ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ5པའི་ཚེས31ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས68པ་འཚོགས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་ཞིང་ཡིག་ཆར་གྲོས་ཞིབ་བྱས། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་བྱས་ནས་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲན་ཏུང་ཞིང་ཆེན་ལ་ཕྱོགས་ཡོངས་དང་རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་གཏན་འཁེལ་བྱས་པའི་མཉམ་ལས་ལས་གཞིའི་རྗེས་སྙེགས་དོན་འཁྱོལ་བྱས་ཏེ་མཉམ་ལས་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་མཉམ་འགུལ་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས། ཞིང་ལས་དང་འབྲུ་རིགས་ཀྱི་ཞིང་ཆེན་ཆེན་པོ་སྟེ་ཧྲན་ཏུང་གི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་བསྐྲུན་ཆ་ཚང་གི་ཚད་གཞི་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་པ། ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ནས་ཁྲིམས་སྲུང་རང་རྟོགས་ཆེ་རུ་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས། ཞིང་ལས་དང་ཞིང་ལས་སྣེ་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྡེ་བ་སྟོབས་ཆེར་གཏོང་བའི”བཟོ་སྐྲུན་དང་སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། 2024ལོའི་མཚོ་བྱང་ཁུལ་གྱི་དམངས་འཚོའི་དོན་དངོས་བཟོ་སྐྲུན་རིགས11དང་ལས་གཞི45བློ་དང་ནུས་ཤུགས་ཆེན་པོ་ལ་བརྟེན་ནས་ལག་བསྟར་ཡག་པོ་བྱེད་དགོས་ཟེར། 

ཚོགས་འདུའི་ཐོག་བསྟན་དོན། ཟླ5པའི་ཚེས27ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་དོན་འཁྱོལ་ནན་ཏན་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ《དངུལ་རྩའི་ཉེན་ཁའི་དོགས་ཟོན་སེལ་བའི་འགན་འཁྲི་བདའ་འདེད་གཏན་འབེབས(ཚོད་ལྟ)》ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་དམ་འཛིན་ཏན་ཏིག་བྱ་དགོས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སོགས་ལ་དམིགས་ནས“འཚོ་བ་བབ་ཆགས་སྐྱེལ་བའི”བླང་བྱ་དོན་འཁྱོལ་ནན་མོ་དང་མ་མཐའི་མཚམས་ཐིག་གི་བསམ་གཞིགས་ལ་ཤུགས་བསྣན་ནས། དངུལ་རྩའི་ཉེན་ཁ་ཐག་གཅོད་དང་དབུལ་ཐར་འགག་སྒྲོལ་འཐབ་ཕྱོགས་ཡང་དག་འཚོལ་དགོས། ནན་མོའི་བྱ་བའི་སྒྲུབ་སྟངས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་འགན་འཁྲི་ཤོར་ན་ངེས་པར་དུ་རྩད་གཅོད་དང་འགན་འཁྲི་རྩད་གཅོད་བྱེད་ན་ངེས་པར་དུ་ནན་མོ་བྱེད་པའི་ཉེན་བརྡ་བཏང་ནས། 《གཏན་འབེབས》ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱས་ཏེ་ནན་ཏན་གྱི་དགོངས་གཞི་དང་ནན་ཏན་གྱི་བྱེད་ཐབས། ནན་ཏན་གྱི་རྣམ་པ་བཅས་དངུལ་རྩའི་ཁྱབ་ཁོངས་སུ་འཛུགས་དགོས་པར་མ་ཟད་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མཚོ་སྔོན་པོའི་མཐའ་འཁོར་དུ་བརྟག་ཞིབ་སྐབས་གནང་བའི་མཛུབ་སྟོན་དང་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་དང་། “སྲུང་སྐྱོབ་ཆེན་མོ་ལས་གསར་སྤེལ་ཆེན་མོ་མི་བྱེད”ཅེས་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་སྐྱེ་ཁམས་སྔོན་ལ་སྒྲུབ་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་མཚམས་ཐིག་དང་དམར་ཐིག་བརྟན་སྲུང་ཡག་པོ་བྱེད་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དམིགས་ཏེ་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཉམས་ཞིབ་ས་ཚིགས6གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་མཚོ་འགྲམ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཡུལ་སྐོར་གྱི་ཟང་ཟིང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རིག་རྩལ་ཡུལ་སྐོར་བྱེད་སྒོ་སྣ་ཚོགས་ནན་ཏན་དང་སྟབས་བདེ་ངང་སྤེལ་དགོས། ཡུལ་སྐོར་གྱིས་དམངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་པ་དང་སྐྱེ་ཁམས་ཡུལ་སྐོར་གྱིས་ཞིང་ལས་ལ་འབྲེལ་མཐུད་དང་སྣེ་ཁྲིད་བྱེད་པའི་རྒྱུན་མཐུད་རང་བཞིན་གྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དམངས་ཕྱུག་དང་དམངས་ཕན་དམ་འཛིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ“ཡུལ་སྐོར+ཐོན་ལས་མང་པོ”མཉམ་འདྲེས་ཟབ་མོ་བྱས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་ལ་ཡོང་འབབ་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་གཙོའི(གླིང་གཙོ)ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྲོལ་ཡིག》《རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད(2023ལོ་ནས2027ལོའི་བར)》ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཏང་གི་སློབ་གྲྭའི་བྱ་བའི་འཇུག་སྒོ་དང་ཤུགས་སྣོན་ས་ཡང་དག་བཙལ་ནས་གཞི་རྩའི་གསོ་སྦྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་རྫོང་རིམ་པའི་ཏང་གི་སློབ་གྲྭ་རིགས་དབྱེ་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས“སློབ་གྲྭ་གཅིག་ལ་ཁྱད་ཆོས་གཅིག”གི་སློབ་ཁྲིད་ཆས་རྟགས་གཏོད་དགོས། “གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུ”དེ་ཁྱད་ལྡན་སློབ་གཉེར་གྱི་ཁ་ཕྱོགས་སུ་རྩི་རྒྱུར་རྒྱུན་འཁྱོངས་བྱས་ནས་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སློབ་ཚན་སྤུས་ལེགས་གཏོད་ནས་གསར་བརྗེའི་ཉམས་ཞིབ་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་འབྲེལ་ཡོད་དོན་དག་གཞན་ལའང་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号