མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ།

ཟླ2པའི་ཚེས2ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་སྟེ་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ། 

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན226ཡོད་པ་དང་དངོས་སུ་ཞུགས་མཁན185ཡོད་པས་གཏན་འབེབས་མི་གྲངས་དང་མཐུན།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་ཁྲང་ལིན། པོ་ཀྲེང་ཆིན། ཝུའུ་ཧྲུའུ་རུང་། ལུང་དབྱང་ཧྲེང་། དབྱང་ཏེ། ཞོ་རོས་ཞིན། དྲུང་ཡིག་ཆེན་མོ་ལིས་ཧུང་པོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཁྲང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་། ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བསྡད་ཡོད།

ཚོགས་ཆེན་ཐོག་ཐོག་མར་འདེམས་བསྐོ་བྱེད་ཐབས་དང་། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་འོས་མི་གསབ་འདེམས་བྱ་རྒྱུའི་གྲོས་གཞིའི་མིང་ཐོར་གྲོས་འཆམ་བྱུང་། བློ་མཐུན་ལི་ཞང་རྒྱུན་ལས་ཨུ་ཡོན་དུ་འདེམས་བསྐོ་བྱས།    

ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་།  སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།    

ཤ་བོ་སྐྱབས་ཀྱིས་གསུང་བཤད་ཁྲོད་བསྟན་དོན། འདས་ཟིན་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ“243”གྱི་འཕེལ་རྒྱས་བཀོད་པ་འཛུགས་སྐྲུན་དང"མཚོ་བྱང་ལྔ"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་།  "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་གཙོ་གནད་དུ་བྱས་པས་ཁུལ་ཡོངས་ཀྱི་བྱ་གཞག་སོ་སོར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལོ་གཅིག་གི་རིང་། ཁུལ་སྲིད་གྲོས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་ལ་དམ་པོར་དམིགས་པ་དང་ཁུལ་ཡོངས་ཀྱི་དོན་ཆེན་གལ་ཆེན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་བྱས་ཏེ་དངོས་སྒྲུབ་ཀྱི་ཐབས་ཇུས་འདོན་པ་དང་གསར་གཏོད་ཀྱི་བྱ་ཐབས་ཇུས་འདོན་བྱས་ནས་བྱ་བ་སོ་སོ་གྲུབ་འབྲས་མངོན་གསལ་ཡིན་པ་དང་ཁྱད་ཆོས་འབུར་ཐོན་ཡིན་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་དང་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་ཟེར། 

