ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ་ལ་མཇལ་འཕྲད་གནང་།

ཟླ6པའི་ཚེས2ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཧྲན་ཏུང་ཐོག་ཁང་ཆེན་མོ་རུ་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ་ལ་མཇལ་འཕྲད་གནང་བ་རེད། 

ལིན་ཝུའུ་ཡིས་མཚོ་བྱང་འཐུས་ཚབ་ཚོགས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ལིན་ཝུའུ་ཡིས་བཤད་རྒྱུར། མིག་སྔར་ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ"མདུན་དུ་སྐྱོད་པ་དང་གདུང་ཆེན་འཁུར་བའི"འགན་འཁྲི་འཁུར་སེམས་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་གནད་འཁེལ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་རྩིས་ནས་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་མགྱོགས་མྱུར་སྒོས་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བཙན་ས་གསར་བ་གཏོད་པ།  ནུས་ཤུགས་ཡོད་རྒུས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་ནུས་ཁུངས་རིགས་སྒྱུར་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་བཅས་དམ་འཛིན་གང་ཐུབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་སྲ་བརྟན་སྒོ་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད་ཟེར།

ལིན་ཝུའུ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཧྲན་ཏུང་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཁ་གཏད་མཚོ་སྐྱོར་བྱ་བ་དེ་ནང་ཁུལ་གྱི་བྱ་བ་དང་འགན་འཁྲི་སྒྲུབ་དགོས་པ་ཞིག་ཏུ་བརྩིས་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཁ་གཏད་རོགས་སྐྱོར་བྱ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་རིག་སྟོབས་རོགས་སྐྱོར། དམངས་འཚོ་ལེགས་སྒྱུར་སོགས་ཀྱི་རོགས་སྐྱོར་ལས་གཞི་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱ་བ་སྔར་ལས་ལེགས་པར་བསྒྲུབ་རྒྱུ་ཡིན་ལ། ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་འགན་འཁྲི་ནན་ཏན་གྱིས་བསྒྲུབ་སྟེ་མཚོ་སྐྱོར་བྱ་བར་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།   

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་ལྷག་བསམ་ཟོལ་མེད་དང་དངོས་འཛིན་དངོས་སྒྲུབ་ཀྱིས་མཚོ་བྱང་འཕེལ་རྒྱས་ལ་ཕན་ནུས་བསྐྲུན་ཡོད། "ལྔ་བཅུ་བཞིའི"ཚུན་དུ་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས"མཚོ་བྱང་ལ་གང་མཁོ་དང་ཧྲན་ཏུང་གིས་གང་ནུས"མུ་མཐུད་རྒྱུན་འཛིན་བྱས་ཏེ། ཁ་གཏད་རོགས་སྐྱོར་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས་རོགས་སྐྱོར་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད། མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་མཛུབ་ཁྲིད་འོག གསར་གཏོད་ལ་སྔར་ལས་ཤུགས་སྣོན་པ་དང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་པ། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་པ། དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ། རྒྱང་སྐྱོད་ལམ་བུ་གསར་བའི་ཐོག་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན། ཧྲན་ཏུང་གིས་ཐོན་ལས་དང་དམངས་འཚོ། ལས་བྱེད་པ་དང་ཤེས་ལྡན་མི་སྣ་བརྗེ་རེས་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་པ་དང་། མཛེས་སྡུག་ལྡན་པའི་མཚོ་བྱང་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་པར་རོགས་རམ་བྱ་རྒྱུའི་རེ་བ་ཟོལ་མེད་བཅངས་ཡོད་པར་བསྟན།

ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཧྥན་པོ་དང་། ཧྲིན་ཀྲང་གཞོན་པ་ཁྲིན་ཕིང་ཚོགས་འདུར་ཞུགས།

ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་སྣེ་ཁྲིད་པ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号