མཚོ་བྱང་ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།

ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཟླ5པའི་ཚེས29ཉིན། མཚོ་བྱང་ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཚོགས་འདུ་ཐེངས་ཉེར་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། 2023ལོའི་ཁུལ་ཡོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་། 《ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི2024ལོའི་བྱ་བའི་གཙོ་གནད》དང་།  ཁུལ་རིམ་པའི་ཏང་སྲིད་མགོ་ཁྲིད་ཀྱིས2024ལོར་སྣེ་ཁྲིད་དམ་འཛིན་བྱེད་པའི་བཅོས་སྒྱུར་དོན་ཚན་གལ་ཆེན་གྱི་རྩིས་ཐོ། ལོ་འཁོར་མོའི་ཁུལ་ཡོངས་ཀྱི་བཅོས་སྒྱུར་ལས་འགན་གཙོ་གནད་རྩིས་ཐོ་བཅས་ལ་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཚོགས་འདུའི་ཐོག་བསྟན་དོན། 2023ལོ་ནས་བཟུང་ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས“243”འཕེལ་རྒྱས་ཀྱི་བཀོད་པ་སྒྲིག་འཛུགས་བྱེད་པ་དང“མཚོ་བྱང་ལྔ”འཛུགས་སྐྲུན་དམིགས་ཚད་ལ་སྐུལ་འདེད་གཏོང་བར་གཞིགས་ནས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཞིང་། དཔལ་འབྱོར་དང་སྐྱེ་ཁམས། དམངས་འཚོ་སོགས་ཁྱབ་ཁོངས་གལ་ཆེན་གྱི་གཙོ་གནད་བཅོས་སྒྱུར་ལས་འགན་དང་གསར་གཏོད་བྱེད་ཐབས་ཁག་ཅིག་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དེ་མཐོ་རིམ་སྐུལ་འདེད་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱེད་པ། གཙོ་གནད་ཚད་བརྒལ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་ཟེར།   

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཕྱོགས་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་ནི་གཏིང་ཟབ་ལ་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞིག་ཡིན་ལ་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཀྱང་ཡིན་པས་ངེས་པར་དུ་ཡང་དག་པའི་བཅོས་སྒྱུར་བྱེད་ཐབས་རྒྱུན་འཁྱོངས་བྱེད་དགོས་ཏེ། གཅིག་ནས་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་ཤུགས་སྔར་ལས་ཆེ་བ་དང་བརྒྱུད་རིམ་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས། ཐོན་ལས་འཕེལ་རྒྱས། ཚན་རྩལ་གསར་གཏོད། སྐྱེ་ཁམས་འཛུགས་སྐྱོང་། དམངས་འཚོ་འགན་སྲུང་སོགས་བཅོས་སྒྱུར་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ལ་རྩེ་གཅིག་ཏུ་དམིགས་ཏེ། གཙོ་གནད་དམ་འཛིན་དང་དཀའ་གནད་སེལ་བ། ཞན་ཆ་གསབ་པ་དང་སྟོང་ཆ་སྐོང་པ། མཚོ་བྱང་གི་དོན་དངོས་དང་མཐུན་པའི་མཚོ་བྱང་རང་ངོས་ནས་གཏན་འཁེལ་བྱས་པའི་བཅོས་སྒྱུར་བྱ་བའི་བཀྲག་མདངས་འཚེར་ས་བསྐྲུན་པ། འཐབ་ཇུས་རང་བཞིན་དང་གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་བྱ་བའི་བྱེད་ཐབས་ཁག་ཅིག་བཏོན་ཏེ། བཅོས་སྒྱུར་དོན་འཁྱོལ་ལ་བརྟེན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། བཅོས་སྒྱུར་གྱི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་དང་བཅོས་སྐྱོང་གི་ཕན་འབྲས་སུ་ཏན་ཏིག་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་བྱ་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ཏེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བྱ་བའི་བཀོད་སྒྲིག་ལ་དམིགས་ནས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་པ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་པ་སོགས་ཀྱི་ཐད་བཅོས་སྒྱུར་ལ་དམ་འཛིན་བྱས་ཏེ་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་པ་དང"ཐོན་ལས་ཆེན་པོ་ལྔ"དར་སྤེལ་གཏོང་པའི་བཟོ་སྐྲུན་རྒྱུན་མཐུད་ངང་ལག་བསྟར་བྱས་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི"ཁུལ་ཡོངས་ཀྱི་ཐོན་ལས་གླིང་ཁུལ10ཕྱོགས་སྒྱུར་རིམ་སྤོར་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པ་དང་སྒར་འདེབས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་པ། "གློད་སྡོམ་ཞབས་གསུམ"གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཀྱི་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་བྱ་བའི་ཕན་འབྲས་ལ་བརྟེན་ནས་བཅོས་སྒྱུར་ལ་ཞིབ་བཤེར་བྱེད་དགོས། ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)བཅོས་སྒྱུར་ཇུས་འགོད་དང་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་མང་པོ་དང་སྡེ་ཁག་ལས་བརྒལ་བ། མཐུན་སྦྱོར་བྱེད་དཀའ་བའི་བཅོས་སྒྱུར་གྱི་ལས་འགན་དང་འབྲེལ་བ་ཡོད་པ། བྱ་བ་སྒྲུབ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གཞི་གཅིག་ཏུ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། ཁུལ་ཨུའི་བཅོས་སྒྱུར་གཞུང་ལས་ཁང་གིས་གཅིག་གྱུར་མཐུན་སྦྱོར་དང་སྒྲུབ་སྐུལ་དོན་འཁྱོལ་གྱི་འགན་ནུས་འདོན་སྤེལ་བྱས་ཏེ་རྩིས་ཁྲའི་ནང་བཀོད་པའི་བཅོས་སྒྱུར་ལས་འགན་གྱི་དོན་ཚན་སོ་སོར་འགུལ་རྣམ་རྗེས་འདེད་དང་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་འགན་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་ཟེར། 

འཇུ་ལག་རྫོང་དང་མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་བཅས་ཀྱིས་ཚོགས་ཐོག་གམ་ཡང་ན་ཡིག་ཐོག་ནས་གཏམ་བཤད་སྤེལ།

ཁུལ་ཨུའི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མགོན་པོ་ཚེ་བརྟན་དང་། སུང་ཞུག་ཙུང་། ལའེ་མིན། སི་ཅི་ཧྲིན། ཞུས་ཡུང་ཀུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་བཅས་ཚོགས་འདུར་ཞུགས། ཁུལ་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་སོ་སོ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཟུར་ཞུགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号