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས“མཚོ་བྱང་དེ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་ཤོས་སུ་གནས་པའི”ངེས་གནས་ལ་ངོས་འཛིན་གཏིང་ཟབ་དང་སྟངས་འཛིན་གནད་འཁེལ་བྱས་ཏེ“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་བཙུགས་ནས“ངོས་ཟིན་རབ་རིབ་བཞི”དང“འབྲེལ་བ་བཞི”གསལ་རྟོགས་ཐུབ་པར་བྱས་ནས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གྲོས་གཞི་བཟང་བོ་མང་དུ་འདོན་པ་དང་ཇུས་གཞི་བཟང་བོ་མང་དུ་འགོད་པ། བྱེད་ཐབས་ལེགས་པོ་མང་དུ་གཏན་འཁེལ་བྱེད་པ་བཅས་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མ་གྲོས་རང་མཐུན་གྱི་ནུས་པ་ཆེ་ཤོས་དང་དྲང་ནུས་ཆེན་པོ་གཅིག་ཏུ་འགྲིལ་དགོས་ཏེ། གཅིག་ནས་ཏང་གི་མགོ་ཁྲིད་ལ་ཤུགས་བསྣན་ནས་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཆབ་སྲིད་ཀྱི་དད་སེམས་ཇེ་བརྟན་དུ་གཏོང་བ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། “ཆབ་སྲིད་ཀྱི་ནུས་ཤུགས་གསུམ”ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་སྦྱོང་དང་བསམ་གཞིགས། ལག་ལེན། ཤེས་རྟོགས་བཅས་ཀྱི་ཁྲོད“ངོས་འཛིན་བཞིར”ཤུགས་སྣོན་དགོས། བྱ་སྤྱོད་ཀྱི་རང་རྟོགས་ལ་ཤུགས་སྣོན་པ་དང་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བ་དང་གཙོ་གནད་ལས་འགན་ལ་དམིགས་པ། “གཞི་རིམ་དུ་བསྐྱོད་པ་བཞི”དང་མང་ཚོགས་ལམ་ཕྱོགས་སུ་ཁྲིད་རྒྱུར་རྒྱུན་འཁྱོངས་བྱེད་པ། “གཡུལ་ས་གལ་ཆེན་དང་སྤྱི་སྟེགས་གལ་ཆེན། ཐབས་ལམ་གལ་ཆེན”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “རྒྱལ་དོན་གྱི་ཆེ་ཕྱོགས”དང“ཞིང་ཆེན་གྱི་ཇུས་ཆེན།”  “ཁུལ་གྱི་དོན་ཆེན།”  “དམངས་ཀྱི་སེམས་ཁུར”མཉམ་དུ་བསྡུས་ནས་ཏང་ཨུའི་འབོད་སྒྲ་དང་སྲིད་གྲོས་ཀྱི་དང་ལེན་བྱ་ཐབས། ཏང་ཨུ་ལ་བཀོད་སྒྲིག་ཡོད་པ་དང་སྲིད་གྲོས་ལ་རྗེས་སྙེག་ཡོད་ལ་དོན་འཁྱོལ་ཡང་ཡོད་པར་བྱེད་དགོས།  གཉིས་ནས་སྲིད་དོན་ལ་ཇུས་འདོན་ཧུར་ཐག་བྱས་ཏེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་སྲིད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་འདུན། སྲིད་གྲོས་ཀྱི་ནུས་པ་བཅས་ལ་དམིགས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། 221རྟེན་གཞིའི་གནའ་ཤུལ་བེད་སྤྱོད་ལེགས་པོ་བྱེད་པ་སོགས་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམིགས་པ། རྒྱུན་རྣམ་ཅན་གྱི“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། “4+1+N”གྱི་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། “འགན་འཁྲི་སྒྲུབ་པའི་འགུལ་སྐྱོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱེད་དགོས། “རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་དང་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བཅུའི”བཟོ་སྐྲུན་ཆ་ཚང་གི་ཚད་གཞི་ཇེ་མཐོར་དང་ཁྱབ་རྒྱ་ཆེ་རུ་གཏོང་བ། “ནོར་གནག་ཁྲི་དང་བོད་ལུག་ཁྲི”ཡི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་། “123”Aརིམ་པའི་ལྗོངས་ཁུལ་གྱི་ཚད་རིམ་མཐོར་གཏོང་། གྲོང་གསེབ་དར་སྤེལ་དང་། གསར་བརྗེའི་ཉམས་ཞིབ་རྟེན་གཞི་གཏོད་པ། ནུས་རྒྱུ་གཙང་མའི་ཐོན་ལས་འཛུགས་སྐྲུན། གྲོང་གསེབ་ཀྱི“བཅུ་ལྡན”བཟོ་སྐྲུན་སོགས་གཡུལ་ས་གཙོ་བོར་འཇུག་སྒོ་གནད་འཁེལ་འཚོལ་བ་དང་འགག་གནད་དམ་འཛིན་བྱེད་པ། འགལ་ཟླ་སེལ་་བ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། གནད་སྨིན་ཇུས་འདོན་དང་སྤྱི་ཡོངས་ལ་མཉམ་འདྲེས་བྱེད་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། སྲིད་གྲོས་ཀྱི་རིན་ཐང་མངོན་པ། ལམ་ལུགས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ་དམངས་གཙོ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་གསར་པ་མངོན་པར་བྱེད་དགོས། ཏང་གི་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་ངོས་འཛིན་གཅིག་སྡུད་དེ་སྲིད་གྲོས་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཁྱབ་ཁོངས་སོ་སོར་འདྲེས་པར་བྱས་ནས་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་བྱེད་པ་དང་། ཐབས་འདོན་སྲིད་སྐྱོང་རམ་འདེགས་དང་ངོས་འཛིན་གཅིག་སྒྲིལ་གཉིས་ཀྱིས་ཤུགས་སྣོན་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཤོག་དང་ཚོགས་པས་སྲིད་གྲོས་ཀྱི་ལས་སྟེགས་ཐོག་བསམ་འཆར་དང་གྲོས་གཞི་འདོན་པར་བཀོད་སྒྲིག་བྱེད་དགོས་ལ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་དང་། གྲངས་ཉུང་མི་རིགས་ཀྱི་མི་སྣ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་དགོས། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་དང་དབུལ་སྐྱོར་དཀའ་སེལ་གྱི་བྱ་བ་མང་ཙམ་སྒྲུབ་དགོས། དུས་ཐོག་ཆར་བ་དང་དོགས་གནད་སེལ་བའི་བྱ་བ་མང་ཙམ་སྒྲུབ་དགོས། བསམ་ཚུལ་མཐུན་སྦྱོར་དང་འགལ་བ་འདུམ་འགྲིག་གི་བྱ་བ་མང་ཙམ་སྒྲུབ་དགོས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། བཞི་ནས་རང་ངོས་འཛུགས་སྐྱོང་ལ་སྣང་ཆེན་བྱས་ཏེ་སྤྱོད་ལམ་བཟང་པོ་གཏོད་པའི་ཐད་བྱས་རྗེས་གསར་པ་མངོན་པར་བྱེད་དགོས། ཨུ་ཡོན་གྱིས་ལས་རིགས་མི་འདྲ་བའི་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཨུ་ཡོན་རྣམས་ལས་རིགས་མི་འདྲ་བར་ཟབ་ཞུགས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར་བསྔགས་སྐུལ་བྱེད་པ་དང་། ཨུ་ཡོན་རྣམས་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་གྱི་གྲོས་མོལ་ལ་ཞུགས་པར་རྒྱབ་སྐྱོར་བཅས་བྱས་ཏེ་མང་ཚོགས་ལ"ཉེ་འགྲམ་དུ་ཨུ་ཡོན་ཡོད་ན་སྲིད་གྲོས་ཀྱང་ཉེ་འགྲམ་དུ་ཡོད་པ"ཚོར་ཐུབ་པར་བྱ་དགོས། ཨུ་ཡོན་གྱི་འགན་སྒྲུབ་ཞབས་ཞུའི་དོ་དམ་བྱ་བར་རྒྱུན་མཐུད་ངང་ལེགས་འགྱུར་དང་འཐུས་ཚང་དུ་གཏོང་བ་དང་། ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་དང"ཐོས་བསམ་སྲིད་གྲོས"ཀྱི་བྱེད་སྒོ་སོགས་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་ཏེ། སྲིད་གྲོས་ཨུ་ཡོན་གྱི་འཇོན་ཐང་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཐབས་འདོན་སྲིད་སྐྱོང་རམ་འདེགས་ཀྱི་ཆུ་ཚད་དང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱ་བའི་ཕན་འབྲས་དེ་མཚོ་བྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཏན་ཏིག་ཏུ་སྒྱུར་དགོས་ཟེར།

