མཚོ་བྱང་ཁུལ་གྱིས་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས། 

ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།

ཁུལ་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་། ཟླ5པའི་ཚེས29ཉིན། མཚོ་བྱང་ཁུལ་གྱི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བ། ཉེ་འགྲམ་གྱི་གྱོད་གཞི་བཅས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་ཉེན་ཟོན་སློབ་གསོ་བཏང་ནས་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་དང་རུལ་སུངས་འགོག་རྒོལ་གྱི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ནན་ཏན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཚོགས་འདུར་ཕེབས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ང་ཚོའི་ཉེ་འགྲམ་དུ་བྱུང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེར་བལྟས་ན། བསླབ་བྱ་ཧ་ཅང་སྡུག་པོ་དང་རིན་དོད་ཧ་ཅང་ཆེ་བ། ཤུགས་རྐྱེན་ཧ་ཅང་ངན་པས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་བསམ་བློ་གཏིང་ཟབ་གཏོང་པ། བསླབ་བྱ་བསྡུ་ལེན་བཅས་བྱས་ཏེ་གྱོད་གཞི་དཔྱད་གཞིར་འཛིན་པ་དང་གྱོད་གཞི་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་བཅས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་དྭངས་གསལ་དང་སྲིད་གཞུང་སྤྱོད་གཙང་། ལས་བྱེད་པ་སྤྱོད་གཙང་། སྤྱི་ཚོགས་དྭངས་གཙང་། སྲིད་ཚོང་དྭངས་གཙང་བཅས་ཀྱི་ཆབ་སྲིད་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གང་ཐུབ་བྱེད་དགོས་ཏེ། གཅིག་ནས་གྱོད་གཞི་དཔྱད་གཞིར་བྱས་ཏེ་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་རུལ་སུངས་སུ་གྱུར་པའི་བསམ་བློའི་བསླད་སྐྱོན་བཀག་འགོག་བྱས་ཏེ་མི་དམངས་ཀྱི་སྤྱི་ཞབས་པའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་མི་ཉམས་པར་བྱ་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ལ་བརྩི་སྲུང་ཞུས་ནས<<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག>>ནང་སེམས་སུ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས། དབང་ཆ་ཡང་དག་པར་སྤྱད་དེ་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་དབང་ཆ་དྲང་གཞག་སྤྱོད་པ། སྤྱོད་གཙང་དབང་ཆ་སྤྱོད་པ་བཅས་བྱེད་དགོས། ལྟ་སྐུལ་ལ་ངོས་འཛིན་ཡང་དག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་ཉིད་རྩ་འཛུགས་དང་མང་ཚོགས་ཀྱི་ལྟ་སྐུལ་འོག་བཞག་ནས་དབང་ཆ་དྲང་གཞག་འཁོར་སྐྱོད་ཐུབ་པར་བྱེད་དགོས། གཉིས་ནས་གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ་འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་ཀྱི་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་དགོས། འགན་འཁུར་དངོས་སྒྲུབ་ཀྱི་བསམ་བློའི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། "ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པའི"བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། སྤྲོ་སེམས་ངང་འགན་འཁུར་བར་བསམ་བློ་གོང་མཐོར་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་དགོས། འགན་འཁུར་དངོས་སྒྲུབ་ཀྱི་བློ་སྟོབས་དང་སྤོབས་པ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་དང་བསམ་པའི་བཙན་ས་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྱོང་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་ལས་འགན་ཁྲོད་དངོས་སྒྲུབ་དང་འགན་འཁུར་ལ་བརྟེན་ནས་སྲོལ་གསར་གཏོད་པ་དང་། བྱས་རྗེས་གསར་པ་གཏོད་པ། དམངས་སེམས་ཐོབ་པ་བཅས་བྱེད་དགོས། འགན་འཁུར་དངོས་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་དུས་རབས་གསར་པ་དང་འཚམ་པ། བླང་བྱ་གསར་པ་སྐོང་བ། བཀོད་སྒྲིག་གསར་པ་དོན་འཁྱོལ་བཅས