ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོགས།

འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གསར་པ་རྩོམ་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་དབུལ་དགོས།

མཚོ་བྱང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོགས།

ཀྲང་ཧྲིང་ཡོན་དང་དབྱང་ཧེ་ལུང་གདན་ཞུས་ལྟར་ཚོགས་འདུར་ཞུགས། པད་རྒྱལ་བཀྲ་ཤིས་ཀྱིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་ཕུལ། ཁྲང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།


ཟླ1པོའི་ཚེས30ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས།

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན226ཡོད་པ་དང་དངོས་སུ་ཞུགས་མཁན190ཡོད་པས་གཏན་འབེབས་མི་གྲངས་དང་མཐུན།

ཆུ་ཚོད10:30སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས།

ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ལག་བསྟར་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་དང་ཁྲང་ལིན། པོ་ཀྲེང་ཆིན། ཝུའུ་ཧྲུའུ་རུང་། ལུང་དབྱང་ཧྲེང་། དབྱང་ཏེ། ཞོ་རོས་ཞིན། ལིས་ཧུང་པོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཁྲང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་། ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་གི་མགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བསྡད་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

པད་རྒྱལ་བཀྲ་ཤིས་ཀྱིས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། སྙན་ཞུའི་ཁྲོད་བསྟན་དོན། 2023ལོར། ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་ཞིང་། ཁྱོན་ཡོངས་ནས་ནུས་ཤུགས་འདོན་པར་དོ་སྣང་དང་སྤུས་འདེགས་འབབ་འཕར་ལ་དམིགས་ནས་འགན་ནུས་ལག་བསྟར་གང་ལེགས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་སྟོབས་ཤུགས་ཕུལ་ཡོད། སྙན་ཞུའི་ནང་བརྗོད་དོན་སློབ་གསོར་དམིགས་པ་དང་། བསམ་བློའི་རྨང་གཞི་བརྟན་དུ་བཏང་བས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་སྔར་བས་ནུས་ལྡན་བྱུང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་བཏང་ཞིང་། ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམིགས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་དངོས་དོན་བདེན་གཉེར་དུ་གྱུར་བ། འགན་འཁྲིའི་ངེས་གནས་ལ་དམ་པོར་དམིགས་པ་དང་། གཞུང་དྲང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། འགན་ནུས་ལག་བསྟར་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་སྔར་བས་རང་རྟོག་བྱས་པ། མཉམ་འབྲེལ་ཆེན་པོའི་དགེ་མཚན་འདོན་སྤེལ་བྱས་ཏེ། ངོས་འཛིན་གཅིག་མཐུན་དང་མཐུན་སྒྲིལ་མཉམ་ལས་ཐད་སྔར་ལས་ཕན་ནུས་ལྡན་པར་བྱས་པ། ལམ་ལུགས་དང་དོ་དམ་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་ལེགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཐད་སྔར་བས་དོ་སྣང་བྱས་པ་སོགས་ཕྱོགས་ལྔའི་ཐད་ནས་འདས་པའི་ལོ་གཅིག་གི་བྱ་བ་གཙོ་བོར་ཕྱིར་དྲན་བྱས།

