་གནད་ཁྱབ་ཁོངས་གནད་ལ་འཁེལ་བའི་ངང་འཚོལ་བ་དང་གནད་དོན་གྱི་ཁུངས་སྣེ་ཁྱོན་ཡོངས་ནས་འཚོལ་ཞིབ་བྱས་ཏེ་རྒྱབ་ཕྱོགས་ཀྱི"རུལ་སུངས་ཀྱི་འགན་འཁྲིའི"གནད་དོན་གཏིང་ཟབ་སྔོག་འདོན་དང་ཞིབ་བཤེར་མཐིལ་ཕྱིན་བྱེད་དགོས། ཞིང་ཆེན་ལྟ་བཤེར་ཚོ་ཆུང་གིས་མཚོ་བྱང་དུ་བྱ་བ་སྒྲུབ་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། ཁེངས་སྐྱུང་ངང་ལྟ་བཤེར་མཛུབ་ཁྲིད་དང་ལེན་བྱས་ནས་གཅིག་སྡུད་བཅོས་སྒྲིག་བྱ་བ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

དེའི་རིང་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བའི་རྨོ་བསྐྱུར་ནགས་འདེབས་ས་གནས་སུ་ནགས་ཚལ་དང་རྩྭ་ཐང་སྐོར་ཞིབ་བྱ་བ་སྤེལ།

ཁུལ་གྱི་མགོ་ཁྲིད་ལེ་མེན་དང་ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་དང་། ཁུལ་ཨུའི་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།




གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号