་བྱེད་པའི་ནུས་པ་དང་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། རང་གཅུན་ནན་མོ་བྱེད་པའི་ངོས་འཛིན་གསལ་པོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆེན་དང་ཁུལ་གྱི"གཏན་འགོག་བཅུ"དང"གཏན་འགོག་བརྒྱད"ཀྱི་བླང་བྱ་དོན་འཁྱོལ་བྱེད་པའི་སྣེ་ཁྲིད་དེ་མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྒྲིག་དང་། སྤྱོད་ཚུལ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ"ཆོས་ཉིད་བཞི"ཡི་ཁྲོད་མིག་དཔེ་སྟོན་པ་དང་དཔེ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ"འགན་འཁུར་བ་དང་པོའི"འགན་འཁྲི་དོན་འཁྱོལ་བྱེད་པ་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིས"ལས་གནས་གཅིག་ལ་འགན་འཁྲི་གཉིས"ལག་བསྟར་ནན་ཏན་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་སོ་སོ་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་གཞོགས་འདེགས་ཀྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ནས་སྒྲིག་འགལ་སྲོལ་འགལ་གྱི་མི་དང་བྱ་བར་མགོ་འབུར་མ་ཐག་རྡུང་རྡེག་གཏོང་བ་དང་གོམ་གང་སྤོ་བར་མི་འཇུག་པ། ཉེན་ཟོན་སློབ་གསོའི་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ཆེ་རུ་བཏང་ནས་སྤྱོད་བཟང་དར་སྤེལ་དང་སྤྱོད་ངན་རྡུང་རྡེག་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་པ་དང་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་པར་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་ཚད་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས"སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་པ”བཅས་ཀྱི་སྣེ་ཁྲིད་དེ་སྒྲུབ་དགོས རང་གཅུན་རང་འདོམས་ལ་ཤུགས་བསྣན་ནས་གྱོད་གཞི་དཔྱད་གཞིར་འཛིན་པ་དང་ཉེན་ཟོན་རྒྱུན་སྒྲོག་ཏན་ཏིག་བྱེད་དགོས། བརྡ་ཁྱབ་ཁྲོད་ཀྱི་ལྡོག་ཕྱོགས་དཔེ་མཚོན་དེ"ཉེན་ཟོན"ལ་བརྩིས་ནས་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་པ་དང་རང་གིས་རང་ལ་ཞིབ་ལྟ་དང་རང་གིས་རང་ལ་གཅུན་འདོམས་བྱ་རྒྱུར་ཤུགས་བསྣན་ནས་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་གུས་ཤིང་སྐྲག་པ་དང་བྱ་སྤྱོད་སྤེལ་མཚམས་འཇོག་ཐུབ་པར་བྱེད་དགོས སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་མོ་སྲུང་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་ནན་མོ་བྱེད་དགོས། རང་གཅུན་ནན་མོ་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ཏེ། ལྟ་སྐུལ་གཅུན་འདོམས་འོག་བྱ་བ་དང་འཚོ་བ་སྐྱེལ་རྒྱུར་གོམས་པར་བྱེད་དགོས། ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་གནོན་ཤུགས་སྤྲད་དེ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་ནན་མོ་བྱེད་པ་དང་ཡ་མེད་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།

ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན་གྱིས་མཚོ་བྱང་ཁུལ་གྱི་ཉེ་བའི་ལོ་ཤས་རིང་གི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ཁྱབ་བརྡ་བཏང་། ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་གཅིག་སྡུད་ཐོག་ཉེན་ཟོན་སློབ་གསོའི་གློག་བརྙན་ལ་བལྟས།

ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་བཅས་ཚོགས་འདུར་ཕེབས་པ་དང་། ཁུལ་ཨུའི་སྡེ་ཁག་སོ་སོ་དང་། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། ཁུལ་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་འགན་འཁུར་བ། རྫོང་བཞིའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་སྔོན་པོ་ཞིང་རའི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་སྒྲིག་ཨུའི་ཧྲུའུ་ཅི་དང་རྩ་འཛུགས་པུའི་པུའུ་ཀྲང་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号