མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས།


ཟླ2པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས། 

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི231ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི205ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཤ་བོ་སྐྱབས་དང་། དབྱང་ཧེ་ལུང་། སངས་འབུམ། ཧི་པིན། ཞུ་ཡུང་ཀུང་། མ་ཁྲེང་ཀོས། སུའུ་བདུན་ཅུ། ཀྲུའུ་ཁྲིན་ཆིན། མ་ཁྲང་ཧྲིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། 

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཞུ་ཡུང་ཀུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།   

ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་རྣམས་བསྡད་ཡོད།

ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་སྡེ་ཁག་གི་འགན་ཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། དེ་བཞིན་རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་གནང་། 

ཚོགས་ཆེན་ཐོག་སྔ་རྗེས་སུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་གིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ་བ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མཱ་ཝུན་ཆོན་གྱིས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ཕུལ་ལ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་མགོ་འཛིན་ཁྲིན་ཡུང་ཅེ་ཡིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཕུལ་བར་ཉན།

དབྱང་ཧེ་ལུང་གིས་སྙན་ཞུའི་ནང་བཤད་རྒྱུར། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བྱེད་མགོ་བརྩམས་པའི་ལོ་ཞིག་ཡིན། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་དོན་འཁྱོལ་གཏིང་ཟབ་སྒོས། ཏང་གིས་མགོ་ཁྲིད་བྱེད་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་འོས་འཚམས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། བརྒྱུད་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་ལག་ལེན་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་དུ་སྦྲེལ་ནས། མང་ཚོགས་ཀྱི་རེ་སྨོན་དང་བསྟུན་ཞིང་། ཁྲིམས་ལྟར་འགན་ནུས་སྒྲུབ་ཅིང་རང་འགུལ་རང་འགན་ཁུར་བ་དང་། རང་སྐྱོང་ཁུལ་གྱི་དམངས་གཙོ་ཁྲིམས་སྐྱོང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བྱ་ཆེད་དང་། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་དམངས་ཆེན་གྱི་འགན་ནུས་འདོན་སྤེལ་བྱས་ཡོད། 2024ལོའི་དམངས་ཆེན་བྱ་བ་ཡག་པོར་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་དམངས་ཆེན་བྱ་བའི་ཚོགས་འདུ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “243”གྱི་འཕེལ་རྒྱས་བཀོད་པ་དང“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལས་འགན་ལ་དམིགས་ནས། ཏང་གིས་མགོ་ཁྲིད་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་འོས་འཚམས་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་དང་། ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་ཁག་འགན་ཁུར་ཕོད་པ་བཅས་བྱས་ཏེ། སྔར་ལས་བློ་རྩ་བརྟན་ཞིང་རང་རྟོགས་ཀྱི་སྒོ་ནས་ཏང་གི་མགོ་ཁྲིད་ལ་ཤུགས་བསྣན་ཏེ་ཏང་ལ་བློ་དཀར་སེམས་དཀར་ཡིན་པའི་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱུ་ཡིན། སྔར་བས་འབད་འབུངས་ཡར་བརྩོན་གྱི་སྒོ་ནས་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ནས་ཁྲིམས་ལྟར་འགན་འཁྲི་ཁུར་པའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་འཛུགས་རྒྱུར་ཤུགས་སྣོན་རྒྱུ། འཐུས་མིའི་ཁེ་དབང་སྔར་བས་དངོས་གཉེར་དང་ནུས་ལྡན་ངང་འགན་ལེན་བྱས་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་འཐུས་མིའི་ལས་ཁུངས་འཛུགས་རྒྱུར་ཤུགས་སྣོན་རྒྱུ། སྔར་ལས་ནན་ཏན་གྱི་བླང་བྱ་ལྟར་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པའི་བྱ་བའི་ལས་ཁུངས་འཛུགས་རྒྱུར་ཤུགས་སྣོན་རྒྱུ། དམིགས་ཚད་ལས་འགན་ཇེ་བརྟན་དུ་གཏོང་བ་དང་དང་འགན་ཁུར་འཁུར་བ། དུས་རབས་གསར་པའི་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་ཆེད་དམངས་ཆེན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཟེར།

