རང་ཁུལ་གྱིས་འཕེལ་རྒྱས་དང་བཅོས་སྒྱུར༼    ནུས་རྒྱུ་དང་འབྲུ་རིགས  ༽  བྱ་བའི་ཚོགས་འདུ་ཚོགས།


ཉེ་ཆར། ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར༼ནུས་རྒྱུ་དང་འབྲུ་རིགས༽བྱ་བའི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་ཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ཁུལ་གྱི་ཏང་སྲིད་མགོ་ཁྲིད་གཙོ་བོས་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བར་མཆན་བཀོད་མཛུབ་སྟོན་གནང་བའི་དགོངས་དོན་བརྒྱུད་སྒྲོགས་དང་སློབ་སྦྱོང་བྱས་ཤིང་།    2023ལོའི་ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར། དེ་བཞིན་ནུས་རྒྱུ་དང་འབྲུ་རིགས་བྱ་བ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་འབྲེལ2024ལོའི་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཕེབས་ནས་འབྲེལ་གསུང་བཤད་གནང་།

ཚོགས་འདུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་དགོས་པ་དང་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ཀྱི་སྒོ་ནས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱ་དགོས། ནུས་རྒྱུ་གཙང་མ་གསར་སྤེལ་དང་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ་དང་འོད་ཤུགས་གཙོ་གནད་ལས་གཞི་ལས་མགོ་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཀྲུང་གོ་རྡུལ་ཕྲན་མཁར་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་འཛུགས་སྐྲུན་ལས་གཞི་དོན་འཁྱོལ་ཐུབ་པར་བརྩོན་ལེན་ཧུར་ཐག་བྱེད་དགོས། ནོར་ལུག་ཤ་དང་ནས། ལོག་དཀར་སོགས་སྣེ་ཁྲིད་ཁེ་ལས་ཀྱི་ཐོན་སྐྱེད་དང་བྲིན་ཚོང་གཞི་གཅིག་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ནུས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དང་མ་འཇོག་བརྟན་པོར་བྱེད་པ་དང་གཙོ་གནད་ལས་གཞི་འབྲེལ་མཐུད་དང་བརྩོན་ལེན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་སྤྱི་འདོམས་མཉམ་འགུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་སྤེལ་ཏན་ཏིག་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་དགོས། འབྲུ་རིགས་བདེ་འཇགས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།


ཚོགས་འདུའི་ཐོག་ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱར་དམིགས་ནས“བྱ་བ་ཆེ་སྒྲུབ་དཀའ་སྒྲུབ་དངོས་སྒྲུབ་བྱེད་པ་དང་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ། སྒྲུབ་མཁས་པའི་སྒོ་ནས་བྱ་བ་ལེགས་འགྲུབ་ཡོང་བའི”སྤྱོད་ཚུལ་དར་སྤེལ་བཏང་སྟེ། ལོ་འཁོར་མོའི་འཕེལ་རྒྱས་དང་བཅོས་སྒྱུར་གྱི་དམིགས་ཚད་ལས་འགན་སོ་སོ་རྒྱུན་ཆད་མེད་པར་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号