མདོ་ལ་རྫོང་གི་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞིའི་རྐང་ཐང་འགྲན་སྡུར་འགོ་བརྩམས་པ།

རྩྭ་ཐང་སྟེང་དུ་མེ་ཏོག་ཡོངས་སུ་ཁྱབ། སྟོང་སོའི་ནགས་ཀློང་མཛེས་ལྗོངས་ཀུན་ལས་རྒྱལ། ཟླ7པའི་ཚེས6ཉིན། ཀྲུང་གུང་མདོ་ལ་རྫོང་ཨུ་དང་མདོ་ལ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། མདོ་ལ་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་བརྙན་ཅུ་ཡིས་འགན་སྒྲུབ་བྱས་ཤིང་། མདོ་ལ་རྫོང་ལྷ་ཁམས་རིག་གནས་གནས་སྐོར་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཁའེ་དབྱི་ཚན་རྩལ་སྨྱན་སྦྱོར་ཚད་ཡོད་ཀུང་སིས་རོགས་སྒྲུབ་བྱས་པའི་མདོ་ལ་རྫོང་སྟོང་སོའི་ནགས་ཀློང་སྒར་འདེབས་རྐང་ཐང་འགྲན་སྡུར་སྟོང་སོ་ནགས་ཀློང་གི་སྒར་འདེབས་རྟེན་གཞི་རུ་འགོ་ཚུགས།

རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་དང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨན་ཧྲེང་ཧུའེ། རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧ་ཞའོ་ཡུང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མཱ་ཞའོ་ཆིན། ཆེད་ཞུས་སྐུ་མགྲོན་མདོ་ལའི་རི་ཁུལ་གྱི་རྐང་འཁོར་ལུས་རྩལ་པ་གཡང་མོ་མཚོ་བཅས་མཛད་སྒོར་ཞུགས་ཤིང་འགྲན་ཞུགས་རུ་མིར་ཤུགས་བརྒྱབ་པ་རེད།

མཱ་ཞའོ་ཆིན་གྱིས་མཛད་སྒོ་གཙོ་སྐྱོང་གནང་།

ཐེངས་འདིའི་བརྗོད་དོན་གཙོ་བོ་ནི“མདོ་ལར་ཕྱིན་ཚེ་རི་གཞན་བལྟ་འདོད་མེད། ནགས་ཀློང་རྐང་བགྲོད་མཛེས་ལྗོངས་ཀུན་ལས་རྒྱལ”བའི་སྟོང་སོའི་ནགས་ཀློང་སྒར་འདེབས་རྐང་ཐང་འགྲན་སྡུར་ནི་མདོ་ལ་རྫོང་གིས་རིག་གནས་གནས་སྐོར་འཛད་སྤྱོད་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། “མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་མཛེས་ཁྱད་རང་བྱུང་བཀོད་པ་དང་མི་ཆོས་ཡུལ་སྲོལ་མངོན་ནས། ཕྱོགས་མང་པོ་དང་ཟུར་མང་པོ་ནས“མདོ་ལ་ལྷ་ཡི་ཞིང་ཁམས”“མདོ་ལར་ཕྱིན་ཚེ་རི་གཞན་བལྟ་འདོད་མེད”པ་ཡི་ཁྱད་ལྡན་རིག་གནས་གནས་སྐོར་ཆས་རྟགས་དྲིལ་སྒྲོག་འོས་སྦྱོར་བྱས། རྐང་བགྲོད་ལུས་སྦྱོང་དང་ཁམས་གསོ་ཞིབ་སློབ། གྲོང་གསེབ་ཞིང་སྡེ་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཁོངས་ཡོངས་དང་དུས་ཡོངས། དུས་ཚིགས་ཡོངས་ཀྱི“ཡོངས་གསུམ”གནས་སྐོར་རྣམ་པའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་དགྱེས་འཛོམས་ཤིག་སྟེ། བྱེད་སྒོར་ཞིང་ཆེན་ཕྱི་ནང་གི་རྐང་བགྲོད་ལ་མོས་མཁན500ལྷག་ཞུགས་ཡོད། རྣམ་གྲངས་ལ་རྐང་བགྲོད་ཉམས་ལེན་ཚན་པ་དང་རྐང་བགྲོད་གཤིབ་འགྲན་ཚན་པ་གཉིས་ཡོད། སོ་སོར་སྤྱི་ལེ10དང་སྤྱི་ལེ23ཡིན།

