མཚོ་བྱང་ནི་ཞིང་ཆེན་ཡོངས་ཀྱི་ལོག་དཀར་གྱི་ས་བོན་མཁོ་འདོན་བྱེད་པའི་རྟེན་གཞི་ཆེ་ཤོས་སུ་གྱུར་པ།    

ཟླ7པའི་ཚེས9ཉིན། གསར་འགོད་པས་མཚོ་བྱང་ཁུལ་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ལོག་དཀར་ཐོན་སྐྱེད་ཁུལ་ཆེ་ཤོས་དང་ལེགས་ཆའི་ཐོན་ཁུངས་བེད་སྤྱོད་ཁུལ་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་ཚོད་དཀར་རྣམ་པའི་ལོག་དཀར་གྱི་ཆེས་གལ་ཆེ་བའི་སོན་བཟང་གསོ་སྤེལ་རྟེན་གཞི་དང་ཆེས་ཆེ་བའི་ས་བོན་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། ཚོད་དཀར་རྣམ་པའི་ལོག་དཀར་ཐོན་སྐྱེད་ཁུལ་དང་སྔར་གནས་སོན་གསོའི་ལེགས་ཆའི་ཁུལ་ཡིན་པའི་ཆ་ནས་ཁུལ་དང་རྫོང་གི་རིམ་པ་སོ་སོའི་སྲིད་གཞུང་དང་ཚན་རྩལ་མི་སྣས་ས་བོན་གྱི་རིགས་དང་སོན་བཟང་།  ལག་རྩལ་བཅས་ཀྱི“གསོ་སྤེལ་དང་ཁྱབ་སྤེལ་གཞི་གཅིག་ཅན”གྱི་ཐོག་ནས་ལོག་དཀར་ཐོན་ལས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཚོ་བྱང་གི་ལོག་དཀར་མེ་ཏོག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད།      

རྒྱུས་ལོན་པ་ལྟར་ན། 2023ལོར་མཚོ་བྱང་གི་སྣུམ་རིགས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི2.87ཟིན་པ་དང་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་ཁོ་ནར་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི1.93ཟིན་ཡོད་པ་རེད། མུའུ་ཁྲི་ཡི་ལོག་དཀར་མེ་ཏོག་གིས་ཡུལ་སྐོར་བ་ཁྲི་སྟོང་མང་པོའི་ཡིད་དབང་བཀུག་པར་མ་ཟད། འཇུ་ལག་སྦྲང་རྩིའི་ཐོན་ལས་ཀྱང་འཕེལ་རྒྱས་སུ་ཕྱིན་ཡོད། འཇུ་ལག་རྫོང་ཁོངས་ཀྱི་གཞི་ཁྱོན་ཅུང་ཆེ་བའི་སྦྲང་རྩིའི་ཐོན་རྫས་ཐོན་སྐྱེད་བྱེད་པའི་གཙོ་གཟུགས་ཁེ་ལས4ཡིས་ལོ་རེར་སྦྲང་རྩི་ཏུན1500ལྷག་ཙམ་ཐོན་སྐྱེད་བྱེད་ཀྱིན་ཡོད་པ་རེད། འཇུ་ལག་ནི་བྱང་ཕྱོགས་ཀྱི་ལོག་དཀར་འབྱུང་ཁུངས་ལྟེ་གནས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས་ལོག་དཀར་ས་བོན་ལ་ཤུན་པགས་སྲབ་ལ་སྣུམ་འདུས་ཚད་མཐོ་བའི་ལེགས་ཆ་ལྡན་ཞིང་ཆ་སྙོམས་སྣུམ་འདུས་ཚད43%ཡན་ཟིན་པ་དང་།  འཇུ་ལག་གི་གཞི་རྒྱུ་སེ་ཕུན་སུམ་ཚོགས་པའི་ས་ཁུལ་གསར་སྤེལ་བེད་སྤྱོད་བྱས་པ་དེས་གཞི་རྒྱུ་སེ་ཕུན་སུམ་ཚོགས་པའི་ལོག་དཀར་འཕེལ་རྒྱས་ལ་རོགས་འདེགས་བྱས་ཡོད། མིག་སྔར། མཚོ་བྱང་གིས་ལོག་དཀར་གྱི“རྫས་གསུམ་རྟགས་གཅིག”5ཁས་ལེན་བྱས་པ་དང་། ལོག་དཀར་ལས་སྣོན་ཞིབ་ཚགས་ཁེ་ལས4གསོ་སྐྱོང་བྱས་ལ་ལོ་རེར་ལོག་དཀར་གྱི་ས་བོན་ཏུན་ཁྲི6.6ལས་སྣོན་བྱས་ཏེ་ལས་སྣོན་འགྱུར་ཚད60%ཡན་ཟིན་ཡོད། རྒྱལ་ཁབ་ཀྱི“ལྗང་མདོག་བཟའ་བཅའི”ཁས་ལེན་སྙན་ཞུ་ཕུལ་བའི“ཞུའེ་ལིན”རྟགས་ཅན་གྱི་ལོག་དཀར་སྣུམ་ཧྲན་ཞི་སོགས་སུ་ཕྱིར་འཚོང་བྱེད་ཀྱིན་ཡོད་པ་དང་ལོ་རེར་ཏུན50ཕྱིར་འཚོང་བྱེད་བཞིན་ཡོད་པས་བྱང་ཕྱོགས་ཀྱི་ལོག་དཀར་སྣུམ་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་ཡོད།

དེ་དང་ཆབས་ཅིག མཚོ་བྱང་ཁུལ་གྱིས་ས་ཁོངས་ནང་ལོག་དཀར་འདེབས་འཛུགས་དུས་ཚོད་དང་བསྟུད་མར་འདེབས་འཛུགས་བྱ་རྒྱུའི་འཆར་འགོད་ཧྲིལ་པོ་བྱས་ཏེ་སྣ་ཁ་དང་འདེབས་འཛུགས་དུས་ཚོད་སོགས་ལ་གཞོགས་འདེགས་ལེགས་སྒྲིག་བྱས་ནས་ལོག་དཀར་མེ་ཏོག་གི་དུས་ཚོད་རིང་དུ་བཏང་བར་མ་ཟད།  ཚོན་མདོག་ཅན་གྱི་ལོག་དཀར་ནང་འདྲེན་བྱས་ནས་ལོག་དཀར་མེ་ཏོག་གི་རྒྱ་མཚོ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཡུལ་སྐོར་བའི་ཡིད་དབང་བཀུག་ནས “མེ་ཏོག”གི་བརྗོད་གཞིའི་རྩོམ་ཡིག་གང་མང་འབྲི་བ་དང་། “མེ་ཏོག”གཙོ་བོར་བཟུང་བའི་ཆས་རྟགས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号