ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་འཇུ་ལག་རྫོང་དུ་བསྐྱོད་དེ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་།

ཟླ5པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་དུས་མགོར་འཇུ་ལག་རྫོང་དུ་བརྟག་ཞིབ་བྱེད་སྐབས་ཡུལ་དངོས་ནས་བསྒྲུབ་རྒྱུར་རྩིས་སྤྲད་བྱས་པའི་གཙོ་གནད་བྱ་བ20ལྷག་ཙམ་སྐུལ་འདེད་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་འཇུ་ལག་རྫོང་གངས་དཀར་རི་བོ་ལྗོངས་ཁུལ་དང་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་མཐར་དམར་འགག་ལོག་དཀར་མེ་ཏོག་ལྟ་ལྗོངས་སྟེགས་བུ། ཤར་ཐང་གྲོང་རྡལ་གངས་ལུང་བྲག་ཕུག་དགོན། དམར་ལྡང་འགག་ལྗོངས་ཁུལ་བཅས་སུ་ཡུལ་དངོས་ནས་ལྗོངས་ཁུལ་གདང་སྒྱུར་རིམ་སྤར་དང་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག མི་ཆོས་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་། དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་པ་སོགས་ཀྱི་བྱ་བའི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས། འཇུ་ལག་རྫོང་ནོར་ལུག་ཚད་ལྡན་ཅན་གྱི་བཤས་ར་དང་འཇུ་ལག་གྲོང་རྡལ་མཁར་ཁུལ་གསར་བར་སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་གི་གཙོ་གནད་ལས་གཞི་ལ་སྐུལ་འདེད་གཏོང་ཚུལ་དང་མཁར་གྲོང་གི་སྔོ་ཁེབས་མང་དུ་གཏོང་པའི་བྱ་བ་ལེགས་སྒྲུབ་བྱེད་པའི་མྱུར་ཚད་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། དུས་མགོར་བསྒྲུབ་རྒྱུར་སྤྲད་པའི་དོན་ཚན་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་སྙན་ཞུར་ཉན་ནས་བསྟན་དོན། འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་ལག་བསྟར་ཧུར་ཐག་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་པར་བྱེད་པ་དང་ཞན་ཆ་གསབ་ནས་གནད་སྨིན་ནུས་མཐོའི་བྱ་ཐབས་ལ་བརྟེན་ཏེ། བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཟེར། ནན་གྱིས་བསྟན་དོན། གཅིག་ནས་ལྗོངས་ཁུལ་སོ་སོའི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཆ་ཚང་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་པ་དང་རྒྱུན་གཏན་གྱི་སྐོར་ཞིབ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ལྗོངས་ཁུལ་ནང་ཁུལ་གྱི་བགྲོད་ལམ་དང་མཚོན་རྟགས་སོགས་བཟོ་བཅོས་དང་སྲུང་སྐྱོང་བྱས་ཏེ། རིགས་སོ་སོའི་བདེ་འཇགས་སྒྲིག་བཀོད་སྲ་བརྟན་དུ་གཏོང་པ་དང་ཆ་འཕྲིན་མཛུབ་སྟོན་བྱང་བུའི་བཀོད་པ་ཇེ་ལེགས་སུ་གཏོང་པ། ལྗོངས་ཁུལ་གྱི་རིག་གནས་བྱེད་ནུས་ཆེ་རུ་གཏོང་པ་དང་ཡུལ་སྐོར་ཞབས་ཞུའི་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ནས་དང་ལོག་དཀར། འོ་ཁ། གྲོ་མ། སྦྲང་རྩི་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ཁུལ་གསར་འཛུགས་བྱས་ཏེ། ཡུལ་སྐོར་བའི་ཉམས་ལེན་ཚོར་སྣང་ཆེ་རུ་གཏོང་དགོས། དམར་ལྡང་འགག་སྒར་འདེབས་རྟེན་གཞིའི་ཚོགས་པ་ཞིབ་ཚགས་ངང་བཏོད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཡུལ་སྐོར་བའི་རང་འདོད་ཀྱི་མཁོ་རྒྱུན་ཆད་མེད་པར་སྐོང་པ་དང་ཡུལ་སྐོར་གྱི་མི་གཡང་དང་མཚན་སྙན་མཐོ་རུ་གཏོང་དགོས། གཉིས་ནས་བཤས་ར་འཛུགས་སྐྲུན་བྱ་རྒྱུ་དེ་སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་གི་གཙོ་གནད་ལས་གཞི་རུ་བརྩིས་ནས་ཨར་ལས་སྡེ་ཁག་ལ་བཟོ་སྐྲུན་འཕེལ་རིམ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཟླ7པའི་ཚེས1ཉིན་གྱི་སྔོན་ལ་བསྐྲུན་ཚར་བ་དང་འབྲེལ་བེད་སྤྱོད་གཏོང་ཐུབ་པའི་བརྩོན་ལེན་བྱེད་དགོས། གསུམ་ནས་ལྗང་སྒྱུར་བྱ་བ་དེ་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། ད་ཡོད་ཀྱི་ཕན་འབྲས་ཀྱི་རྨང་གཞིའི་ཐོག་མཁར་གྲོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་ལྗང་སྒྱུར་གྱི་ཞན་ས་དང་མི་འདང་སར་ཁ་གསབ་བྱེད་པའི་རྩ་དོན་གཞིར་བཟུང་། མེ་ཏོག་གི་སྡོང་ཕྲན་དང་སྡོང་རིང་ལྗོན་ཤིང་གཙོ་བོར་བྱས་པའི་ཤིང་རིགས་འདེབས་འཛུགས་བྱས་ཏེ། རྫོང་ཁོངས་ཧྲིལ་པོའི་ལྗང་སྒྱུར་དང་མཛེས་བཟོའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་མང་ཚོགས་ཀྱིས་ལྗང་མདོག་མཐོང་ཐུབ་པ་དང་། ལྗང་མདོག་དང་མཉམ་དུ་གནས་ཐུབ་པ། ལྗང་མདོག་ལ་སྙིང་ཉེ་བ། ལྗང་མདོག་ལོངས་སུ་སྤྱོད་པ་བཅས་ཀྱི་འཚོ་བའི་དགོས་མཁོ་སྐོང་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་མི་དམངས་སྲིད་གཞུང་དང་སེམས་ཉིད་ཡུལ་ཚོ་ལུང་རིང་སྡེ་བ་དང་མཆོད་ཐང་སྡེ་བ། འབྲུ་གུ་ཡུལ་ཚོ་ཡུལ་དངོས་ནས་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་སྲིད་གཞུང་གི་གནས་སྤོའི་བྱ་བར་སྐུལ་འདེད་བཏང་ཚུལ་ལ་རྒྱུས་ལོན་བྱས་པ་དང་རྒྱལ་ལམG338ཀྱི་ཉེ་འགྲམ་གྱི་མཛེས་སྡུག་ལྡན་པའི་སྡེ་བ་འཛུགས་སྐྲུན་དང་སྒེར་སྐྲུན་གང་བྱུང་བྱེད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་ཞིབ་བྱས་ནས་བླང་བྱ་བཏོན་དོན།  སྡེ་བརྒྱད་དེའུ་འབུར་གྲོང་རྡལ་གྱིས་གོང་རིམ་འགན་ནུས་སྡེ་ཁག་དང་འབྲེལ་གཏུག་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་ལས་གཞིའི་མ་དངུལ་བརྩོན་ལེན་ཧུར་ཐག་བྱེད་པ་དང་གཞུང་དོན་སྒྲུབ་ཡུལ་གསར་པའི་འཆར་འགོད་འཛུགས་སྐྲུན་བྱ་བ་ཇུས་འགོད་ཡག་པོ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་འཛིན་ལག་བསྟར་དང་དམངས་ལ་ཞབས་ཞུ། གཞི་རིམ་བཅོས་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲོང་རྡལ་སྲིད་གཞུང་གི་གནས་སྤོའི་བྱ་བར་གཙོ་གནད་དུ་རྒྱབ་སྐྱོར་བྱ་དགོས། ཡུལ་ཚོ་དང་གྲོང་རྡལ་སོ་སོས"བཟོ་སྐྲུན་ཁྲི་སྟོང"གི་དཔེ་མཚོན་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་ཀྱི་མི་སྡོད་རྣམ་པ་ཇེ་ལེགས་སུ་གཏོང་པའི་བཅོས་སྒྲིག་གི་སྤྱིའི་འཆར་འགོད་ལ་རྒྱུན་མཐུད་ཤུགས་སྣོན་པ་དང་རྩྭ་ཐང་ནགས་ཁུལ་གྱི་སྒེར་སྐྲུན་གང་བྱུང་བྱེད་པ་ཕྱོགས་བསྡུས་བཅོས་སྒྲིག་བྱས་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། ཡུལ་ཚོ་དང་གྲོང་རྡལ་འཆར་འགོད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པའི་ཁང་པ་དང་སྡོད་ཁང་། སྡེ་བའི་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་ཀྱི་ཕྱིའི་རྣམ་པ་དང་རང་བྱུང་ཁོར་ཡུག ས་ཁུལ་གྱི་ཁྱད་ཆོས་དང་ཟུང་འཚམས་པར་བྱེད་པར། གཙང་ཞིང་གྲལ་དག་པ་དང་། འཆམ་མཐུན་མཛེས་སྡུག སྐྱེ་ཁམས་གནས་སྡོད་དང་འཚམ་པ་བཅས་ཀྱི་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཟེར།

དེའི་རིང་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འབྲུ་གུ་ཡུལ་ཚོ་རུ་སེམས་ཉིད་མངག་གཏོང་ཁང་དགོན་ལུང་ལྗོངས་ཁུལ་ཉེན་དོན་ཁང་དང་འབྲུ་གུ་དགོན་དོ་དམ་ཨུ་ལྷན་གྱི་ཁོངས་མིར་འཚམས་འདྲི་གནང་།

ཁུལ་གྱི་མགོ་ཁྲིད་ཝང་ཞིང་ཧོས་དང་ཀརྨ་ཚེ་རིང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། འཇུ་ལག་རྫོང་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号