སྙན་ཞུ་ལས་ནན་གྱིས་བསྟན་དོན། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཞིག་ཡིན་ལ། “ལྔ་བཅུ་བཞིའི”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། ད་ལོའི་བྱ་བ་ཡག་པོ་སྒྲུབ་པར་དོན་སྙིང་གཏིང་ཟབ་ཅིང་འགན་འཁྲི་ཧ་ཅང་ཆེན་པོ་ལྡན། ལོ་འདིའི་ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ལྔ་པའི་དགོངས་དོན་ལ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་བཅུ་གསུམ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཁུལ་ཨུའི་བརྟན་བརླིང་གི་མགོ་ཁྲིད་འོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་དམ་འཛིན་བྱས་ཏེ། གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་དང་། སྲིད་གྲོས་དེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འགན་འཁྲི་སྒྲུབ་པའི་བྱ་སྤྱོད་ཆེན་པོ་བཅུ”ནང་ཞུགས་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་ཡག་པོ་བྱས་ཏེ“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་བྱ་བ་ཡག་པོ་བསྒྲུབ་ཆེད། སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པ་དེ་ཡིན།གཅིག་ནས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་བསྣན་ཏེ། སེམས་ཤུགས་གཅིག་སྒྲིལ་ཐད་ཤུགས་སྣོན་གསར་པ་རྒྱག་དགོས། བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་སྣེ་ཁྲིད་དུ་བྱེད་པའི་སློབ་སྦྱོང་ལམ་ལུགས་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་སེམས་ཤུགས་གཅིག་སྒྲིལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཁུལ་ཡོངས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ་དང་། ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཨུའི་གོམ་སྟབས་དང་བསྟུན་ནས་སྲིད་གྲོས་ཀྱི་བྱ་བ་དེ་ཁུལ་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་མཉམ་གཅིག་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐད་ཕན་འབྲས་ཐོན་པར་བརྩོན་ལེན་བྱེད་དགོས། འགན་འཁྲི་དང་ལས་འགན་གཏན་འཁེལ་དང་། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་བྱེད་ཐབས་གསར་པ་ཡོད་དགོས། གོམ་གང་མདུན་སྤོས་ཀྱིས་བསམ་བློ་བཅིངས་འགྲོལ་དང་ཧུར་བརྩོན་གྱིས་ལག་ལེན་བྱེད་པ། ཧུར་ཐག་གིས་དམངས་གཙོ་གྲོས་མོལ་འཛུགས་སྐྲུན་གྱི་ཕན་ཡོད་ཐབས་ལམ་འཚོལ་ཞིབ་བྱེད་དགོས། གྲོས་མོལ་གྱི་གོ་རིམ་ཇུས་འགོད་དང་། ལས་སྟེགས་སྐྲུན་པ། གྲུབ་འབྲས་དོན་འཁྱོལ་སོགས་ཀྱི་ལྷུ་ཚིགས་ལ་དམིགས་ནས་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བ། ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་བྱ་བར་དམ་འཛིན་ནན་མོ་བྱས་ཏེ། འགན་འཁྲི་སྒྲུབ་པའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་། འགན་འཁྲི་སྒྲུབ་སྟངས་གསར་གཏོད། གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་བཅས་བྱས་ཏེ། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་ཐད་འགག་སྒྲོལ་གསར་པ་བརྩོན་ལེན་བྱེད་དགོས། མཐུན་སྒྲིལ་དང་དམངས་གཙོ་འབུར་དུ་ཐོན་པར་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱེད་པ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་པའི་བྱེད་སྒོའི་ནང་འདྲེས་པར་བྱས་ཏེ། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་ཕྱོགས་གཉིས་ལ་ཤུགས་རྒྱག་པའི་བྱ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། སྲིད་གྲོས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བར་རྒྱུན་མཐུད་ངང་ལེགས་པར་བསྒྲུབས་ཏེ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ75འཁོར་བ་གོ་སྐབས་སུ་འཛིན་པ་དང་། དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་སྟངས་གསར་གཏོད་དང་། སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དུས་རབས་གསར་པའི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་གཏམ་རྒྱུད་ཡག་པོར་བཤད་པ། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མངོན་པ། སྲིད་གྲོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྨང་གཞི་བརྟན་དུ་གཏོང་བ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་པར་དོ་སྣང་བྱས་ཏེ། རང་ངོས་འཛུགས་སྐྱོང་ཟབ་སྤེལ་བྱེད་པའི་ཐད་གྲུབ་འབྲས་གསར་པ་ལེན་དགོས། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཁྲིད་ཕྱོགས་སུ་བཟུང་ནས་རྩ་བ་བརྟན་པོར་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི“དཔུང་ཁག་གཉིས”འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་རྒྱུན་མཐུད་སྟོབས་ཤུགས་འདོན་པ་དང་། ཞན་ཆ་གསབ་པ། ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

ཝུའུ་ཧྲུའུ་རུང་གིས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་ཚོགས་ཆེན་ཐོག་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ་ལ། འདས་པའི་ལོ་གཅིག་གི་རིང་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་ནན་སྒྲུབ་དང་གྲོས་གཞི་ཧུར་ཐག་བཏོན་ཏེ། ཁྱོན་བསྡོམས་གྲོས་གཞི71ཕུལ་བ་དང་། ཁུལ་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི32ཞིབ་བཤེར་བྱས་ནས་ཐོ་འགོད་བྱས་ཤིང་། གྲོས་གཞི28ལ་བསམ་འཆར་བཏོན་ཞིང་། འགྲུབ་ཚད་དང་བློ་ཡིད་ཚིམ་ཚད100%ཟིན་ཡོད། གྲོས་གཞིའི་བྱ་བའི་སྤྱིའི་སྤུས་ཚད་དང་ཕན་ནུས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་པར་བསྟན།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་པ་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号