ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་ལུས་རྩལ་ར་བ་རུ་རྟ་རྒྱུག་རིམ་འགྲན་ཆེན་མོར་ཡུལ་དངོས་ནས་ཚོགས་འདུ་འཚོགས་པ།

ཟླ4པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་ལུས་རྩལ་ར་བ་རུ"ལྔ་གཅིག་ལ་རྟེན་འབྲེལ་ཞུ་བ་དང་ཡུལ་སྐོར་དུས་ཚིགས་བསུ་བའི"རྟ་རྒྱུག་རིམ་འགྲན་ཆེན་མོའི་གྲ་སྒྲིག་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་བསྟན་དོན། མཚོ་ཁྱང་ཁུལ་གྱི"ལྔ་གཅིག་ལ་རྟེན་འབྲེལ་ཞུ་བ་དང་ཡུལ་སྐོར་དུས་ཚིགས་བསུ་བའི"ཕྲེང་བསྟར་བྱེད་སྒོ་སྤེལ་བ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས"ལྟེ་གཅིག་གདུབ་གཅིག་གནས་མང"གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གཏོད་པ་དོན་འཁྱོལ་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་སྐྲུན་པ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས་རྫོང་སོ་སོ་དང་ཁུལ་ཐད་གཏོགས་སྡེ་ཁག་སོ་སོས་ཡུལ་སྐོར་གྱི་དུས་ཚིགས་ཡག་ཤོས་བསུ་ཆེད་རྨང་གཞི་ཡག་པོ་འདིང་པ་དང་གྲ་སྒྲིག་གང་ལེགས་བྱས་ཏེ་མཚོ་བྱང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མི་གཡང་དང་ནོམས་གཡང་འཛོམས་པའི་རྣམ་པ་གཏིང་ཟབ་ཏུ་བཏང་ནས"རི་ཆུས་ཕྱུག་པའི་རབ་མཛེས་མཚོ་སྔོན"དང"མདངས་ལྡན་གནས་མཆོག དག་སྣང་མཚོ་བྱང"ཞེས་པའི་ཆས་རྟགས་ཀྱི་མཚན་སྙན་ཕྱོགས་ཡོངས་ནས་རྒྱས་པར་བྱེད་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། གཅིག་ནས་ནུས་ཤུགས་ཡོད་རྒུས་དུས་མགོའི་འགན་ལེན་བྱ་བ་ཡག་པོར་སྒྲུབ་ཏེ“མཚོ་སྔོན་གྱོ་རྒྱ”རྟགས་མའི་མཚོ་སྔོན་པོའི་མཚོ་སྔོན་གྱོ་རྒྱའི་རྟ་རྒྱུག་ར་བ་བཀོད་སྒྲིག་དང་གར་སྟེགས་སྒྲིག་འཛུགས། དྲིལ་སྒྲོག་སོགས་ཀྱི་གྲ་སྒྲིག་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས་འགན་འཁྲི་ལས་བགོས་དང་ལས་འགན་དམ་དུ་གཏོང་བར་སྔར་བས་ཁ་གསལ་བཟོས་པ་དང་། འགྲན་བསྡུར་ནང་ཞུགས་པའི་རྒྱུག་རྟ་བཀོད་སྒྲིག་དང་མིང་ཐོ་འགོད་པ་སོགས་ཀྱི་བྱ་བ་ལ་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་གྲ་སྒྲིག་བྱ་བ་སོ་སོར་ཏན་ཏིག་དང་ཞིབ་ཚགས་བྱས་ནས་བྱེད་སྒོའི་སྔོན་དཔག་གི་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས“བཟའ་བཏུང་དང་ཞག་སྡོད། འགྲོ་སྐྱོད། ཡུལ་སྐོར། ཉོ་འཚོང་། རྩེད་འཇོ། ཚོང་ལས། ཁམས་གསོ།  སློབ་སྦྱོང་།  ཁམས་གསེང་། མཛའ་བརྩེ།  ངོ་མཚར”བཅས་ཀྱི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོ་བཅུ་གཉིས་ལ་དམིགས་ཏེ་དྲ་ཐོག་དང་དྲ་ཕྱི་རུ་ཡུལ་སྐོར་བའི་ཕྱོགས་སྟོན་དང་ཤ་ཚའི་དྲན་སྐུལ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས་རིག་གནས་བྱེད་སྒོ་དང་ཁྱད་ལྡན་ཞིམ་ཟས། འགྲིམ་འགྲུལ་གནས་ཚུལ། གནམ་གཤིས་སོགས་ཀྱི་ཆ་འཕྲིན་འཕྲལ་མར་ཁྱབ་སྤེལ་བྱས་ཏེ་རྒྱ་ཆེའི་ཡུལ་སྐོར་བར་བློ་བདེ་སེམས་བདེའི་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱེད་དགོས། གསུམ་ནས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱ་བ་དམ་འཛིན་ཡག་པོ་བྱས་ཏེ་ཁུལ་སྤྱི་བདེའི་ཁོངས་གཏོགས་ཀྱིས་ལས་སྒྲུབ་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་ནས་བྱེད་སྒོའི་རིང་སྤྱི་ཚོགས་སྒྲིག་ལམ་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས། ཁྲོམ་ར་ལྟ་སྐུལ་སྡེ་ཁག་གིས་བཟའ་བཏུང་དང་ཨར་ཁང་སོགས་ལ་ཁྲིམས་འཛིན་ཞིབ་བཤེར་ཏན་ཏིག་བྱས་ཏེ། བློ་བདེ་བག་ཕེབས་ཀྱི་ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཁུལ་ཨུའི་དྲིལ་སྒྲོག་པུས་རིམ་པ་སོ་སོས་སྨྱན་སྦྱོར་དང་འབྲེལ་གཏུགས་ཧུར་ཐག་བྱེད་པ་དང་རང་སྨྱན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐེངས་འདིའི་བྱེད་སྒོར་བརྟེན་ནས་མཚོ་བྱང་གི་ཡུལ་སྐོར་སྤྲོ་འཆམ་གྱི་མཚན་སྙན་མཐོ་རུ་གཏོང་དགོས། མདའ་བཞི་རྫོང་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་མཁར་གྲོང་དང་འགྲིམ་འགྲུལ་འགག་མདོའི་ཉེ་འགྲམ་གྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ། ཡུལ་སྐོར་བར་མཚོ་བྱང་གི་སྣང་བརྙན་བཟང་པོ་མངོན་པར་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སུང་ཞུག་ཙུང་། ཚོ་ཅི་ཆང་། ཁུལ་སྲིད་གཞུང་དང་ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་རིག་གནས་ཡུལ་སྐོར་དང་། ནོར་སྲིད། ཞིང་ཕྱུགས། སྤྱི་བདེ། མདའ་བཞི་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号