ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས“དྲུག་གཅིག”བྱིས་པའི་དུས་ཆེན་སྐབས་ལོ་ཆུང་བྱིས་པར་འཚམས་འདྲི་གནང།

ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐེངས74པ་སླེབས་ལ་ཉེ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ནུབ་མཚོ་བྱིས་སྙོར་ཁང་དང་ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭར་བསྐྱོད་དེ་འཚམས་འདྲིའི་བྱེད་སྒོ་སྤེལ་ལ། ཚང་མ་དང་མཉམ་དུ་དུས་ཆེན་ལ་རོལ་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། བྱིས་པ་ཚོར་བདེ་ཐང་ངང་འཚོ་བ་སྐྱེལ་རྒྱུ་དང་སྤྲོ་སྣང་གིས་སློབ་སྦྱོང་བྱེད་རྒྱུ། འཚར་ལོངས་ཡག་པོ་ཡོང་བའི་སྨོན་འདུན་ཞུས་ཤིང་། དཀའ་སྤྱད་འབད་བརྩོན་བྱེད་པའི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།

ནུབ་མཚོ་བྱིས་སྙོར་ཁང་དུ། ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་བྱིས་སྙོར་ཁང་གི་ཁོར་ཡུག་ལ་ལྟ་ཞིབ་བྱས་ཤིང་སློབ་གཉེར་སློབ་ཁྲིད་དང་སློབ་གྲྭའི་བདེ་འཇགས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་ནུབ་མཚོ་བྱིས་སྙོར་ཁང་གི་བྱིས་སྙོར་འདུ་ཤེས་དང་ལུགས་མཐུན་སྤུས་དག་གི་ཁོར་ཡུག་གཏོད་པ། ཞིབ་ཚགས་ཅན་གྱི་དོ་དམ་བཅས་ལ་ཁས་ལེན་དང་བསྔགས་བརྗོད་གནང་པའི་རྗེས་སུ། ཤ་བོ་སྐྱབས་ཀྱིས་བྱིས་པ་ཚོ་དང་མཉམ་དུ་རིག་རྩལ་འཁྲབ་སྟོན་ལ་བལྟས་ནས་བྱིས་སྙོར་ཁང་ལ་འཚམས་འདྲིའི་དངུལ་སྤྲད་པ་དང་འབྲེལ་བྱིས་པ་ཆུང་ཆུང་ཚོ་དང་མཉམ་དུ་བྱམས་བརྩེ་ངང་ཁ་བརྡ་བྱས། ཁོས་ནན་གྱིས་བསྟན་དོན། ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་རྒྱལ་ཁབ་ཀྱི་མ་འོངས་བ་དང་མི་རིགས་ཀྱི་རེ་བ་ཡིན་པས། བྱིས་སྙོར་ཁང་གིས་སློབ་གསོའི་སྤྲོ་སྣང་དང་སློབ་སྦྱོང་སྤྲོ་སྣང་རྒྱུན་འཁྱོངས་བྱས་ཏེ་གཅེས་སེམས་དང་ངང་རྒྱུད་རིང་པོ། ཞིབ་ཚགས་བཅས་ཀྱི་ཐོག་ནས་བྱིས་པ་ཚོའི་བསམ་བློ་བཟང་པོ་དང་ཀུན་སྤྱོད་བཟང་པོ། གོམས་གཤིས་བཟང་པོ་བཅས་སྐྱེད་སྲིང་བྱེད་དགོས། སློབ་གྲྭའི་བདེ་འཇགས་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལྷག་པར་དུ་བཟའ་བཅའི་བདེ་འཇགས་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་བྱིས་པ་ཚོར་བདེ་འཇགས་ངང་བདེ་སྐྱིད་ཀྱིས་འཚར་ལོངས་བྱུང་སའི་ཁོར་ཡུག་ཅིག་གཏོད་དགོས། རྒྱ་ཆེའི་སློབ་གསོའི་ལས་སྒྲུབ་པ་རྣམས་ཀྱིས་མུ་མཐུད་དུ་བྱིས་པ་བདེ་ལེགས་ངང་འཚར་ལོངས་ཡོང་བར་སྣེ་ཁྲིད་པ་ཡག་པོ་བྱས་ཏེ་རང་ས་གནས་ཀྱི་གསར་བརྗེའི་རིག་གནས་དང་ཁྱད་ལྡན་རིག་གནས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བཅས་རྒྱུན་ལྡན་གྱི་སློབ་ཁྲིད་ནང་དྲངས་ནས་སློབ་ཁྲིད་ཀྱི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་སྤུས་ཚད་སྔར་ལས་མཐོ་བའི་བློ་འབྱེད་སློབ་གསོར་བརྟེན་ནས་མེས་རྒྱལ་གྱི་མེ་ཏོག་སྟེ་བྱིས་པ་ཚོ་འཚར་ལོངས་ཡོང་བར་རོགས་རམ་བྱེད་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུས་ལོ་ཆུང་བྱིས་པ་འཚར་ལོངས་ཡོང་བར་སེམས་ཁུར་དང་ལོ་ཆུང་བྱིས་པའི་བྱ་བར་རྒྱབ་སྐྱོར་བྱས་ཏེ་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་བྱིས་པ་སྤྲོ་སྣང་གིས་འཚར་ལོངས་ཡོང་བ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་ཀྲང་ཧྲིང་ཡོན་ལ་སྐེ་དཀྲིས་དམར་པོ་བཏགས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་བཀུར་གནང་ལ། ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་ནས་འཚམས་འདྲིའི་དངུལ་སྤྲད་རྗེས་དགེ་སློབ་ཚོ་དང་མཉམ་དུ་ལེ་ཚན་འཁྲབ་སྟོན་ལ་གཟིགས། ཀྲང་ཧྲིང་ཡོན་གྱིས་ལོ་ཆུང་བྱིས་པར་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སློབ་སྦྱོང་ལ་ཧུར་བརྩོན། སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བཅས་བྱས་ཏེ་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་མཁན་ཚད་ལྡན་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཡོང་བར་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་རྗེས། ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། སློབ་གྲྭ་དང་རྒྱ་ཆེའི་དགེ་རྒན་གྱིས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀུན་སྤྱོད་མི་གཞི་སྐྱེད་སྲིང་གི་རྩ་བའི་ལས་འགན་དོན་འཁྱོལ་དང་ཆེད་ལས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སློབ་མའི་ཀུན་སྤྱོད་དང་བློ་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བྱིས་པ་རྣམས་ལ་སློབ་སྦྱོང་གི་གོམས་གཤིས་དང་བྱ་སྤྱོད་ཀྱི་གོམས་གཤིས་བཟང་པོ་ཞིག་ཆགས་པར་གསོ་སྐྱོང་བྱས་ནས། ཁོ་ཚོ་བདེ་ཐང་དང་བདེ་སྐྱིད་ངང་འཚར་ལོངས་ཡོང་བར་གཅེས་སྐྱོང་ཞིབ་ཚགས་བྱས་ཏེ་ཁོ་ཚོར་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བྱིས་དུས་ཤིག་ཡོད་པར་བྱེད་དགོས་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་སློབ་གསོ་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དག་གིས་ཕེབས་རོགས་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号