མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ལྔ་པ་དང་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས་སྐབས། “ཚོགས་ཆེན་གཉིས"ཀྱི་དམངས་གཙོ་དང་མཐུན་སྒྲིལ། དོན་དངོས། མདུན་སྐྱོད་ཀྱི་རྣམ་པ་བཟང་པོ་མངོན་ཅི་ཐུབ་དང་། ཚོགས་འདུའི་ཕྱི་ནང་སྦྲེལ་པ་དང་། གསོན་ཉམས་ལྡན་པའི་གཞི་རིམ་གྱི་སྐད་སྒྲ་དེ་ཕྱོགས་ཡོངས་ནས་སྒྲོག་ཆེད། ཟླ1པོའི་ཚེས31ཉིན་གྱི་ཕྱི་དྲོ། “འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ”ཐེངས་གཉིས་པའི་སྟེང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་གཞོན་པ་ཞུ་ཡུང་ཀུང་དང་། འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་མ་ཞའོ་ཧྥིན། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧི་ཧྲིན་ཇེ། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷ། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཧྲི་དབྱིན། མཚོ་སྔོན་པོ་ཞིང་རའི་ཏང་ཨུའི་ཧྲུའུ་ཅིའམ་ཁྲང་ཀྲང་ཀྲིག་ཡིག་ཆོན་བཅས་གོ་རིམ་ལྟར་བགྲོད་ལམ་ནང་ཞུགས་ཏེ་ཚང་མས་སྙན་ཞུའི་ནང་དོན་གཞིར་བཟུང་རང་ཉིད་ཀྱི་བྱ་བ་དངོས་ཟུང་འབྲེལ་སྒོས་གང་བསམ་ལྷུག་བརྗོད་དང་གྲོས་བསྡུས་ནན་ཏན། ཐབས་འདོན་ཇུས་འབུལ་བྱས་ཏེ་དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་གཟི་དཔལ་ངོམ།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ། ཞུ་ཡུང་ཀུང་།
ཞུ་ཡུང་ཀུང་གིས་བཤད་རྒྱུར། ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བཞི་པའི་རིང་མི་དམངས་ཆེན་འཐུས་མིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་འགན་སྒྲུབ་ཐབས་འདོན་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་པོར་དམིགས་ནས་འཐུས་མིའི་གྲོས་གཞི19བཏོན་པའི་ནང་བཟོ་ལས་འགྲིམ་འགྲུལ་གྱི་རྨང་གཞིའི་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི6ཡོད་པ་དེས་བརྒྱ་ཆའི31.6ཟིན་པ་དང་། ཞིང་ཕྱུགས་ཐད་ཀྱི་གྲོས་གཞི4ཡོད་པ་དེས་བརྒྱ་ཆའི21.1ཟིན་པ་དང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཐད་ཀྱི་གྲོས་གཞི3ཡོད་པ་དེས་བརྒྱ་ཆ15.7ཟིན་པ། ནོར་སྲིད་དང་དཔལ་འབྱོར་ཐད་ཀྱི་གྲོས་གཞི2ཡོད་པ་དེས་བརྒྱ་ཆའི10.5ཟིན་པ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གྲོས་གཞི2དང་དེས་བརྒྱ་ཆ10.5ཟིན་པ། ཆབ་སྲིད་དང་བཅའ་ཁྲིམས་ཐད་ཀྱི་གྲོས་གཞི1དང་དེས་བརྒྱ་ཆ5.25ཟིན་པ། སྤྱི་ཚོགས་དོ་དམ་དང་ཕྱོགས་གཞན་དག་ཐད་ཀྱི་གྲོས་གཞི1དང་དེས་བརྒྱ་ཆའི5.25ཟིན་ཡོད་ཟེར།
ཞུ་ཡུང་ཀུང་གིས་གླེང་དོན། ལོ་གཅིག་གི་རིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་དམངས་ཆེན་གྱི་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་བྱ་བར་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་དམ་ཟབ་བྱས་ཏེ“འཐུས་མི་བློ་ཡིད་ཚིམ་པ་དང་མང་ཚོགས་ལ་ཕན་པ་ཐོབ་པ”བྱ་རྒྱུ་དེ་མགོ་རྩོམ་ས་དང་ཤུགས་རྒྱག་ས། དོན་ལ་འབབ་སར་བྱས་པ་དང་། རