པད་མའི་གངས་ལྗོངས་བོད་ཇ"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོ་མཚོ་བྱང་འགྲན་ཁུལ་གྱི་འཇུ་ལག་ས་ཚིགས་སུ་འགྲེམ་ཚོང་བྱས།

ཟླ5པའི་ཚེས25ཉིན། "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་མི་རིགས་ལུས་རྩལ་ར་བ་རུ་སྤེལ་བ་དང་། མགོ་ལོག་པད་མའི"གངས་ལྗོངས་བོད་ཇ"རིགས་ཆེ་གྲས2དང་ཁྱོན་ཐོན་རྫས་སྣ་ཁ8མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ཁུལ་དུ་འགྲེམས་སྟོན་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཧོ་ལུའུ་ཁྲུན་དང་དྲུང་ཡིག་གཞོན་པ་ལི་ཧུང་ཞུས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་ཏུང་ཧྥུའུ་ཧའེ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་བཅས་དང་། ཞིང་ཆེན་ཞིང་ཕྱུགས། ཚོང་དོན། ལུས་རྩལ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། མཚོ་བྱང་ཁུལ་དང་རྫོང་བཅས་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་ཀྱིས"གངས་ལྗོངས་བོད་ཇ"འགྲེམས་སྟོན་ཁུལ་དུ་སྐོར་སྐྱོད་བྱས་པར་མ་ཟད་ཡུལ་དངོས་ནས་མྱོང་རོལ་བྱས།

མགོ་ལོག་པད་མའི་གངས་ལྗོངས་བོད་ཇ་ནི་ས་བབ་མཐོ་ཚད་སྨི3200ནས3600བར་གྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྨར་ཁོག་གཙང་པོའི་གདོད་མའི་ནགས་ཚལ་དང་རི་ལུང་ས་ཁུལ་དུ་སྐྱེས་པ་ཞིག་ཡིན་ལ། རི་སྐྱེས་ཧའེ་ཐང་ཤིང་སྡོང་དང་པན་ཡེ་ཧའེ་ཐང་ཤིང་སྡོང་གཉིས་ཀྱི་ལོ་མ་གསར་བ་མ་རྒྱུ་བྱས་ནས“སྲོལ་རྒྱུན+དེང་རབས”ཀྱི་ཞིབ་ཕྲའི་ཇ་བཟོའི་ལག་རྩལ་གྱིས་ལས་སྣོན་བྱས་ཏེ་བཟོས་པ་ཞིག་རེད། 

ཕན་ནུས་གཙོ་བོ་ལ་མཚོ་སྔོན་མི་རིགས་སློབ་ཆེན་སྨན་རྫས་སློབ་གླིང་གི་ཚན་ཞིབ་ཚོགས་པས་པད་མ་རྫོང་གི་མེ་ཏོག་ལོ་མའི་ཧའེ་ཐང་དང་ལོ་འགྱུར་ཧའེ་ཐང་གི་ལོ་མའི་ནང་གི་གསོན་ཤུགསརང་བཞིན་གྱི་གྲུབ་ཆ་གཙོ་བོའི་འདུས་ཚད་ལ་ཞིབ་འཇུག་བྱས་པ་བརྒྱུད་ཀུམ་འདུས་ཚད12.52%དང9.822%ཟིན་པ་དེས་པད་མའི་གངས་ལྗོངས་བོད་ཇ་ཡིས་གཅིན་སྙི་ཟ་ཁུའི་ནད་བཅོས་དང་། སྙིང་ཀླད་ཁྲག་རྩར་སྲུང་སྐྱོང་བྱེད་པ། སྐྲན་ནད་སྐྱེ་འཚར་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོའི་ཕན་ནུས་ལྡན་འདུག 

པད་མའི་གངས་ལྗོངས་བོད་ཇ་ལ་སྔ་རྗེས་སུ2018ལོའི་ཀྲུང་གོའི(ཨེ་ཤེ་ཡའི་བྱང་ཤར། )ནགས་ཚལ་དངོས་མང་བཤམས་སྟོན་འདུ་ཚོགས་སུ་གསེར་གྱི་བྱ་དགའ་ཐོབ་པ་དང་། 2019ལོའི་ཀྲུང་གོའི(ཧྲང་ཧའེ།) རྒྱལ་སྤྱིའི་ཇ་ལས་དངོས་མང་སྟོན་ཚོགས་ནས་གསེར་གྱི་བྱ་དགའ་ཐོབ། 2019ལོར་མཚོ་སྔོན་ཞིང་ཆེན་དང་རིག་གནས་ཡུལ་སྐོར་ཐིན་གྱིས“མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་དཔེ་སྟོན་རྟེན་གཞི”མིང་གནང་། སྤྱི་ལོ2020ལོའི་སྐབས་གསུམ་པའི་ཀྲུང་གོའི་ནགས་ཚལ་ཟས་རིགས་ཉོ་ཚོང་དངོས་མང་སྟོན་ཚོགས་ཀྱི་གསེར་གྱི་རྟགས་མ་བཅས་ཐོབ།

བྱེད་སྒོའི་ཁྲོད། པད་མའི"གངས་ལྗོངས་བོད་ཇ"ལ་རྒྱ་ཆེའི་འཛད་སྤྱོད་པ་དང་ཉོ་སྒྲུབ་ཚོང་པས་དགའ་བསུ་ཐོབ་སྟེ་ཚང་མས་འགྲེམས་སྟོན་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་ལྟད་མོར་བལྟས། ཐོན་རྫས་ངོ་སྤྲོད་ཞིབ་ཕྲ་ཉན་ནས་ཡུལ་དངོས་ནས་མྱོང་རོལ་བྱེད་པ་དང་དྲིལ་སྒྲོག་དཔྱད་གཞིའི་ཡིག་ཆ་བཀླག་ཅིང་གངས་ལྗོངས་བོད་ཇའི་དྲི་ཞིམ་མངར་མོར་བསྔགས་བརྗོད་བྱས་ཏེ་ཡུལ་དངོས་ནས་ཐད་ཀར་མངགས་ཉོ་བྱས།

ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད། མགོ་ལོག་གི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཐོན་ལས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་མདུན་ལམ་སྔར་བས་དྲིལ་སྒྲོག་དང་འོས་སྦྱོར་བྱས། མགོ་ལོག་ཁུལ་བཟོ་འཕྲིན་ཚོང་དོན་ཅུས་ཀྱིས་ཀྱང་འགྲན་སྡུར་ལས་སྟེགས་ལ་བརྟེན་ནས་སྲིད་གཞུང་གི་སྒྲིག་འཛུགས་དང་བསྟུན་ཏེ་སྤུན་ཟླ་གྲོང་ཁྱེར་དང་ཁུལ། དེ་བཞིན་སྒྲུབ་འགན་འཁུར་མཁན་རྫོང་གི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོར་ལྟ་སྦྱོང་སློབ་སྦྱོང་བྱས། མགོ་ལོག་ཁུལ་གྱིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཞིབ་ཚགས་དང་སྤུས་ལེགས་བྱས་ཏེ། "གསང་ལྗོངས་མགོ་ལོག མཐོ་སྒང་རྫས་མཆོག"གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཆས་རྟགས་གཏོད་རྒྱུར་སྐུལ་འདེད་གཏོང་བ། མགོ་ལོག་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྙན་པ་དང་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་འགྲོ་རྒྱུར་རོགས་རམ་དང་དཔྱད་གཞིར་འཛིན་པའི་དོན་སྙིང་ལྡན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号