ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་ཁུར་བས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་ནས་གསར་འགོད་པར་ལན་བཏབ།
ཟླ1པོའི་ཚེས29ཉིན། མཚོ་བྱང་ཁུལ་སྲིད་གྲོས་ཀྱིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་བྱ་བའི་གནས་ཚུལ་ཁྱབ་བརྡ་གཏོང་བའི་ཚོགས་འདུ་འཚོགས་རྗེས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཧྲུའུ་རུང་གིས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྲོས་གཞི་བསྒྲུབས་པའི་གནས་ཚུལ་སྐོར་ལ་མདོ་ལ་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་།
གསར་འགོད་པ། ཁྱེད་ཀྱིས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྲོས་གཞི་བསྒྲུབས་པའི་སྤྱི་ཡོངས་གནས་ཚུལ་སྐོར་རགས་ཙམ་གླེང་རོགས།
ཝུའུ་ཧྲུའུ་རུང་། 2023ལོར་ཁུལ་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གྲོས་གཞིའི་བྱ་བ་དེ་བརྒྱུད་རིམ་ཧྲིལ་པོའི་ནང་མི་དམངས་དམངས་གཙོ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ལག་བསྟར་བྱེད་པའི་ཆབ་སྲིད་འགན་འཁྲི་ཞིག་ཏུ་བརྩིས་ནས་སྤུས་ཚད་མཐོན་པོས་གྲོས་གཞིའི་བྱ་བ་ལེགས་སྒྲུབ་བྱས། ལོ་མཇུག་ཏུ་ཕྱོགས་གཉིས་ཀྱི་དམངས་གཙོའི་དཔྱད་གླེང་བྱེད་སྐབས་སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞི་སྒྲུབ་པའི་བྱ་བར་བློ་ཡིད་ཚིམ་ཚད་དང་འགན་སྒྲུབ་ལས་ཁུངས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞིའི་སྤུས་ཚད་ལ་བློ་ཡིད་ཚིམ་ཚད96%ཡན་ཟིན་པ་དེའི་ཐོག་ནས་གྲོས་གཞིའི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་གསལ་བཤད་བྱས་ཡོད་ཟེར།
གསར་འགོད་པ། ཁྱེད་ཀྱིས་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་བྱ་བའི་ཁྱད་ཆོས་སྐོར་གླེང་རོགས།
ཝུའུ་ཧྲུའུ་རུང་། ཕྱོགས་བསྡུས་བྱས་ན་མངོན་གསལ་དོད་པའི་ཁྱད་ཆོས་གསུམ་ཡོད་དེ། གཅིག་ནི་གྲོས་གཞིའི་བྱ་བར་མཐོ་ཚད་ལྡན་ཡོད། གྲོས་གཞིའི་ནང་དོན་ནས་བལྟས་ན། 40%ཡན་གྱི་གྲོས་གཞི་དེ་ཁུལ་ཨུའི“243”འཕེལ་རྒྱས་ཀྱི་བཀོད་པ་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་འཐབ་ཇུས་བླང་བྱར་དམ་པོར་དམིགས་པ་དང་མཚོ་བྱང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་། སྙིང་སྟོབས་ཀྱི་བཙན་ས་གཏོད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་པ་སོགས་ཀྱི་དོན་ཆེན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཡོད་པས། སྲིད་གྲོས་ཨུ་ཡོན་གྱི་ཚུགས་གནས་མཐོ་བ་དང་ལྟེ་བར་དམིགས་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་གསལ་བཤད་བྱས་ཡོད། གཉིས་ནི་གྲོས་གཞིའི་བྱ་བར་དྲོད་སྣང་ལྡན། གྲོས་གཞིའི་ནང་དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་དོན་དག་མང་པོ་ཞིག་ཡོད་པ་དེ་དག་གིས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བཏབ་ཡོད། དཔེར་ན། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་གླུ་དབྱངས་དང་ལུས་རྩལ། རི་མོ་སོགས་ཀྱི་དགེ་རྒན་བཀོད་སྒྲིག་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་སྲིད་ཇུས་འཐུས་ཚང་། གཞིས་ཁུལ་གྱི་དྲོད་རླངས་མཁོ་འདོན་སྒྲིག་བཀོད་དང་ཞབས་ཞུ་འགན་སྲུང་གི་སྒྲིག་བཀོད་ཆ་ཚང་། དེ་བཞིན་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དམངས་འཚོའི་དོན་དངོས་ཀྱི་གྲོས་གཞི་ཁ་ཤས་ཐོག་ནས། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དང་སྲིད་གྲོས་ཨུ་ཡོན་གྱིས་མང་ཚོགས་དང་ཉེ་བཅར་པ། འཚོ་བ་དང་ཉེ་བར་བཅར་པའི་ངོ་བོ་དང་ཐོག་མའི་བསམ་འདུན་གང་ལེགས་སྒོས་མཚོན་ཡོད། གསུམ་ནི་གྲོས་གཞིའི་བྱ་བའི་སྒྲུབ་ཤུགས་ཆེ་རུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོར་ཕན་འབྲས་མཐོ་བའི་གྲོས་གཞི་སྒྲུབ་པའི་ལམ་སྲོལ་ཆ་ཚང་ཞིག་ཆགས་ཡོད། ཐོག་མར་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་གཙོ་བོས་གཙོ་གནད་གྲོས་གཞི་སྣེ་ཁྲིད་དང་སྒྲུབ་སྐུལ་ཧུར་ཐག་བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། བར་དུ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་དང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོས་གྲོས་གཞི་སྣེ་ཁྲིད་དང་སྒྲུབ་གཉེར་འཁུར་པ་དང་། གྲོས་གཞི་སྒྲུབ་གཉེར་བྱ་རྒྱུ་དེ་སྲིད་གཞུང་གི་ལོ་འཁོར་མོའི་གཙོ་གནད་ལས་འགན་དང་དམངས་ཆེད་དོན་དངོས་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ། གཅིག་གྱུར་གྱིས་བཀོད་སྒྲིག་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ཡོད། མཐའ་མར་ཁུལ་སྲིད་གྲོས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོ་ཏན་ཏིག་གིས་འཁུར་བ་དང་། གྲོས་གཞིའི་བྱ་བའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། གྲོས་གཞི་འདོན་པ་ནས་གྱོད་དོན་ཐོ་འགོད་བྱས་པ། དེ་ནས་བསྒྲུབ་རྒྱུར་སྤྲོད་པ་དང་སྒྲུབ་པར་ལྟ་སྐུལ་བྱེད་པ་སོགས་ཀྱི་གོ་རིམ་ཚང་མར་རྩིས་ཁྲའི་རྣམ་པའི་དོ་དམ་དང་རྩིས་ཁྲ་རྣམ་པའི་སྐུལ་འདེད་ལག་བསྟར་བྱས་ཤིང་། གཅིག་གྱུར་མཐུན་སྦྱོར་དང་འབྲེལ་མཐུད་ཞབས་ཞུ། རྗེས་སྙེག་ལྟ་སྐུལ་སོགས་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་བྱས་པས། སྤྱིའི་ཆ་ནས་གྲོས་གཞིའི་བྱ་བ་དུས་བཀག་ལྟར་དང་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་གྲུབ་བྱུང་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注