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་དང་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ། བརྗོད་དོན་སློབ་གསོ་སོགས་སྤེལ་བ་གོ་སྐབས་སུ་བཟུང་ནས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། བྱེད་ཐབས་ཤུགས་ཆེར་གཏོང་བ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་མགོ་བརྩམས་ཏེ་ནུས་ཤུགས་ཡོད་རྒུས་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཞིང་། ནུས་ཤུགས་ཡོད་རྒུས་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་བྱས་པའི་ཕན་འབྲས་དེ་གནད་དོན་དངོས་ཐག་གཅོད་དང་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག་མངོན་པར་བྱས། སྒྲུབ་འགན་འཁུར་མཁན་ལས་ཁུངས་སོ་སོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བཞི་པས་བསྒྲུབ་རྒྱུར་སྤྲད་པའི་འཐུས་མིའི་གྲོས་གཞི19ནི2023ལོའི་ལོ་མཇུག་བར་ཚང་མ་བསྒྲུབས་ཚར་བ་དང་བསྒྲུབས་ཚད100%ཟིན་ཡོད། དེའི་ནང་འབྲེལ་ཡོད་དོན་གནད་ཐག་གཅོད་བྱས་ཟིན་པའིAརིགས་ཀྱི་གྲོས་གཞི10ཡོད་པ་དེས53%ཟིན་པ་དང་། འཆར་གཞིའི་ནང་བཅུག་ནས་ཐག་གཅོད་བྱེད་རྩིས་ཡོད་པའིBརིགས་ཀྱི་གྲོས་གཞི8ཡོད་པ་དེས42%ཟིན། ཆ་རྐྱེན་ཚོད་འཛིན་ནམ་རྒྱུ་རྐྱེན་གཞན་དག་གིས་གནས་སྐབས་ཐག་གཅོད་བྱེད་ཐབས་བྲལ་བའིCརིགས་གྲོས་གཞི1ཡོད་པ་དེས5%ཟིན་ཡོད་ཟེར།
འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན། མ་ཞའོ་ཧྥིན།
འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་མ་ཞའོ་ཧྥིན་གྱིས་ངོ་སྤྲོད་གནང་དོན། འཇུ་ལག་ནི་མཚོ་བྱང་དུ་ཐོན་ལས་ཀྱི“གནས་བཞི”གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ས་ཁུལ་ཞིག་ཡིན་པས་ང་ཚོས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་སོ་སོ་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། “ལས་བྱེད་པས་བྱ་བ་སྒྲུབ་པ། བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་དང་གཙོ་གནད་བྱ་བར་དམ་པོར་དམིགས་ནས། རང་འགུལ་འགན་འཁུར་དང་ཡུན་རིང་འབད་འཐབ་བྱས་ཏེ་སྐྱེ་ཁམས་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྔར་ལས་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་ཁྱོན་ཡོངས་ནས་མཉམ་འདྲེས་གཏིང་ཟབ་བྱེད་པ། ལྗང་མདོག་ཐོན་ལས་མ་ལག་ཧུར་ཐག་བསྐྲུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་རྒྱུ་ཡིན་ཟེར།
མ་ཞའོ་ཧྥིན་གྱིས་བཤད་རྒྱུར། གོམ་སྟབས་རྗེས་མར། འཇུ་ལག་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྱོང་ཐད་འགན་འཁྲི་གསར་པ་འཁུར་པ་དང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་མཐོ་རུ་བཏང་ནས་རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱིས་བཏོན་པའི་གནད་དོན་བཅོས་སྒྲིག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་སྟེ“སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ”གཏིང་ཟབ་ངང་ཡག་པོ་རྒྱག་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