མཚོ་བྱང་ཁུལ་གཞི་གྲངས་ཅུས་བཙུགས།

ཟླ5པའི་ཚེས30ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གཞི་གྲངས་ཅུས་ཀྱི་སྒོ་བྱང་བཀལ་ཏེ་བཙུགས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་སྒོ་བྱང་འགེལ་བའི་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ་ལ། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་གཙོ་སྐྱོང་གནང་། སི་ཅི་ཧྲིན་དང་ཚོ་ཅི་ཆང་གཉིས་ཀྱིས་མཉམ་དུ་སྒོ་བྱང་བཀལ།

སི་ཅི་ཧྲིན་གྱིས་ཤིས་ཚིག་ཕུལ་སྐབས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གཞི་གྲངས་ཅུས་བཙུགས་པ་དེ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་བྱང་ཁུལ་གཞི་གྲངས་ཅན་གྱི་རྣམ་པ་སྒྱུར་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་གོམ་སྟབས་ཤིག་ཀྱང་ཡིན་པས། གཞི་གྲངས་ཀྱི་ཐོན་ཁུངས་བསྡུ་སྒྲིག་དང་དོ་དམ། བེད་སྤྱོད་བཅས་བྱས་ནས་ཁུལ་ཡོངས་ཀྱི་གཞི་གྲངས་འཛུགས་སྐྲུན་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཆུ་ཚད་མཐོ་རུ་གཏོང་རྒྱུར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར། ཁུལ་གཞི་གྲངས་ཅུས་ཀྱིས་ཐེངས་འདིའི་སྒོ་བྱང་བཀལ་བ་ནས་མགོ་བརྩམས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་དཔལ་འབྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་ཤེས་རྟོགས་ཟབ་མོ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ་གནས་སྟངས་མཐོ་རུ་གཏོང་པ་དང་མཐོང་རྒྱ་ཆེ་རུ་གཏོང་པ། གོ་སྐབས་དམ་འཛིན་བཅས་བྱས་ནས་གཞི་གྲངས་འཛུགས་སྐྲུན་དང་གཞི་གྲངས་བཅོས་སྐྱོང་། གཞི་གྲངས་ནུས་སྤྲོད། ལྗང་མདོག་རྩིས་ནུས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་དགོས་ཤིང་། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ནས་བྱས་རྗེས་གསར་བ་འཇོག་པ་དང་རྣམ་པ་གསར་པ་གཏོད་པ། སྤྱོད་ཚུལ་གསར་པ་འཛུགས་པ། སེམས་ཤུགས་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་མདུན་སྐྱོད་བྱས་ཏེ་དེང་རབས་ཅན་གྱི་མཚོ་བྱང་གསར་པ་འཛུགས་སྐྲུན་བྱེད་པར་གཞི་གྲངས་ཀྱི་ནུས་པ་ཇེ་མགྱོགས་སུ་བཏང་ནས་གཞི་གྲངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号