པད་རྒྱལ་བཀྲ་ཤིས་ཀྱིས་གསུང་བཤད་གནང་སྐབས། ཐེངས་འདིའི་ཚོགས་འདུ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“མཚོ་བྱང་ལྔ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྤྱི་ཡོངས་སེམས་ལ་བཅངས་པའི་གནས་བབ་དང་འབད་འཐབ་བྱེད་པར་རང་ཉིད་ཀྱི་འགན་ཁུར་ཕོད་པ། དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་བརྩེ་སེམས་བཅངས་ནས་རང་འགན་གཙང་སྒྲུབ་དང་སྲིད་གླེང་ཇུས་འདོན་ཧུར་ཐག་བྱས་ནས་མཐོང་རྒྱ་དང་གཏིང་ཟབ་པ། གནད་ལ་འཁེལ་བ་བཅས་ཀྱི་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་མང་པོ་བཏོན་པ་དེས་ཨུ་ཡོན་ཚོའི་སེམས་ཀྱི་འཕེལ་རྒྱས་གཏོང་རྒྱུ་དང་ཕ་ཡུལ་ལ་དགའ་ཞེན། དམངས་འཚོར་བརྩེ་སེམས་འཆང་རྒྱུ་བཅས་ཀྱི་ལྷད་མེད་བརྩེ་སེམས་གང་ལེགས་མཚོན་པ་དང་སྲིད་གྲོས་ཨུ་ཡོན་གྱི་རྣམ་པ་གསར་པ་དང་འགན་འཁྲི་གསར་པ། བྱས་རྗེས་གསར་པ་བཅས་གང་ལེགས་མངོན་ཡོད་ཟེར།