ལང་ཚོ་འབད་པས་མཆོག ཚེ་སྲོག་ལུས་སྦྱོང་ལ་བརྟེན། ཆེད་ལས་རྐང་བགྲོད་མོས་མཁན200ལྷག་དང་རྐང་ཐང་ཉམས་ལེན་པ300ལྷག་རི་ཀློང་བརྒལ་ནས་མདོ་ལ་བརྒྱུད་དེ་གནས་འདིར་འཛོམས་ཤིང་། སྔོ་ལྗང་གི་གཟབ་མཆོར་སྤྲས་པའི་མདོ་ལ་རིང་མོའི་རྩྭ་ཐང་ཆེན་མོར་མཉམ་འཛོམས་བྱུང་། ནགས་ཚལ་བརྒྱུད་དེ་མདོ་ལའི་གངས་རི་ལ་རྒྱང་ལྟ་བྱེད་པའི་སྤྲོ་སེམས་ཁྲོད་སླར་ཡང་སྤྲིན་ཀློང་མདོ་ལ་ཡི་སྙན་ངག་དང་རྒྱང་རིང་གི་ངེས་པ་རྙེད།

ཞོགས་པའི་ནགས་ཀློང་སྤྲིན་གྱི་རྒྱ་མཚོར་གྱུར་ཞིང་དངོས་ཡོད་དང་རྨི་ལམ་གྱི་མཚམས་ན་འདའ། རྐང་ཐང་འགྲན་སྡུར་ཁྲོད་ཀྱི་འགྲན་ཞུགས་པ་རྣམ་རིག་རྒོད་ཞིང་སྤྲོ་སེམས་ཀྱིས་ཁེངས་ནས་གཅིག་རྗེས་གཉིས་སྙེག་སྒོས་ངོ་གདོང་ལ་དགའ་སྤྲོའི་རྣམ་པས་ཁེངས། དགུང་གི་ཆར་བ་སིམ་སིམ་པས་རི་ཁུལ་གྲང་ངར་ལ་བསྒྱུར་ཡང་ལུས་རྩལ་པ་ཚོའི་སྤྲོ་སེམས་དང་རི་རྩེར་འཛེག་པའི་སྙིང་རུས་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད། ཚང་མས་ཐུན་མོང་ཐོག“ལུས་རྩལ་བྱས་ན་སྤྲོ་སེམས་འཕེལ་བའི”འགུག་ཤུགས་ལ་མྱོང་བཞིན་པ་དང་ཆབས་ཅིག ལུས་དང་སེམས་ཀྱིས་མདོ་ལ་རིང་མོའི་ངོ་མཚར་དང་བརྗིད་ཆགས་ཉམས་སུ་མྱངས་ཤིང་། རང་བྱུང་ཁམས་དང་ཉེ་བར་བཅར་ཞིང་། རང་བྱུང་ཁམས་ལ་མྱོང་བ། རང་བྱུང་གི་སྟོབས་ཤུགས་ཉམས་སུ་བླངས་པ་བཅས་བྱས་ཏེ་མདོ་ལ་རིང་མོའི་རི་ཆུའི་དབར་གྱི་བག་ཕེབས་དང་སྤྲོ་སྣང་ཚོར་བ་དང་། གོམ་པས་མི་ཡུལ་གྱི་ངོ་མཚར་འཇལ་ཞིང་། སེམས་ཀྱིས“མདོ་ལར་ཕྱིན་ཚེ་རི་གཞན་བལྟ་འདོད་མེད”པ་ཡི་རྔམ་བརྗིད་དང་མཛེས་སྡུག་ཚོར།