་ཁྲོད་ཁྱད་ཆོས་གསར་པ་མངོན་རྒྱུར་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་གཏེར་འབྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་འཇུ་ལག་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཡིག་ཚགས་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ནས་དང་ལོག་དཀར། ནོར་གནག་སོགས་ལེགས་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་ཤ་མོ་སེར་བོ་དང་གྲང་ཉ། བ་གླང་ཞིས་མོན་ཐར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས‘གསེར་མདོག་འཇུ་ལག གཏེར་འབྱུང་གནས་མཆོག’གི་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་གཏོད་རྒྱུ་ཡིན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་ཁྲོད་བྱས་རྗེས་གསར་པ་མངོན་རྒྱུར་ཤུགས་བསྣན་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་ཡུལ་སྐོར་ལ་རོགས་རམ་བྱེད་པ་དང་དུས་ཆེན་ལ་བརྟེན་ནས་ཡུལ་སྐོར་ལ་གསོན་ཉམས་གཏོད་པ་དང་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་བཏང་ནས‘ལེ་དབར་བརྒྱ་ཡི་ལོག་དཀར་མེ་ཏོག་རྒྱ་མཚོ’5Aརིམ་པའི་ལྗོངས་ཁུལ་དང་གངས་དཀར་རི་བོ་དང་བྱ་རྒོད་རི་བོ4Aརིམ་པའི་ལྗོངས་ཁུལ་གཏོད་ཚད་ཇེ་མགྱོགས་སུ་གཏོང་བ་དང་ལྗོངས་ཁུལ་གྱི་ལྗོངས་རྒྱུ་རྩེད་འཇོ་གསར་སྤེལ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་གཞི་ཚུགས་ཏེ་སྒེར་འཁོར་བཏང་བའི་སྒར་འདེབས་རྟེན་གཞི་དང་། ཡུལ་སྐོར་བའི་ས་ཚིགས། ཁྱད་ལྡན་དམངས་སྲོལ་གནས་ཚང་བཅས་འཆར་འགོད་དང་འཛུགས་སྐྲུན་ལུགས་མཐུན་བྱེད་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་བེད་སྤྱོད་བྱེད་པ། མི་རིགས་ཀྱི་དམངས་སྲོལ་གོམས་གཤིས་འགྲེམས་སྟོན་བྱེད་པ། ལོག་དཀར་མེ་ཏོག་སྒྱུ་རྩལ་དུས་ཆེན་དང་མདོ་ལ་རིང་མོའི་དབྱར་ཁའི་རོལ་དབྱངས་འདུ་ཚོགས་སོགས་དུས་ཆེན་གྱི་བྱེད་སྒོ་ཡག་པོ་སྤེལ་ནས་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་སྐོར་བ་ཞག་གཅིག་སྡོད་ཐུབ་པ་དང་འགྲོ་ས་ཡོད་པ་བྱེད་དགོས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་རྒྱུར་ཤུགས་བསྣན་ཏེ“སྲིད་ཇུས་དང་ལས་གནས་དང་ཞབས་ཞུ་བཅས་སྐྱེལ་བའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། བློ་བརྟན་འགྱུར་མེད་ངང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ། གཙོ་གནད་ཆེད་དམིགས་ཚན་ཁག་གི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན། རྒན་པའི་བཟའ་འཐུང་ལ་རོགས་རམ་དང‘བདེ་སྐྱིད་ཟ་ཁང’སོགས་དམངས་ཕན་རྒན་གསོའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་རིམ་བཞིན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་ཟེར།
མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧི་ཧྲིན་ཇེ།