པད་རྒྱལ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་མཐོ་ཤོས་སུ་བརྩིས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པ། ལག་ལེན་ཏན་ཏིག་བཅས་བྱ་རྒྱུ་དོན་ཆེན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲིད་གྲོས་བྱ་བར་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩིས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་ཆེར་བཏང་སྟེ་གཏིང་ཟབ་དང་ནང་འགྱུར། གཞན་འགྱུར་བཅས་ཀྱི་བྱ་བ་མུ་མཐུད་ཡག་པོར་སྒྲུབ་དགོས། བློ་བརྟན་འགྱུར་མེད་ངང་ཁུལ་ཨུའི་བྱ་བའི་ཁ་ཕྱོགས་དེ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ཁ་ཕྱོགས་སུ་བརྩི་བ་དང་ཁུལ་ཨུའི་བྱ་བའི་ལྟེ་བ་དེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལྟེ་བར་བརྩིས་ནས་ཁུལ་ཡོངས་ཀྱི2024ལོའི་འཕེལ་རྒྱས་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཏེ་རང་རྟོགས་ངང་སྤྱི་ཡོངས་དང་རང་འགུལ་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་སེམས་ནུས་གཅིག་སྒྲིལ་ངང་ཁུལ་ཨུས་གཏན་འཁེལ་བྱས་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་དོན་དུ་འགན་འཁྲི་བསྒྲུབ་རྒྱུ་དེ་སྲིད་ཞུགས་སྲིད་གླེང་གི་རིན་ཐང་ལྟ་བ་ཞིག་ལ་བརྩིས་ནས་དམངས་ཀྱི་ཁེ་ཕན་དོན་གཉེར་བྱེད་པའི་ཐབས་ཇུས་ཡང་ཡང་འདོན་པ་དང་དམངས་ཀྱི་ཁེ་ཕན་སྒྲུབ་པའི་ཐབས་ཇུས་ཡང་ཡང་བཏོན་ནས“འགན་འཁྲི་སྒྲུབ་པའི་ལས་བྱ”དེ་མང་ཚོགས་ཀྱི་སེམས་ནང་ལ་ཏན་ཏིག་འཇོག་དགོས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་མོ་གཉིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་དམངས་གཙོ་ཏང་ཤོག་སོ་སོའི་མི་སྣ་དང་རིགས་སོ་སོ། ལས་རིགས་སོ་སོའི་མི་སྣའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་དང་འབྲེལ་གཏུག་དམ་ཟབ་བྱེད་པ། མི་དམངས་སྲིད་གྲོས་ཀྱི“གཡུལ་ས་གལ་ཆེན་དང་སྟེགས་བུ་གལ་ཆེན། ཐབས་ལམ་གལ་ཆེན”བཅས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁུལ་ཡོངས་ཀྱི་གོང་འོག་ཚང་མ་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་བཅས་བྱས་ནས“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་ཐུན་མོང་ངོས་འཛིན་ཟབ་མོ་དང་སྟོབས་ཤུགས་ཆེན་པོ་སྐུལ་འདེད་གཏོང་དགོས། རྒྱུགས་སྤྲོད་པའི་རིག་པ་དྭངས་གསལ་དང་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ།“སྲིད་གྲོས་ཤེས་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་དོན་བགྲོ་གླེང་བྱེད་མཁས་པ”བཅས་ཀྱི་འགན་ནུས་སྒྲུབ་པའི་ནུས་པ།“སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན། སྤྱོད་ལམ་ལ་མཐོང་ཆེན”བཅས་ཀྱི་སྤྱོད་ཚུལ་དངོས་ལ་བརྟེན་ནས“ཨུ་ཡོན་གྱི་ལས་བྱ”ཡག་པོ་བྲིས་ཏེ“སྲིད་གྲོས་ཀྱི་རྒྱུགས་ལན”ཡག་པོ་ཞིག་སྤྲོད་དགོས་ཟེར།

ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ནང་ཞུགས་པའི་ལས་ཁུངས་སོ་སོ་དང་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག བློ་གཅིག་སེམས་གཅིག་དང་དངོས་དོན་དོན་གཉེར། ཞུམ་མེད་མདུན་སྐྱོད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་དབུལ་དགོས་པའི་འབོད་སྐུལ་བཏང་།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་པ་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号