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། “རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོར་བཙུགས་པ་དང་ལག་ལེན་ཏུ་བསྟར་བ། “ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”དམིགས་ཚད་དུ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་སྐྱེ་ཁམས་རིག་གནས་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་གང་ལེགས་སྤྱད་དེ་ལུས་རྩལ་འགྲན་སྡུར་གྱི“མགྲོན་འགུག”མཐའ་འཁྱོངས་བྱས་ཏེ་ཟུར་མང་པོ་དང་ལམ་སྣ་ཚོགས། ཕྱོགས་ཡོངས་ནས་མདོ་ལའི་གནས་སྐོར་ཆས་རྟགས་དང་གནས་སྐོར་ལམ་ཐིག མི་ཆོས་ཁྱད་ཆོས་སོགས་མདོ་ལ་རྫོང་གིས་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་གཡུར་ཟའི་གྲུབ་འབྲས་དང་མདོ་ལའི་ཐུན་མོང་མ་ཡིན་པའི་རིག་གནས་གནས་སྐོར་ཐོན་ཁུངས་གང་ལེགས་ཀྱིས་ཕྱིར་མངོན་པ་དང་། “ལུས་རྩལ་དང་རིག་གནས་གནས་སྐོར་ཟུང་དུ་འབྲེལ་བའི”ཆིག་སྒྲིལ་ཁུ་ཚུར་ལེགས་པོར་བརྒྱབ་པ་དང་། མདོ་ལའི“ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་དོན”མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱིས་གསར་དར་ཐོན་ལས་སྔར་བས་མང་བོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་དང་ཕུགས་ཀྱི་དོན་སྙིང་ལ་སྐུལ་འདེད་བཏང་།

ཛ་དྲག་གི་འགྲན་སྡུར་བརྒྱུད་འགྲན་ཞུགས་པ84འབུར་དུ་ཐོན་ཞིང་རྐང་ཐང་འགྲན་སྡུར་གྱི་ཨང་རིམ་ཁག་གི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་ཕུལ་བྱུང་བདམས་ཐོན་བྱུང་། རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨན་ཧྲེང་ཧུའེ། འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་གྱི་འགན་འཁུར་བས་བྱ་དགའ་ཐོབ་པའི་བདམས་ཐོན་པར་ལག་ཁྱེར་དང་བྱ་དགའ་སྤྲད།

མདོ་ལ་རྫོང་གི་སྟོང་སོ་ནགས་ཀློང་སྒར་འདེབས་རྐང་ཐང་འགྲན་སྡུར་བྱེད་སྒོས་ཕྱི་རོལ་ལུས་རྩལ་དང་ཕུལ་བྱུང་རིག་གནས་རྒྱུན་འཛིན། སྐྱེ་ཁམས་མཛེས་ལྗོངས་ལ་གནས་སྐོར་བྱེད་པ་མཉམ་འདྲེས་བྱས་ཏེ་རྒྱ་ཆེའི་གནས་སྐོར་བ་དང་མང་ཚོགས་རྣམས་མདོ་ལ་ལྷ་ཡི་ཞིང་ཁམས་ལ་བསྐྱོད་པའི་ཡིད་དབང་བཀུག་པ་དང་། རང་བྱུང་གི་མཛེས་པར་བལྟས་ཤིང་། རིག་གནས་ཀྱི་ནང་དོན་ལ་མྱངས། ལུས་ཕུང་ལ་སྦྱོང་བརྡར་ཐོབ། མང་ཚོགས་ཀྱི་རིག་གནས་ལུས་རྩལ་ཆས་རྟགས་སྐྱེད་སྲིང་བཅས་བྱས་ནས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་དང་། མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་བསྐྲུན་པར་སྒུལ་ཤུགས་གསར་བ་བསྩལ་ལ། “མདོ་ལར་ཕྱིན་ཚེ་རི་གཞན་བལྟ་འདོད་མེད”པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། མདོ་ལའི“ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་དོན”མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་ལས་སྟེགས་གསར་བ་བཙུགས་ཤིང་། བར་མཐོངས་གསར་བ་ཕྱེས

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号