མཚོ་བྱང་ཁུལ་གྱི་མགོ་ཁྲིད་རྣམས་ཀྱིས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་མཁན་གྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་།


མཚོ་བྱང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་ལ་ཉེ་བའི་སྐབས་ཏེ།  ཟླ1པོའི་ཚེས29ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་སོགས་ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོས་ཚོགས་ཆེན་ལ་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་ཞིང་། ཁོ་ཚོས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་ལ། ཚང་མས་ཚོགས་འདུ་ཡག་པོ་འཚོག་པ་དང་སྲིད་ཞུགས་སྲིད་གླེང་ཡག་པོ་བྱེད་པ། ཐབས་འདོན་ཇུས་འབུལ་དང་ཨུ་ཡོན་གྱི་ལས་འགན་ཡག་པོར་སྒྲུབ་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཐུན་མོང་ཐོག་འབད་བརྩོན་ཧུར་ཐག་བྱེད་པར་སྐུལ་ལྕག་གནང་བར་མ་ཟད་གནམ་ལོ་གསར་ཚེས་ལ་དུས་ཆེན་གྱི་སྨོན་འདུན་ཞུས།    

ཀྲང་ཧྲིང་ཡོན་གྱིས་འདས་ཟིན་པའི་ལོ་གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་དང་ལོ་གསུམ་གྱི་རིམས་ནད་འགོག་སྡོམ་དུས་མཚམས་བསྒྱུར་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཀྱི་ལོ་ཞིག་ཡིན་ལ་མཚོ་བྱང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ལོ་གལ་ཆེན་ཞིག་ཀྱང་ཡིན།  ལོ་གཅིག་རིང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་མུ་མཐུད་འབད་བརྩོན་གྱིས་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་བཏང་བ། དཔལ་འབྱོར་འཕེལ་རྒྱས་བརྟན་བརླིང་ངང་འཕར་བ། དམངས་འཚོའི་བྱ་གཞག་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ། སྤྱི་ཚོགས་བཅོས་སྐྱོང་སྔར་བས་ཚད་ལྡན་དུ་འགྱུར་བ་བཅས་ཀྱི་ཐོག་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པས་དེའི་ནང་སྲིད་གྲོས་ཨུ་ཡོན་ཚོས་འབད་འབུངས་དང་ཧུར་བརྩོན་བསྡུས་ཡོད་པ་བསྟན།


ཀྲང་ཧྲིང་ཡོན་གྱིས2024ལོ་ནི“ལྔ་བཅུ་བཞིའི”འཆར་འགོད་དམིགས་ཚད་ཀྱི་ལས་འགན་འགག་སྒྲོལ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པར་མགྱོགས་སུ་གཏོང་བའི་ལོ་ཡིན་པས། ད་ལོའི་བྱ་བའི་ལས་འགན་ཡག་པོར་སྒྲུབ་རྒྱུ་དཀའ་ཚེགས་ཆེ་ལ་འགན་འཁྲི་ལྕི། ཁུལ་གྱི“ཚོགས་ཆེན་གཉིས”འཚོག་ལ་ཉེ་བས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འགན་འཁྲིའི་བསམ་པ་ཆེན་པོ་བཅངས་ནས་འགན་འཁྲི་ནན་ཏན་འཁུར་བ་དང་། ཚོགས་ཆེན་གྱི་བླང་བྱ་ནན་ཏན་ངང་གཞིར་བཟུང་སྟེ་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་སོ་སོ་གྲོས་བསྡུར་དང་གྲོས་ཞིབ་ཡག་པོ་བྱེད་པ།  ཨུ་ཡོན་གྱིས་འབྲེལ་གཏུག་བྱེད་པའི་རྒྱ་ཁྱབ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་གྱི་འབོད་སྒྲ་དངོས་གོང་ཞུ་དང་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཆབ་སྲིད་གྲོས་མོལ་དང་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། དེ་དང་ཆབས་ཅིག   ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང་མཚོ་བྱང་གི“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ་ཁུལ་ཨུའི་བྱ་བ་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་གཙོ་གནད་སྒྱུར་བཅོས་དོན་འཁྱོལ་བྱེད་པ།  སྲིད་ཇུས་གལ་ཆེན་ལག་བསྟར་བྱེད་པ་སོགས་ཀྱི་ཐད་ཐབས་ཇུས་མང་པོ་འདོན་པ་དང་ཐབས་ཇུས་མང་པོ་བཏོན་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

海北祁连山藏文报

,赞

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号