ཧི་ཧྲིན་ཇེ“འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ”ནང་ཞུགས་སྐབས་བཤད་རྒྱུར། “སྙན་ཞུའི་ཡིག་འབྲི་རེ་རེའི་ནང་དཔེ་བསྡུར་ཚད་འཛིན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་འདུས་ཡོད་ལ་ཚིག་འབྲི་རེ་རེ་ལས་རྩེ་གྲ་གཏོད་པའི་ཆོད་སེམས་དང་བློ་སྟོབས་མངོན་ཡོད། ནང་དོན་ཧྲིལ་པོར་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་། ཁུལ་ཡོངས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ་འབད་འབུངས་ལས་སྒྲུབ་དང་སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པའི་འབད་འབུངས་ཀྱི་ཉམས་འགྱུར་དང་དངོས་སྒྲུབ་ཀྱི་འགན་འཁྲི་གང་ལེགས་མཚོན་པར་བྱས་ནས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་འདོད་བློར་ཨ་ལན་ཡག་པོ་ཞིག་བཏབ་ཡོད་ཟེར།
ཧི་ཧྲིན་ཇེས་གོམ་སྟབས་རྗེས་མར་མདོ་ལ་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“243”གྱི་འཕེལ་རྒྱས་བཀོད་སྒྲིག་ལ་གཞི་བཙུགས་ཏེ“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། ཐོན་ལས་ཀྱི“གནས་བཞི”དང་དམངས་འཚོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་ལེན་དགོས་ཏེ། གཅིག་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་ལས་གཞི་དམ་འཛིན་དང་མ་དངུལ་འཇོག་རྒྱ་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕར་བའི“སྒུལ་ཤུགས་གཙོ་བོ”ལ་ཤུགས་སྣོན་དགོས། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་དམིགས་ནས“དམངས་ཡོངས་ཀྱི་ཚོང་འདྲེན་མ་འགུག་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། འགག་རྩའི་རྒྱུ་རྐྱེན་མཁོ་འདོན་ལ་འགན་ལེན་བྱེད་དགོས་པ་དང་། ཐོན་ལས་ཀྱི་ལེ་ལག་ཇེ་ཚང་ལ་གཏོང་བ། ལས་གཞིའི་ཁྱབ་རྒྱ་ཆེ་རུ་གཏོང་བ”བཅས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ་མ་དངུལ་གྲངས་འབོར་དང་ལས་གཞིའི་འདུ་ཤེས། མ་འཇོག་འཕར་ཚད་བཅས“འཕར་བ་གསུམ”མངོན་འགྱུར་ཧུར་ཐག་བྱས་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་ལུགས་མཐུན་དང་བརྟན་པོའི་ངང་འཕར་རྒྱུའི་འགན་ལེན་བྱེད་དགོས། གཉིས་ནས་ནུས་ཤུགས་གཅིག་བསྡུས་ཀྱིས་ཐོན་ལས་ལ་དམ་འཛིན་དང་རྩ་བ་ཇེ་བརྟན་དུ་བཏང་སྟེ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི“འདེགས་སྐྱོར་བརྟན་པོ”བཟོ་དགོས། གསར་དར་ཐོན་ལས་མཉམ་འདྲེས་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ་རྡོ་སོལ་སྔོག་པའི་ནུབ་ཁུལ་གྱི་འོད་ཤུགས་སོགས་ཀྱི་ལས་གཞི་ལ་སྐུལ་འདེད་ཤུགས་ཆེར་གཏོང་བ་དང་། ནུས་རྒྱུ་ཁ་གསབ། ཕྱུགས་འོད་གསབ་རེས། “ཁུངས་དྲ་གསོག་པ”བཅས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་བཙུགས་ནས་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་རྗེས་གྲབས་རྟེན་གཞི་བསྐྲུན་རྒྱུར་བརྩོན་ལེན་བྱེད་དགོས། གསུམ་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་ལ་དམ་འཛིན་དང་རྩ་བ་ཇེ་བརྟན་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི“སྤུས་ཚད”ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བཏོད་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། འདམ་ར་སྲུང་སྐྱོབ་དང་སླར་གསོ། རྩྭ་ཐང་ཞན་འགྱུར་ཁ་གསབ་འདེབས་འཛུགས། རི་རྒྱ་ནགས་གསོ་སོགས་སྐྱེ་ཁམས་འདུ་འགོད་རབ་དང་རིམ་པ་ལག་བསྟར་བྱེད་པ། གནམ་སྔོ། ཆུ་དྭངས། ས་གཙང་བཅས་ཀྱི་འགག་སྒྲོལ་ཆེན་པོ་གསུམ་མུ་མཐུད་ཡག་པོར་སྒྲུབ་པ། “འཕྲེད་ནས་མཐའ་དང་གཞུང་ནས་མཇུག”བར་གྱི་རྩྭ་ཐང་དང་ནགས་ཚལ། རྨོ་ཞིང་། གཙང་པོ་དང་མཚེའུ་བཅས་ཀྱི་སྲུང་སྐྱོབ་དྲ་རྒྱ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས“ཁེར་རྐྱང་སྲུང་སྐྱོབ”ནས“མ་ལག་བཅོས་སྐྱོང”ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷ།
སྟག་ལྷ“འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ”ནང་ཞུགས་སྐབས་བཤད་རྒྱུར། 《སྙན་ཞུའི》ནང་ན་ནིང་གི་བྱ་བ་ལ་ཕྱིར་མིག་ལྟ་སྐབས‘འབྱོར་ཕྱུག་དང་མཛེས་སྡུག བདེ་སྐྱིད། དཔལ་ཡོན། འཆམ་མཐུན’བཅས་ཀྱི་མཚོ་བྱང་འཛུགས་སྐྲུན་གྱི་ལོ་རྒྱུས་ལམ་བུ་ལས་འདས་ཟིན་པའི་ལོ་གཅིག་རིང་གི་འབད་བརྩོན་བྱས་པ་དང་དངོས་ཐོབ་གྲུབ་འབྲས་གླེང་ཡོད་པ་དང་འཕེལ་རྒྱས་ཀྱི་གཙོ་རྐང་སྟངས་འཛིན་ཐུབ་ཡོད། 2024ལོའི་བྱ་བ་བཀོད་སྒྲིག་ཐད་གསར་གཏོད་ཀྱིས་ཕྱུག་ཡོད་ལ་ལྗང་མདོག་འཕེལ་རྒྱས་ཀྱི་ལས་འགན་ཡང་ཁ་གསལ་བཏོན་ཡོད། 《སྙན་ཞུའི》ནང་བཏོན་པའི་བཞི་ཕན་མཁར་གྲོང་དང་ལྔ་མཛེས་གྲོང་གསེབ་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་དགོངས་དོན་དངོས་སུ་མངོན་ཡོད་ཟེར།
རྗེས་ཕྱོགས་ཀྱི་བྱ་བ་གླེང་སྐབས། སྟག་ལྷས་བཤད་རྒྱུར། 2024ལོར་རྐང་ཚ་རྫོང་གིས“རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་མཐའི་མཚམས་ཐིག་དང་དམར་ཐིག་བརྟན་སྲུང་གི་རྨང་གཞིའི་ཐོག“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་བཙུགས་ནས“མཚོ་བྱང་ཐོན་ལས་ཀྱི‘གནས་བཞི’དང་མཚོ་བྱང་ལྔ་འཛུགས་སྐྲུན”དེ་ཁ་ཕྱོགས་གཙོ་བོ་རུ་རྩིས་ཏེ་སྤུས་ཚད་མཐོ་བའི“སྐྱེ་ཁམས་ཞིང་ཕྱུགས་ལས+ནུས་རྒྱུ་གཙང་མ+སྐྱེ་ཁམས་ཡུལ་སྐོར”བཅས་ཐོན་ལས་མ་ལག་ཆེན་པོ་གསུམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་ལ་ལེགས་སྐྱེས་དབུལ་དགོས་ཏེ། གཅིག་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་གཏོད་རྒྱུར་དམིགས་ནས“ཐོན་སྐྱེད་དང་ལས་སྣོན། བྲིན་ཚོང་བཅས་གཞི་གཅིག་ཅན”གྱི་སྤུས་ཚད་མཐོ་བའི་ཞིང་ཕྱུགས་ལས་འཕེལ་རྒྱས་མ་ལག་ཁྱོན་ཡོངས་ནས་བསྐྲུན་རྒྱུ། གཉིས་ནས་ནུས་རྒྱུ་གཙང་མའི་ཐོན་སྐྱེད་བེད་སྤྱོད་ཀྱི་སྐུལ་འདེད་ཁུལ་བསྐྲུན་རྒྱུར་དམིགས་ཏེ“ལྗང་མདོག་དང་ཐཱན་ཉུང་། ཕན་འབྲས་ཆེ་བ”བཅས་ཀྱི་སྤུས་ཚད་དང་ནུས་རྒྱུ་གཙང་མའི་ཐོན་ལས་མ་ལག་ཁྱོན་ཡོངས་ནས་བསྐྲུན་རྒྱུ། གསུམ་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ལ་དམིགས་ནས“ལྗོངས་མཛེས་དང་མི་ཡག བརྩེ་ལྡན”བཅས་ཀྱི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཞབས་ཞུའི་མ་ལག་ཁྱོན་ཡོངས་ནས་བསྐྲུན་རྒྱུ་ཡིན་ཟེར།
མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཧྲི་དབྱིན།
མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཧྲི་དབྱིན་གྱིས་མདའ་བཞི་རྫོང་གིས་དམ་འཛིན་བྱེད་དགོས་པའི་བྱ་བ་ཕྱོགས་བཞིའི་ཐད་ནས་ངོ་སྤྲོད་གནང་བ་སྟེ། གཅིག་ནས་སྐྱེ་ཁམས་དཔལ་ཡོན་གྱི“གནད་འགག”་ལ་དམིགས་དགོས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་དམིགས་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱ་རྒྱུ་དང་། “ཁིས་ཐུར”རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་རྟེན་གཞི་དང་ཟུང་འབྲེལ་གྱིས“རི་བོ་གཉིས་ཀྱི་གཞུང་ལུགས”ཀྱི་སྐྱེ་ཁམས་ཉམས་ཞིབ་སློབ་གསོའི་ལག་ལེན་རྟེན་གཞི་བཏོད་དེ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། “ཁོངས་མི་ལྔ་གཅིག་སྒྲིལ”གྱི་བསྒྱུར་བཅོས་རྒྱུན་མཐུད་ངང་ཁྱབ་སྤེལ་གཏོང་བ་དང་གཞི་རིམ་གྱི་སྐྱེ་ཁམས་བདག་སྐྱོང་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས། གཉིས་ནི་ཐོན་ལས་མཉམ་འདྲེས་ཀྱི“ཤུགས་རྒྱག་སར”དམིགས་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་རྒྱུ་གཏན་འཁེལ་བྱས་ནས་ཞིང་ཕྱུགས་ལས་ཀྱིས“གཅིག་རྗེས་གཉིས་མཐུད་ཀྱི”བཟོ་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ཏེ“མདའ་བཞིའི་ཕུལ་བྱུང་ཐོན་རྫས”སྔར་བས་མང་བ་ཞིང་ཆེན་གྱི་སྒོ་ནས་སྒྲོལ་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་སྤུས་ལེགས་གོང་ཁེ་ཡོང་བར་བྱེད་རྒྱུ། གསར་བརྗེའི་ཉམས་ཞིབ་དང་ཡུལ་སྐོར་བཅས་ཀྱི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་རྒྱལ་ཁབ་རིམ་པའི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་ཀྱི་སྒར་ས་གཏོད་རྒྱུ་ཡིན། གསུམ་ནི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི“འགག་གནད་སྒྲོལ་སར”དམིགས་དགོས། མཁར་གྲོང་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཉིས་མཉམ་སྐུལ་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྐོར་ས་ཁོངས་མཐུན་སྦྱོར་འབྲེལ་མཐུད་ཡོང་བར་ཤུགས་སྣོན་རྒྱུ་ཡིན། གྲོང་རྡལ་གཉིས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ནགས་ཚལ་མཁར་གྲོང་དང་འཕྲོད་བསྟེན་མཁར་གྲོང་། དཔལ་ཡོན་མཁར་གྲོང་བཅས་འཛུགས་སྐྲུན་བྱེད་པར་བརྟེན་ནས་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ། གནས་སྡོད་དང་ལས་རིགས་འཚམ་པའི་བདེ་སྐྱིད་ཀྱི་མཁར་གྲོང་ནུས་ཤུགས་གང་ཡོད་ཀྱིས་བསྐྲུན་རྒྱུ་ཡིན། བཞི་ནི་དམངས་འཚོ་ལེགས་བཅོས་ཀྱི“དམིགས་སར”དམིགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་དང་ཕྱོགས་བསྡུས་སྨན་བཅོས། སྤུས་ལེགས་སློབ་གསོ་སོགས་ཀྱི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན། དྭ་ཕྲུག་སོགས་ལ་རོགས་སྐྱོབ་བྱེད་པའི་བྱ་བ་ཏན་ཏིག་སྤེལ་ནས“དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བའི”ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཀྲང་ཧྲི་དབྱིན་གྱིས་མདའ་བཞི་རྫོང་ནི་ཁུལ་སྲིད་གཞུང་གནས་ཡུལ་ཡིན་པའི་ངོས་ནས་གོམ་སྟབས་རྗེས་མར་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁུར་ཤུགས་ཆེ་རུ་བཏང་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