མདའ་བཞི་རྫོང་གི་གསེར་མཚོ་དང་རྐང་ཚ་རྫོང་གི་འོམ་ཆུ་ནི་མཚོ་སྔོན་ཞིང་ཆེན་གྱི་བདེ་སྐྱིད་ཆུ་བོ་དང་མཚེའུ་ཡི་ཁག་དང་པོའི་མིང་ཐོའི་ནང་ཚུད།

མཚོ་སྔོན་ཞིང་ཆེན་ཆུ་མཚེའུ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་བདེ་སྐྱིད་ཆུ་བོ་དང་མཚེའུ་ཡི་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གི་གསེར་མཚོ་དང་རྐང་ཚ་རྫོང་གི་འོམ་ཆུ་གཉིས་མིང་ཐོ་དེའི་གྲས་སུ་ཚུད། ཐེངས་འདིའི་དཔྱད་དཔོག་བྱ་བར་རྫོང་རིམ་པའི་རང་དཔྱད་དང་ཁུལ་རིམ་པའི་ཞིབ་བཤེར། ཞིང་ཆེན་རིམ་པའི་བསྐྱར་ཞིབ་བཅས་བྱས་པ་བརྒྱུད་བདེ་ཐང་དང་སྐྱེ་ཁམས། གནས་སྡོད་འཚམ་པ། བློ་གྲོས། རིག་གནས། འཕེལ་རྒྱས། སྤྱི་དམངས་ཀྱི་བློ་ཡིད་ཚིམ་ཚད་སོགས་ཀྱི་དམིགས་ཚད་ལྟར་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་དང་སྤྱི་ཚོགས་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད། མཐར་དཔྱད་བསྡུར་གཏན་འབེབས་དང་ཡོངས་བསྒྲགས་བྱས་ཤིང་། དེས་མཚོ་བྱང་ཁུལ་གྱི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་མགོ་ཡག་པོ་ཞིག་བརྩམས།

མདའ་བཞི་རྫོང་གི་གསེར་མཚོ།

རྐང་ཚ་རྫོང་གི་འོམ་ཆུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号