མ་ཝུན་ཆོན་གྱིས་སྙན་ཞུའི་ནང་བཤད་རྒྱུར། 2023ལོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁུལ་ཨུའི་ལྟེ་བའི་བྱ་བར་དམིགས་པ་དང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་འཛུགས་སྐྱོང་གི“གཅིག་ཅན་བཅུ”ཡི་བྱ་བའི་བླང་བྱར་དམིགས་ཏེ་ཁྲིམས་འཛིན་དྲང་གཞག་དང་དངོས་སྒྲུབ་གཙོ་གནད་དུ་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལེའུ་གསར་པ་རྩོམ་ཆེད་ནུས་ལྡན་གྱི་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་མཁོ་འདོན་བྱས་ཡོད། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་བསྡོམས་གྱོད་གཞི8762བདག་སྤྲོད་བྱས་པ་དང་གྱོད་གཞི8553ཞིབ་བཤེར་བྱས་ནས་མཇུག་སྒྲིལ་ཡོད་པས་བྱ་བ་སོ་སོར་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད། 2024ལོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ། “མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལ་དམིགས་པ། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་ལེན་བྱས་ཏེ། འདྲི་གཅོད་གཞུང་ལུགས་རྒྱུན་མཐུད་ངང་གསར་བརྗེ་བྱེད་པ་དང་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་བདེ་འཇགས་མཚོ་བྱང་དང་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་བྱ་ཆེད་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན་ཟེར།

ཁྲིན་ཡོང་ཅེ་ཡིས་སྙན་ཞུའི་ནང་བཤད་རྒྱུར། 2023ལོར། མཚོ་བྱང་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས། སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བ་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ། ཉེས་གསོག་ལ་མཐའ་གཅིག་ཏུ་རྡུང་རྡེག་ཚ་ནན་བཏང་བ་དང་། བཅའ་ཁྲིམས་ལྟ་སྐུལ་ཏན་ཏིག་ནུས་ལྡན་བྱས་ཤིང་། སྲུང་སྐྱོང་སྤྱི་ཕན་བྱ་བ་རང་འགུལ་ངང་དོན་ལྡན་སྤེལ་བས། གྱོད་སྒྲུབ་ཁ་གྲངས་དང་སྤུས་ཚད། ནུས་ཕྱོད། ཕན་འབྲས་བཅས་བརྟན་པོའི་ངང་ནས་མཐོར་འདེགས་བྱུང་བ་དང་། ཞིབ་དཔྱོད་བྱ་བ་སོ་སོར་ཡར་ཐོན་དང་འཕེལ་རྒྱས་གསར་བ་བྱུང་ཡོད། 2024ལོར། ཁུལ་ཡོངས་ཀྱི་ཞིབ་དཔྱོད་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་པ་དང་། ཏང་གི་མགོ་ཁྲིད་གཙང་བཙན་བྱ་རྒྱུའི་བླ་སྲོག་ལྟ་བུ་འདི་སྟངས་འཛིན་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་གཞིར་འཛིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་སྟངས་འཛིན་ནན་མོ་བྱེད་པ་བཅས་ཀྱི་སྒོ་ནས་ཞིབ་དཔྱོད་ཀྱི་འགན་ནུས་ཁྲིམས་ལྟར་ལྷག་བསམ་རྣམ་དག་ངང་བསྒྲུབ་པ་དང་། ཞིབ་དཔྱོད་བྱ་བ་མཉམ་འདྲེས་བྱེད་ཚད་དང་བྱས་རྗེས་འཇོག་ཚད་མཐོ་རུ་ཧུར་ཐག་བཏང་སྟེ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བཅས་བྱས་ཏེ། དྲང་གཞག་དྲང་བདེན་ཡོང་བར་སྲུང་སྐྱོང་བྱེད་པའི་ཞིབ་དཔྱོད་ཀྱི་རྒྱུགས་ལན་བཟང་པོ་དབུལ་བ་དང་། ཞིབ་དཔྱོད་བྱ་བ་སྔར་ལས་དམ་ཟབ་སྒོ་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་སེམས་གཏད་ཕྱོགས་སུ་སྦྲེལ་མཐུད་བྱ་རྒྱུ་ཡིན་ཟེར།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号