་རང་རྟོགས་ངང་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱི“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ་སྙན་ཞུའི་ནང་གཏན་ལ་ཕབ་པའི“དངོས་འཛིན་དངོས་སྒྲུབ”དྲུག་ལ་དམིགས་ཏེ་མདའ་བཞིའི་དོན་དངོས་དང་ཟུང་འབྲེལ་གྱིས་སྙན་ཞུ་ཇུས་འགོད་བྱས་པའི་མཛེས་སྡུག་གི་འཆར་གཞི་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་ལག་ལེན་དངོས་ཀྱི་ལེའུ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཟེར།
མཚོ་སྔོན་པོ་ཞིང་རའི་ཏང་ཨུའི་ཧྲུའུ་ཅིའམ་ཁྲང་ཀྲང་། ཀྲིག་ཡིག་ཆོན།
ཀྲིག་ཡིག་ཆོན་གྱིས་གླེང་དོན། སྙན་ཞུའི་ནང2023ལོའི་ཁུལ་ཡོངས་ཀྱི་བྱ་བར་ཕྱོགས་སྡོམ་གཏིང་ཟབ་བྱས་ཤིང2024ལོའི་བྱ་བའི་སྤྱིའི་བླང་བྱ་དང་གཙོ་གནད་ལས་འགན་ཁ་གསལ་བཏོན་པ་དང་། ནང་དོན་གསོན་ཉམས་དོད་པ། ངོས་ཤེས་གསར་ཤོས་ཆེ་བ། གོ་དོན་གཏིང་ཟབ་ཕུགས་རིང་། ནང་དོན་ཕུན་སུམ་ཚོགས་པ། དམིགས་ཚད་གསལ་ཞིང་བྱ་ཐབས་ནུས་ལྡན་བཅས་ཡིན་པས་རང་ཁུལ་གྱི་དོན་དངོས་དང་འཚམ་ལ་ཁུལ་ཡོངས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ཟེར།
ཀྲིག་ཡིག་ཆོན་གྱིས“ད་ལོ་ཞིང་རའི་ཏང་ཨུས་ཕྱོགས་དྲུག་གི་གཙོ་གནད་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས་ཏེ། གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ། གཉིས་ནི་མཉམ་འབྲེལ་སྒོ་འབྱེད་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། གསུམ་ནི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ། བཞི་ནི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ། ལྔ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མི་རིགས་མཐུན་སྒྲིལ་སྲ་བརྟན་ལ་སྐུལ་འདེད་གཏོང་རྒྱུ། དྲུག་ནི་ཞིང་རའི“འདེབས་གསོ་དང་ལས་སྣོན་བྱེད་པའི”བསམ་ཕྱོགས་ལ་དམིགས་ཏེ་ཐོན་ལས་གསུམ་པ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་ཐོན་ལས་དང་། མཁོ་འདོན། བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་ལམ་བུའི་ཐོག་བསྐྱོད་ནས་ཞིང་རའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཀྲིག་ཡིག་ཆོན་གྱིས་གོམ་སྟབས་རྗེས་མར་མཚོ་སྔོན་པོའི་ཞིང་རའི་ཏང་ཨུ་ཡིས་ཞིང་ར་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་ལས་བཟོ་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྤྱིའི་དམིགས་ཚད་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ་གྱི”དམིགས་ཚད་ལ་དམིགས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཁྱོན་ཡོངས་སྟངས་འཛིན་བྱེད་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་གཅིག་འདོམས་མཐུན་སྦྱོར་རྒྱུན་འཁྱོངས་ཀྱིས་ཞིང་རའི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“མཚོ་བྱང་གི་འཛུགས་སྐྲུན་ལྔའི”དམིགས་ཚད་གསར་པ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་པར་ཞིང་རའི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注