ཤ་བོ་སྐྱབས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཆས་རྟགས་དྲིལ་སྒྲོག་འོས་སྦྱོར་དང་ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་དུས་མགོའི་གྲ་སྒྲིག་གནས་ཚུལ་ལ་བརྟག་ཞིབ་གནང་།

ཟླ3པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་འཇུ་ལག་རྫོང་དུ་བསྐྱོད་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཆས་རྟགས་དྲིལ་སྒྲོག་འོས་སྦྱོར་དང་ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་བྱ་བར་བརྟག་ཞིབ་གནང་བ་དང་། སྔ་རྗེས་སུ་འཇུ་ལག་གྲོང་རྡལ"རེ་སྨོན་གྲོང་ཆུང"དང་དམངས་ཡོངས་ལུས་སྦྱོང་ལྟེ་གནས། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ལྟེ་གནས། ལྕགས་རི་རིང་པོ་རྒྱལ་ཁབ་རིག་གནས་སྤྱི་གླིང་འགྲེམས་སྟོན་ཁང་། རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་གཟུགས་འདས་རིག་གནས་འགྲེམས་ཁང་། གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས། འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བར་བསྐྱོད་ཅིང་ཡུལ་དངོས་ནས་ལྟ་ཞིབ་བྱས་ཏེ་བྱེད་སྒོ་སྤེལ་ཡུལ་འདེམས་པ་དང་འགྲེམས་ཁུལ་བཀོད་སྒྲིག ལམ་ཐིག་འཆར་འགོད། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། རྣམ་པ་གཏོད་པ། དྲིལ་སྒྲོག་འཕྲིན་སྤེལ་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཇུ་ལག་རྫོང་དུ་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཆས་རྟགས་དྲིལ་སྒྲོག་འོས་སྦྱོར་དང་ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོག་རྒྱུའི་བཀོད་སྒྲིག་བྱས་པར་ལས་འགན་དཀའ་ཚེགས་ཆེ་བ་དང་དོན་སྙིང་གལ་ཆེན་ལྡན་པས་མཚོ་བྱང་ལ་རེ་བ་ཆེན་པོ་བཅོལ་ཡོད་ལ་ཕྱོགས་ཡོངས་ནས་མཚོ་བྱང་འགྲེམས་སྟོན་དང་མཚོ་བྱང་དྲིལ་སྒྲོག མཚོ་བྱང་འོས་སྦྱོར་བཅས་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད། འཇུ་ལག་རྫོང་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་དང་སྔོན་ལ་འཆར་འགོད་བྱེད་པ། འགེལ་རིས་དམག་འཐབ་བཅས་བྱས་ཏེ་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བ། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་དུས་མགོའི་བྱ་བ་སོ་སོ་ཡག་པོ་བསྒྲུབས་ཏེ་བྱེད་སྒོ་སྤེལ་བར་ཤུགས་རྐྱེན་ལྡན་པ་དང་ཁྱད་ཆོས་ལྡན་པ། ཕན་འབྲས་ལྡན་པ། ཆས་རྟགས་ལྡན་པ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཏེ། གཅིག་ནས་ནུས་ཤུགས་ཡོད་རྒུས་ཚོགས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་སོ་སོའི་འཆར་འགོད་ཇུས་འགོད། འགྲེམས་སྟོན་བཀོད་སྒྲིག་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ལྟེ་གནས་དེ་མཚོ་སྔོན་ཞིང་ཕྱུགས་ལས་ཀྱི་ཆས་རྟགས་ཐོན་རྫས་འགྲེམས་སྟོན་ཁུལ་དུ་བཏང་ནས་མཐའ་འཁོར་གྱི་ས་ཁོད་སྙོམས་པ་དང་འགྲེམས་ཁང་གི་བར་མཐོངས་བེད་སྤྱོད་ཡག་པོ་བྱས་ཏེ་ཞིང་ཆེན་རིམ་པ1དང་། གྲོང་ཁྱེར་དང་ཁུལ་རིམ་པ8ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཁང་འཛུགས་སྐྲུན་དང་འགྲེམས་གནས་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་ཡག་པོ་བྱེད་དགོས། ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིང་ཆེན་ཨུ་ལྷན་གྱི་ཞིང་ལས་གཞུང་ལས་ཁང་དང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་གྱི་སྒྲུབ་འགན་ཁུར་མཁན་ལས་ཁུངས་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་འཕྲིན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ལུས་རྩལ་ཅུས།  ཞིང་ཆེན་དང་གྲོང་ཁྱེར་ལྟ་རྟོག་ཅུས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང་སོགས་གཞོགས་འདེགས་ཐིན་དང་ཅུས་བརྒྱད་ཀྱི་སྙན་ཞུ་སྤེལ་རེས་ལ་ཤུགས་བསྣན་ནས་འགན་འཁྲི་ཁག་བགོས་ཁ་གསལ་དང་བཀོད་གཏོང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཆས་རྟགས་ཀྱི་གྲངས་འཛིན་ཚོང་གཉེར་དང་ལས་གཞིར་གན་རྒྱ་འཇོག་པ། དྲ་རྒྱའི་ཐད་གཏོང་དུས་ཆེན་སོགས་བྱེད་སྒོ་སྤེལ་ཡུལ་སོ་སོའི་ས་ཆ་འདེམས་པ་དང་དུས་མགོའི་གྲ་སྒྲིག་བྱ་བ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས། གཉིས་ནས་བྱེད་སྒོའི་དུས་ཡུན་ནང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཟམ་མི་ཆད་པར་གཏོང་བ་དང་། “དར་གོས་ཚོང་ལམ་གྱི་དགོངས་དོན”སྔོག་འདོན་གཏིང་ཟབ་བྱེད་པ། ནུབ་ལམ་དམག་དཔུང་དང་ཧན་ཐའེ་དམངས་དམག་གི་གཏམ་རྒྱུད་ཡག་པོ་ཤོད་པ། ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འགྲེམས་སྟོན་ཁང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་གཟུགས་འདུས་ཤུལ་བཞག་རིག་གནས་ཁང་། རེ་སྨོན་གྲོང་ཆུང”གི་ཁྱད་ཆོས་ལྡན་པའི་རྐང་ཐང་བགྲོད་ལམ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོམ་ར་བསྐྲུན་པ་དང་། འཇུ་ལག(ཧའོ་མོན)གནའ་མཁར་དང་ཡུང་ཨན་གནའ་མཁར། མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ། གངས་ལུང་བྲག་ཕུག་དགོན་སོགས་ཀྱི་གནའ་ཤུལ་བེད་སྤྱོད་ལེགས་པོ་བྱས་ནས་རྟོག་ཞིབ་ལམ་ཕྱོགས་ཇུས་འགོད་དང་འགྲེལ་བཤད་ཞབས་ཞུ་ཡག་པོ་བྱས་ཏེ་སྐུ་མགྲོན་ཚོས་འཇུ་ལག་གི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ནས། ཁོ་ཚོར་འཇུ་ལག་མཚམས་སྦྱོར་དང་མཚོ་བྱང་གི་རིག་གནས་དྲིལ་སྒྲོག་བྱས་ཏེ་མི་དེ་བས་མང་བ་མཚོ་བྱང་ལ་ལྟ་སྐོར་དང་ཡུལ་སྐོར་མ་འཇོག་བྱེད་དུ་འཇུག་དགོས། གསུམ་ནས་རིག་གནས་ལུས་རྩལ་བྱེད་སྒོའི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱ་བ་མུ་མཐུད་ཡག་པོ་སྒྲུབ་ནས་འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བའི་གཟིགས་སྟེགས་དང་ལུས་རྩལ་ར་བ་སོགས་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་དེ་བཞིན་སྡོང་འཛུགས་ལྗང་བསྒྱུར་བྱ་བ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཀུའེ་ཀྲོའུ་ཡི“སྡེBA”སོགས་ཀྱི་ཉམས་མྱོང་དང་བྱེད་སྟངས་ཞིབ་འཇུག་གཏིང་ཟབ་བྱེད་པ། ནུས་ཤུགས་ཡོད་རྒུས་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་སྤྱིའི་རྟིང་རྩོད་ཡག་པོ་གཉེར་དགོས། བཞི་ནས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བྱས་ནས་ལེ་དབར་བརྒྱ་ཡི་ལོག་དཀར་མེ་ཏོག་དང་གངས་དཀར་རི་བོ། ཀྱུ་ཡངས་ལུང་པ་སོགས་མཛེས་ལྗོངས་ཁུལ་ཡག་པོ་བསྐྲུན་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་ཁྱད་ལྡན་ཞིམ་ཟས་ཆས་རྟགས་གཏོད་པ། གཟུགས་འདས་ཤུལ་བཞག་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བ་ལ་དམ་འཛིན་ཡག་པོ་བྱ་དགོས། ཡུལ་སྐོར་ས་ཚིགས་དང་ཡུལ་སྐོར་སྤྱི་པའི་གསང་སྤྱོད། མཚོན་རྟགས་ཁྲིད་སྟོན་སོགས་ཀྱི་སྒྲིག་བཀོད་མང་དུ་འཛུགས་དགོས། ཡུལ་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྟ་རྒྱུག་དང་རྐང་བགྲོད། ལྕགས་རྟ། མདའ་འཕེན་སོགས་ལུས་རྩལ་ཆས་རྟགས་བཞིའི་འགྲན་བསྡུར་གཉེར་རྒྱུ་གཙོ་བོར་བྱས་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཡུལ་སྐོར་བ་མང་བོ་ཡོང་བ་དང་ཡུལ་སྐོར་སྤྲོ་བོ་ཡོང་པ། རྩེད་མོ་སྐྱིད་པོ་རྩེ་བ། ཉམས་ལེན་གཏིང་ཟབ་བྱེད་ཐུབ་པ་བཅས་བྱེད་དགོས། ལྔ་ནས་ཞབས་ཞུ་འགན་ལེན་བྱ་བར་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱས་ཏེ་ཞབས་ཞུ་སྣེ་ལེན་ཡག་པོ་བྱེད་པ་དང་ཟ་སྡོད་བཀོད་སྒྲིག་འོས་འཚམ་བྱེད་པ། བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་བ་ཞིབ་ཚགས་བསྒྲུབས་ཏེ་སྐུ་མགྲོན་དང་ཡུལ་སྐོར་བར་སྟབས་བདེ་དང་མགྱོགས་མྱུར། གནད་འཁེལ། འཐུས་ཚང་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཚོགས་ཆེན་བདེ་འཇགས་དང་ལས་ཆོད་ཆེ་བ། གོ་རིམ་ལྡན་པ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ་སྔོན་དཔག་གི་དམིགས་ཡུལ་འགྲུབ་པ་དང་སྔོན་དཔག་གི་ཕན་འབྲས་འཐོབ་པར་བྱེད་དགོས། དྲུག་ནས་ཚགས་པར་དང་བརྙན་འཕྲིན། དྲ་བ། སྐད་འཕྲིན། སྤྱོད་སྣེ། བརྙན་ཤེལ་སོགས་སྨྱན་སྦྱོར་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། དྲ་ཐོག་དང་དྲ་ཕྱི་མཉམ་སྤེལ་རྒྱུན་འཁྱོངས་དང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་བརྒྱུད། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་སྨྱན་སྦྱོར་དང་ཞིང་ཆེན་སྨྱན་སྦྱོར་དེ་བཞིན་དྲ་གྲགས་ཆེན་མོ་སོགས་གདན་འདྲེན་ཞུས་ཏེ། ཟུར་མང་པོ་དང་ཕྱོགས་ཡོངས་ནས་དྲིལ་སྒྲོག་དང་འོས་སྦྱོར་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་འགུག་ཚོང་འགུག་དང་བཞུར་ཚད་གཅིག་བསྡུས་བྱས་ཏེ། འཇུ་ལག་གི་མཚན་སྙན་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་བཏང་སྟེ། ཞིང་ཆེན་ཕྱི་ནང་ཡོངས་སུ་མཚོ་བྱང་གི་མཚན་སྙན་བརྒྱུད་སྒྲོག་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་ཧི་པིན། དྲུང་ཡིག་ཆེན་མོ་གཞོན་པ་དང་། འཇུ་ལག་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号