ད་ལོར། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཞིང་ཆེན་ཕྱི་ནང་དུ་ཕྱིར་འཚོང་སྒོར་དུང་ཕྱུར1.13ཟིན།

ཟླ7པའི་ཚེས8ཉིན། གསར་འགོད་པས་མཚོ་བྱང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཞིང་ཆེན་ཕྱི་ནང་དུ་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར1.13ཟིན། མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་ཆེན་མོ་ལ་བརྟེན་ཏེ་དྲ་ཐོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཐེངས53སྤེལ་བ་དང་འཛད་སྤྱོད་འཛིན་ཤོག42068སྤྲད། དྲ་ཕྱི་ནས་འཛད་སྤྱོད་ལ་སྐུལ་འདེད་ཐེངས5བཏང་བ་དང་འཛད་སྤྱོད་འཛིན་ཤོག2350སྤྲད་པས་དྲ་ཐོག་དང་དྲ་ཕྱི་ནས་རིམ་རྩིས་བྱས་ན་འཛད་སྤྱོད་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི151.6བཏང་སྟེ་འཛད་སྤྱོད་སྒོརཁྲི621.5སྐུལ་ཁྲིད་བྱས་པ་དང་སྐུལ་ཁྲིད་བསྡུར་ཚད1:4.1རེད།

མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་ཆེན་མོ་མགོ་ཚབརྩམས་པ་ནས་བཟུང་། མཚོ་བྱང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས"རྐང་རྩེད་སྤོ་ལོ+"བརྗོད་གཞི་མང་དུ་བཟོས་ནས"གནས་མཆོག་མཚོ་སྔོན·མཐོ་སྒང་རྫས་མཆོག"གི་གཏམ་རྒྱུད་ཡག་པོ་བཤད་རྒྱུར་ཤུགས་བསྣན་ནས་མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་ཆེན་མོར་རོགས་འདེགས་བྱས་ཏེ"ལས་རིགས་ལྔའི"མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

"རྐང་རྩེད་སྤོ་ལོ+གློག་རྡུལ་ཚོང་དོན"གྱི་བརྗོད་གཞི་བཟོས་ནས་ནས་ཐད་གཏོང་ཚོང་བཙོང་གིས་མཚོ་བྱང་གི་སྤུས་ལེགས་ཐོན་རྫས"ཕྱིར་འཚོང"བྱེད་པར་རོགས་རམ་བྱས། རྐང་རྩེད་སྤོ་ལོའི་འགྲན་སྡུར་གྱི་གོ་སྐབས་བཟང་པོར་དམ་འཛིན་ནན་མོ་བྱས་ཏེ་ཐད་གཏོང་གློག་རྡུལ་ཚོང་དོན་གྱི་འདྲེན་གཏོང་དང་བྲིན་ཚོང་གི་ནུས་པ་གང་ལེགས་སྤྱད་དེ་ཐད་གཏོང་ཚོང་བཙོང་དེ"གནས་མཆོག་མཚོ་སྔོན·མཐོ་སྒང་རྫས་མཆོག"ཅེས་པའི2024ལོའི་ཆས་རྟགས་དྲིལ་སྒྲོག་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་། མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་ཆེན་མོའི་བརྒྱུད་རིམ་ཧྲིལ་པོ་ཁྱབ་པར་བྱས།

ས་གནས་ཀྱི་ཐད་གཏོང་པ5དང་ཞིང་ཆེན་ཕྱིའི་ཚོང་བཙོང་ཐད་གཏོང་པ2གདན་འདྲེན་ཞུས་པར་མ་ཟད། ཞིང་ཆེན་ཚོང་དོན་ཐིན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་འཁྲབ་སྟོན་པ་མིང་གྲགས7དང་། དྲ་གྲགས་དང་ཞིང་ཆེན་ནང་གི་དྲ་དཔོན་རྟ་མགྲིན་ཀྱི་ཚོགས་པ་བཅས་གདན་འདྲེན་ཞུས་ཏེ"བརྙན་ཐུང+ཐད་གཏོང་ཚོང་འཚོང"གི་དྲིལ་སྒྲོག་བྱེད་སྟངས་ལ་བརྟེན་ནས་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་འོས་སྦྱོར། ཐད་གཏོང་ཚོང་བཙོང་བཅས་བྱས་ནས"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི"སྤྱི་སྤྱོད་ཆས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བསྣན་པ་དང་། བྲིན་འཚོང་བགྲོད་ལམ་ནུས་ལྡན་ངང་ཇེ་ཐུང་དུ་གཏོང་བ་དང་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ་མཚོ་བྱང་གི་ཐོན་རྫས་གྲགས་ཅན"ཕྱིར་འཚོང"བྱས་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་བསྐྱོད་རྒྱུར་རོགས་རམ་བྱས།

དེ་དང་ཆབས་ཅིག མཚོ་བྱང་ཁུལ་མཚོ་བྱང་གློག་རྡུལ་ཚོང་དོན་མཐུན་ཚོགས་དང་མཚོ་སྔོན་སྐྱེ་ཁམས་འབྱུང་ཁུངས་ཟོག་འགྲེམས་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་གསེར་ལྡན་མདོ་ལ་འོ་ལས་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་ཝུའུ་ཡིག་རིག་གནས་སྨྱན་སྦྱོར(ཐེན་ཅིན)ཚད་ཡོད་སྤྱི་གཉེར་ཁང་དང་། པེ་ཅིང་ཕ་ཡུལ་མགྲོན་པོ་དྲ་རྒྱའི་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རོགས་རམ་བྱས།

"རྐང་རྩེད་སྤོ་ལོ+འཛད་སྤྱོད"ཀྱི་བརྗོད་གཞི་ཡག་པོ་བཟོས་ནས་འཛད་སྤྱོད་བྱེད་སྒོར་སྐུལ་འདེད་བཏང་སྟེ་རྐང་རྩེད་སྤོ་ལོས་འཛད་སྤྱོད"འཕར་རྒྱུར"སྐུལ་ཁྲིད་བྱས། རྐང་རྩེད་སྤོ་ལོའི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ནུས་ཤུགས་ཡོད་རྒུས་སྔོག་འདོན་བྱ་ཆེད། མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་ཆེན་མོ་ལ་བརྟེན་ནས་རྫོང་བཞིའི་བཟོ་འཕྲིན་ཅུས་དང་མཉམ་འབྲེལ་བྱས་ཏེ། ཁུལ་ཡོངས་ཀྱི་ཁེ་ལས123སྒྲིག་འཛུགས་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་པའི་ཕྲེང་བསྟར་བྱེད་སྒོ་སྤེལ་བ་དེ་ཞག་སྡོད་དང་བཟའ་བཏུང་། ཁྱིམ་སྤྱོད་གློག་ཆས། ཚོང་དོན་ཚད་བརྒལ་སོགས་ཀྱི་ལས་རིགས་དང་འབྲེལ་བ་ཡོད་ལ། འཛད་སྤྱོད་ལ་སྐུལ་འདེད་གཏོང་པའི་མ་དངུལ་སྒོར་ཁྲི30ཙམ་བཏང་སྟེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་འཛད་སྤྱོད་འཛིན་ཤོག9000ལྷག་ཙམ་སྤྲད་ནས་འཛད་སྤྱོད་སྒོར་ཁྲི126སྐུལ་ཁྲིད་བྱས། སྐུལ་ཁྲིད་བསྡུར་ཚད1:4.2ལོན་ཡོད་པ་རེད།

མཚོ་བྱང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ཀྱིས་ཐད་གཏོང་ཚོང་བཙོང་ཚོགས་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་དང་མཚོན་བྱེད་རང་བཞིན་ལྡན་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྣ་ཁ180ལྷག་ཙམ་ཞིབ་ཚགས་ངང་བདམས་པ་དང་ཐེངས6ལ་མི60ཡིས་ཐད་གཏོང་ཚོང་བཙོང་བྱས་ཤིང་། རིམ་རྩིས་བྱས་ན་ལྟ་མཁན་མི་ཐེངས་ཁྲི47.1ཟིན་ནས་སྦྲང་རྩི་དང་། ནོར་གནག་ཤ་སྐམ། ནས་ཀྱི་ཐོན་རྫས། ལོག་དཀར་སྣུམ་སོགས་ཐོན་རྫས"ཉོ་མཁན་མང་བ"དང"བྲིན་ཆེ་བའི"ཐོན་རྫས་སུ་གྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号